དེ་ཡང་ལོ་ངོ་གསུམ་གྱི་རིང་དུ་ཀྲེ་ཅང་ཞིང་ཆེན་གྱི་སི་ཁྲོན་རྔ་ཁུལ་གྱི་བཅའ་སྡོད་དབུལ་སྐྱོར་མཐུན་སྦྱོར་རོགས་སྐྱོར་ལས་དོན་ཚོ་ཆུང་གིས་གཙོ་གནད་ལ་དམིགས་ནས་རྔ་བ་ཁུལ་གྱི་དབུལ་བྲལ་གནད་སྒྲོལ་གྱི་ལས་དོན་ཁག་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་བཏང་།
ཉེ་བའི་ལོ་ཤས་རིང་མང་ཚོགས་དབུལ་པོར་དབུལ་བྲལ་རོགས་རམ་བྱེད་པ་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ནས་ངལ་ནུས་མཉམ་ལས་ཟབ་སྦྱོང་འཛིན་གྲྭ་ཐེངས་146གཉེར་བ་དང་མི་འབོར་དབུལ་པོ་19561ལ་ཟབ་སྦྱོང་བྱས་པ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ནས་ངལ་ནུས་གདན་ཞུའི་བྱེད་སྒོ་སྣ་ཚོགས་སྤེལ་ནས་མང་ཚོགས་དབུལ་པོ་ཞིང་ཆེན་ནང་ཁུལ་དང་ཐག་ཉེ་སའམ་ཡང་ན་ཞིང་ཆེན་ཕྱི་རོལ་དུ་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་པ་དང་། མང་ཚོགས་དབུལ་པོ་516ཀྲེ་ཅང་དུ་ལས་ཞུགས་བཀོད་སྒྲིག་བྱས་པ།ཁྱིམ་ཚང་དབུལ་པོའི་སློབ་མ་356ཀྲེ་ཅང་ལས་རིགས་སློབ་གླིང་དུ་སློབ་སྦྱོང་བྱེད་དུ་མངགས། ཀྲེ་ཅང་ཞིང་ཆེན་གྱི་སི་ཁྲོན་རྔ་ཁུལ་གྱི་བཅའ་སྡོད་དབུལ་སྐྱོར་མཐུན་སྦྱོར་རོགས་སྐྱོར་ལས་དོན་ཚོ་ཆུང་གིས་གནད་ཁེལ་ཇུས་འདོན་བྱས་ནས་ལས་ཞུགས་བསྡུ་ལེན་གྱི་ནུས་པ་ཆེ་རུ་བཏང་བ་རེད།
ལོ་གསུམ་གྱི་རིང་དུ་དབུལ་སྐྱོར་འཁོར་ཁང་162བསྐྲུན་པ་དང་། དབུལ་སྐྱོར་འཁོར་ཁང་བསྐྲུན་པར་བརྒྱུད་མི་5210བསྡུས། དེའི་ནང་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་མང་ཚོགས་དབུལ་པོ་33034ཡོད་པ་དང་། ཐོན་རྫས་ལས་སྣོན་འཕེལ་རྒྱས་གཏོང་བར་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་ཐོན་ལས་མ་དངུལ་སྒོར་ཁྲི་420བཏང་བ་དང་དབུལ་སྐྱོར་འཁོར་ཁང་གི་སྤྱི་ཁྱབ་པུའུ་འཛུགས་སྐྱོང་དང་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི་580བཏང་ནས་དབུལ་པོ་1000ལྷག་ཙམ་དང་དབང་པོ་སྐྱོན་ཅན་གྱི་མ་མཐའི་འཚོ་བ་འགན་ལེན་ཁྱིམ་ཚང་དག་རང་ཡུལ་དུ་ལས་ཞུགས་ཐུབ་པར་སྒྲིག་འཛུགས་དང་ཁྲིད་སྟོན་བྱས་པ་རེད།
