རྒྱུན་མཐོང་པའི་འབྲུམ་བུར་བཅོས་ཐབས་གང་ཡོད།

ཚུལ་ཁྲིམས་བཟངཔོས་བསྡུ་སྒྲིག་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-31


འབྲུམ་བུ་འབུད་པའི་རྒྱུ་རྐྱེན་གཙོ་བོ་ཅི་ཡིན་ནམ།

གཅིག། རྒྱུ་རྐྱེན་གཙོ་བོ་ནི་གདོང་ཐོག་ཏུ་སྣུམ་མང་པའི་རྐྱེན་གྱིས་རེད། དེ་བས་དུས་རྒྱུན་ངོ་གདོང་གཙང་མ་བཀྲུ་བ་དང་། ཉིན་རེ་ཐེངས་གཉིས་ཙམ་བཀྲུ་བ། འདག་རྫས་སོགས་སྤྱད་ནས་བཀྲུས་ན་བཟང་། ཆ་རྐྱེན་ཡོད་ན་རྒྱུག་ཆུའི་ཁར་སོང་ནས་བཀྲུས་ན་དེ་བས་བཟང་།

གཉིས། ཚྭ་དང་སྣུམ། མངར་ཆ་ལྡན་པའི་ཟས་རིགས་སོགས་ཟོས་པ་མང་དྲགས་ཚེ། འབྲུམ་བུ་འབུད་པའི་ཉེན་ཁ་ཡོད། དེ་བས་རྣམ་པ་ཚོས་ཟས་རིགས་འདི་དག་ཉུང་ཟ་བྱེད་རྒྱུ་གལ་ཆེན་ནང་གི་འགངས་ཆེན་རེད།

གསུམ། ཉི་མར་ལྡེ་སྐབས་སྨུག་ཕྱིའི་འོད་ཐིག་ཚབས་ཆེ་བས། ཉི་འགོག་བྱུག་རྫས་སོགས་བྱུག་ན་བཟང་། དུས་རྒྱུན་ཞྭ་མོ་སོགས་གྱོན་ནས་ཉི་མར་ལྡེ་ན་ཧ་ཅང་བཟང་།

བཞི། ད་ལྟའི་ཁྲོམ་རའི་ཐོག་བྱུག་རྫས་འདྲ་མིན་སྣ་ཚོགས་ཡོད། མི་རྣམས་ཀྱིས་མཛེས་བཟོ་བྱ་ཆེད། ཚད་ལྡན་མིན་པའི་བྱུག་རྫས་མང་པོ་བྱུགས་པ་ན། ངོ་གདོང་དུ་འབྲུམ་བུ་མང་པོ་འབུད་པའི་གནས་ཚུལ་ཡོད་པ་རེད། དེ་བས་རྣམ་པ་ཚོས་བྱུག་རྫས་འདེམས་སྐབས། བྱུག་རྫས་སྤུས་ཀ་ལེགས་པོ་ཅན་བདམས་ན་བཟང་།

སྤྱིར་སྣ་དང་མཆུའི་མཐའ་འཁོར་གྱི་འབྲུམ་བུ་གཅིར་ན་ཉེན་ཁ་ཆེན་པོ་ཡོད་པ་རེད་ཟེར། རྒྱུ་མཚན་ནི་འདིའི་སྟེང་དུ་ཁྲག་རྩ་མང་པོ་འདུས་ཡོད་པ་དང་། ད་དུང་ཁྲག་རྩ་འདི་ཚོ་ཀླད་པའི་ཁྲག་རྩ་དང་འབྲེལ་ཡོད། དེ་བས་གལ་ཏེ་འབྲུམ་བུའི་ནང་གི་ཁྲག་དང་རྣག་སོགས་ཀླད་པའི་ནང་དུ་སོང་ན། ཀླད་རྒྱའི་གཉན་ཚད་དང་ཀླད་པའི་ནད་རིགས་སྣ་ཚོགས་སློང་སྲིད་པར་མ་ཟད། མི་ལ་ལས་འབྲུམ་བུ་གཅིར་ནས་རྐྱེན་ལམ་དུ་ཤོར་སོང་བ་ཡང་ཡོད། སྤྱིར་བཏང་འབྲུམ་བུ་གཅིར་སྐབས་གདོང་ལ་རྨ་ཁ་བཟོ་སྲིད་པ་དང་། རྨ་ཁའི་ནང་དུ་འབུ་ཕྲ་མང་པོ་འཛུལ་ནས་ནད་གཞན་པའང་བསླང་སྲིད། ། 


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1