ནོར་སྲིད་འགྲོ་སོང་ཇེ་མང་ཏུ་འགྲོ་བའི་གནོན་ཤུགས་ཆེན་པོར་ཁ་གཏད་ནས། རྔ་བ་ཁུལ་གྱི་རིམ་པ་སོ་སོས་མུ་མཐུད་ནས་རྒྱུ་ནོར་ཅིག་གྱུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགྲོ་སོང་གི་སྒྲིག་གཞི་ལེགས་སྒྲིག་བྱེད་པ། ནུས་ཤུགས་ཡོད་དགུས་རྔ་བ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐག་གཅོད་གལ་ཆེན་དག་གི་བཀོད་སྒྲིག་དོན་འཁྱོལ་ཡོང་བར་ཁག་ཐེག་བྱས་ཏེ། ནོར་སྲིད་འགྲོ་སོང་གི་གཞི་རྒྱ་མུ་མཐུད་ནས་ཇེ་ཆེར་གཏོང་བའི་དམིགས་འབེན་མངོན་འགྱུར་བྱུང་། 2014ལོར་རྔ་བ་ཁུལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་འགྲོ་སོང་གི་སྔོན་རྩིས་སྒོར་དུང་ཕྱུར་190མངོན་འགྱུར་བྱས་ཡོད་ལ། སྔོན་རྩིས་ཀྱི་95.1%ཟིན་པ་དང་། 8.1%འཕར་སྣོན་བྱུང་ཡོད། །