ཙི་ཀུང་གྲོང་ཁྱེར་གྱི་ཧྥུ་ཧྲུན་རྫོང་གི་ཀོན་ཧྲན་རི་ལྡེབས་ནས་བསེ་རུའི་རྐང་རྗེས་དང་འདྲ་བའི་རྗེས་ཤུལ་19གསར་རྙེད་བྱུང་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-30


ཙི་ཀུང་གྲོང་ཁྱེར་གྱི་ཧྥུ་ཧྲུན་རྫོང་གི་ཀོན་ཧྲན་རི་ལྡེབས་ནས་རྙེད་པའི་བསེ་རུའི་རྐང་རྗེས་དང་འདྲ་བའི་རྗེས་ཤུལ

           2009ལོ་ནས་བཟུང་། ཙི་ཀུང་གྲོང་ཁྱེར་གྱི་ཧྥུ་ཧྲུན་རྫོང་གི་ཀོན་ཧྲན་རི་ལྡེབས་ནས་བསེ་རུའི་རྐང་རྗེས་དང་འདྲ་བའི་རྗེས་ཤུལ་19གསར་རྙེད་བྱུང་ཡོད་ལ། ཅི་ཀུང་གཏུམ་འབྲུག་དངོས་མང་བཤམས་སྟོན་ཁང་གི་ཞིབ་འཇུག་པ་ཕིང་ཀོང་ཀྲའོ་དང་། ཡེ་ཡུང་། དེ་བཞིན་ཀྲུང་གོ་ས་རྒྱུས་སློབ་ཆེན་གྱི་འབུམ་རམས་པ་ཞིན་ལི་ཏ་དང་། སུའུ་ཙེར་གྱི་བྷར་སའེ་རང་བྱུང་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་གི་སློབ་དཔོན་ཆེན་མོ་དྷན་ནེ་ཨོ་མར་ཐྲིས་(Daniel Marty)སོགས་ཀྱི་ཆེད་མཁས་པ་མང་པོས་ཐེངས་འདིའི་གསར་རྙེད་བྱུང་བའི་རྗེས་ཤུལ་དེར་རྟོག་དཔྱད་ཞིབ་འཇུག་བྱེད་བཞིན་ཡོད།

            ཆེད་མཁས་པའི་རྟོག་ཞིབ་ལྟར་ན། ཕྲ་ལ་རིང་བའི་འཇོང་དབྱིབས་ཀྱི་རྐང་རྗེས་འདི་དག་ནི་མེ་གླིང་བྱང་མ་དང་ཡོ་རོབ་གླིང་གི་རྩིངས་པའི་རྐང་རྗེས་(Eosauropus)དང་ཧ་ཅང་འདྲ་བས། དེ་ནི་ལོ་ངོ་དུང་ཕྱུར་2སྔོན་གྱི་སྤྱིར་རྐང་པ་གཉིས་ལ་བརྟེན་ནས་འགྲོ་བའམ། ཡང་ན་མཚམས་རེར་རྐང་པ་གཉིས་ལ་བརྟེན་ནས་འགྲོ་བའི་རྩིངས་པའི་རིགས་ཀྱི་གཏུམ་འབྲུག་གི་རྗེས་ཤུལ་ཞིག་ཡིན་ངེས་པ་ལས། དེ་ནི་བསེ་རུའི་རྐང་རྗེས་མིན་པར་བཤད། འདི་ནི་རང་རྒྱལ་དུ་གསར་རྙེད་བྱུང་བའི་ཆེས་སྔ་བའི་རྩིངས་པའི་རིགས་ཀྱི་གཏུམ་འབྲུག་གི་རྗེས་ཤུལ་དེ་ཡིན་ལ། མིག་སྔར་ཞིབ་འཇུག་གི་འབྲས་བུ་འདི་ཉིད་རྒྱལ་སྤྱིའི་རང་བཞིན་གྱི་རིག་གཞུང་དུས་དེབ་《ཕོ་ལན་གྱི་གནའ་བོའི་སྐྱེ་དངོས་རིག་པའི་ཚགས་པར།》འདོན་ཐེངས་ཆེས་གསར་པ་དེའི་ཐོག་བཀོད་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1