2018ལོར་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་དུ་བཅའ་སྡོད་ཀྱི་ཀྲེ་ཅང་ཞིང་ཆེན་དབུལ་སྐྱོར་མཉམ་སྒྲུབ་རོགས་སྐྱོར་ལས་དོན་ཚོ་ཆུང་གི་འབྲེལ་མཐུད་འོག ཀྲེ་ཅང་པའོ་དབྱི་ཚོགས་པ་དང་སོ་ཆའོ་གྲོང་སྡེའི་བར་ལ་མཉམ་ལས་བཞག་ནས། སོ་ཆའོ་གྲོང་སྡེར་དབུལ་སྐྱོར་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་སྤེལ་གཏིང་ཟབ་བཏང་བ་དང་། སོ་ཆའོ་གྲོང་སྡེར་ཀྲེ་ཅང་ཞིང་ཆེན་གྱིས་རོགས་སྐྲུན་མ་དངུལ་སྒོར་ཁྲི་878དང་། ཀྲེ་ཅང་པའོ་དབྱི་ཚོགས་པས་མ་དངུལ་སྒོར་ཁྲི་2000ཞལ་འདེབས་ཕུལ་བ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། ཀྲེ་ཅང་དང་རྔ་ཁུལ་གཉིས་ཀྱིས་ལག་གདང་སྦྲེལ་ནས་འབད་འབུངས་བྱེད་པའི་རྒྱབ་ལྗོངས་ཆེན་པོའི་འོག རང་ཁུལ་གྱིས་གནས་གཏན་འཁེལ་གྱི་བྲིན་ཚོང་དང་། ཁེ་ལས་ཀྱི་ཉོ་སྒྲུབ། སྟེགས་བུ་ཉོ་སྒྲུབ་སོགས་སྲོལ་རྒྱུན་གྱི་ཐད་ཚོང་རྣམ་པའི་རྨང་གཞིའི་ཐོག་ཏུ་ས་གནས་ཀྱི་དྲྭ་ཐོག་ཚོང་དོན་སྐྱེད་སྲིང་དང་། དྲྭ་རྒྱའི་ལས་སྟེགས་གཏོད་པ། ཐད་གཏོང་ཟོག་འདྲེན་བཅས་བྱས་ཤིང་། ལས་སྟེགས་གཅིག་གྱུར་དང་།ཚོང་རྟགས་གྲགས་ཅན་གཅིག་གྱུར།
ཐབས་ལམ་གཅིག་གྱུར་བཅས་ཀྱི་རྩ་དོན་ལྟར། དབུལ་སྐྱོར་ཐོན་རྫས་425གཏན་འཁེལ་བྱས་པ་དང་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་24.3ཟིན་ལ། དག་ཞིང་གི་རྔ་བའི་སྤུས་རྟགས་ཞིང་ལས་ཐོན་རྫས་ཀྲེ་ཅང་དུ་སྐྱོད་པའི་བྱེད་སྒོ་སྤེལ་བ་དང་། ཞིང་ལས་ཐོན་རྫས་འོས་སྦྱོར་ཚོགས་འདུ་འཚོགས་ནས་དག་ཞིང་གི་རྔ་བའི་ཐོན་རྫས་དང་ཀྲེ་ཅང་གི་ཉོ་སྒྲུབ་ཚོང་པའི་དབར་རྒྱུན་གཏན་གྱི་ཉོ་ཚོང་ལམ་སྲོལ་ཆགས། རྔ་ཁུལ་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་བྲིན་ཚོང་རིན་ཐང་སྒོར་དུང་ཕྱུར་4ལས་བརྒལ་བ། བྲིན་ཚོང་ལ་དབུལ་སྐྱོར་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་6.89གཏན་འཁེལ་བྱས་པ། མི་འབོར་དབུལ་པོ་26990ལ་སྐུལ་ཁྲིད་བྱས་པ་བཅས་རེད་དོ།།