ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མའོ་ཞི་ཁོ་བྱང་ཕྱོགས་ཀྱི་སོ་ནོའུ་ལཱ་མངའ་སྡེའི་ཞིབ་དཔྱོད་ཕྱོགས་ཀྱིས་ཚེས་ཉེར་བདུན་ཉིན་སྤྱི་སྒྲོག་སྤེལ་ཏེ། མངའ་སྡེ་དེར་གནམ་གྲུ་ཆུང་བ་ཞིག་སར་ལྷུང་བའི་དོན་རྐྱེན་བྱུང་སྟེ། མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ཕོག་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། ཉིན་དེར་སེ་སི་ནཱ་རྟགས་ཅན་གྱི་གནམ་གྲུ་ཆུང་བ་ཞིག་མངའ་སྡེ་དེའི་ཅི་ནོའུ་གྲུ་ཁའི་དམངས་བཀོལ་གནམ་གྲུ་ཐང་ནས་འཕུར་ཏེ་ཅང་མ་འགོར་བར་རྒྱུག་ལམ་ཉེ་འདབས་ཀྱི་སྤྱི་ལེ་གཅིག་གི་མཚམས་སུ་སར་ལྷུང་སྟེ། མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གཉིས་སྨན་ཁང་དུ་བསྐྱལ་རྗེས་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར། གཞན་མི་གཅིག་ལ་རྨས་ཕོག་ཟེར། ས་དེའི་ཞིབ་དཔྱོད་ཕྱོགས་ཀྱིས་འདས་པོའི་ཐོབ་ཐང་ལ་ངོས་འཛིན་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་གནམ་གྲུ་སར་ལྷུང་བའི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད།
ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། གནམ་གྲུ་དེ་ཨ་མེ་རི་ཁའི་ཡཱ་ལེ་སིང་ནཱ་མངའ་སྡེ་ཡི་ཐུའུ་སིན་གྲོང་ཁྱེར་དུ་འཕུར་རྩིས་ཡོད་པ་དང་། འདས་པོའི་གྲས་སུ་མངའ་སྡེ་དེའི་དཔལ་འབྱོར་སྡེ་ཁག་གི་དཔོན་པོ་ཞིག་འདུས་ཟེར། །