ང་ཚོ་གཅིག་ཏུ་སྦྲེལ་མཁན་དེ། །
དབུ་ཁྲིད་གསེར་གྱི་ཐག་པ་རེད། །
ང་ཚོ་རྡོག་ཏུ་དྲིལ་མཁན་དེ། །
སྲིད་བཟང་ལུ་མའི་ལུ་ཆུ་རེད། །
གཡང་དཀར་མ་མོའི་བལ་འཇམ་དེ། །
ཤ་ལ་འཇམ་པོ་ཡོད་ངེས་ཀྱང་། །
དཔོན་པོ་བཟང་པོའི་ཐུགས་སེམས་ལྟར། །
སེམས་ལ་འཇམ་རྒྱུ་ཨེ་ཡོད་ན། །
དབྱར་ཁ་ཚ་དུས་བསིལ་རླུང་ཡིན། །
དགུན་ཁ་འཁྱགས་དུས་མེ་ལྕེ་ཡིན། །
རྟག་ཏུ་བདེ་བར་གནས་ཐུབ་པ། །
སྲིད་ཇུས་བཟང་པོའི་བཀའ་དྲིན་རེད། །