ཏང་སྲིད་ཉི་མའི་གཟི་བྱིན།

སྟག་རིག་འབྲུག་ཐར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-31


ཏང་སྲིད་གཟི་བྱིན་འབར་བའི་མཐུས། །

རིགས་མང་འཚོ་བའི་སྦྲང་རྩི་མངར། །

མཐུན་སྒྲིལ་འོ་མཚོ་སྣོད་དུ་འཁྱིལ། །

རིག་གནས་མེ་ཏོག་རྣམ་པར་བཞད། །

ཆབ་སྲིད་ལྷུན་པོའི་རྩ་བ་བརྟན། །

དཔལ་འབྱོར་ཆུ་གཏེར་ཀློང་ཡངས་རྒྱས། །

ཁྲིམས་སྲོལ་ཚངས་པའི་ཐིག་རིས་དྲང་། །

གཞན་བདེ་ངལ་བརྒྱའི་ཁུར་ཆེན་འདེགས། །

དགེ་ལེགས་དོན་བཟང་ཟླ་གཞོན་བཀྲ། །

རྒྱལ་ཁབ་ཆུ་བུར་སྤྱན་ལྟར་གཅེས། །

ཏང་གི་བཀའ་དྲིན་སྙིང་ལ་སིམ། །

གྲགས་པ་དཀར་པོའི་ངང་མདངས་འོད། །

ས་ཆེན་ཁྱོན་ལ་མཆོག་ཏུ་འབར། ། 


རྩོམ་ཡིག་སྔོན་མ།
ལོ་བརྒྱའི་གཟི་འོད།
རྩོམ་ཡིག་རྗེས་མ།
མདུན་བསྐྱོད་ཀྱི་གླུ་སྒྲ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1