མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་ཁུངས་མང་འཁོར་སྐར་ལྟ་ཞིབ་ཡིག་ཆ་ལས་མངོན་གསལ། ཟླ་3ཚེས་27ཉིན་ནས་བཟུང་། མཚོ་སྔོན་པོའི་བྱ་གླིང་དང་ མཚོ་སྙིང་ཡི་ཕྱོགས་བཞིའི་འཁྱགས་ངོས་གས་ཁ་བྱུང་ཞིང་། མཚོ་འཁྱིལ་ཆུ་ཡི་ཆུ་ཁ་དང་། བྱེ་གླིང་། མཚོ་ཆུང་ནོར་བུ་བཅས་ལ་ཁྱབ་ཁོངས་ཆེན་པོའི་དར་ཞུ་བཞིན་འདུག
དེ་ཡང་ཉེ་ཆར་། མཚོའི་མཐའ་སྐོར་གྱི་དྲོད་ཚད་འཕར་བ་དང་རླུང་ཤུགས་ཆེ་བ་དེས་མཚོ་ངོས་ཀྱི་དར་ཞུ་ཚད་མགྱོགས་སུ་བཏང་སྟབས། ད་ལོར་མཚོ་སྔོན་པོའི་དར་ཞུ་བའི་རྣམ་པ་དེ་ལོ་སྔོན་མ་ལས་ཉིན་17སྔ་ཡོད་པ་རེད།