མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཞིབ་འཇུག་བྱ་གཞིའི(ཟེའུ་འབྲུ་སྡེབ་སྦྱོར་བྱེད་པའི་འབུ་སྲིན་གཞན་དག)འགན་འཁུར་བ་ཟླ་བ་ཡིས་“བོད་ལྗོངས་སུ་ཕྱེ་མ་ལེབ་རིགས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། མིག་སྔའི་བརྟག་དཔྱད་བྱས་འབྲས་ལ་བལྟས་ན། བོད་ལྗོངས་སུ་ཕྱེ་ལེབ་ཚན་ཁག་5དང་ཁོངས་གཏོགས་208རིགས་569ཡོད། གཞི་གྲངས་དེ་བརྟག་དཔྱད་ཟམ་མི་ཆད་པ་བྱས་པ་དང་བསྟུན་ནས་འགྱུར་བ་འགྲོ་རྒྱུ་རེད། ཕྱེ་མ་ལེབ་རིགས་དེ་དག་གི་ཁྱབ་སྟངས་ལ་མངོན་གསལ་དོད་པའི་ས་ཁོངས་ཀྱི་ཁྱད་ཆོས་ལྡན་ཡོད་པ་སྟེ། ཕྱེ་ལེབ་རིགས་ལ་ལ་ནི་གུ་དོག་པའི་སྐྱེ་ཁམས་མ་ལག་ཁྲོད་གནས་ཡོད། དེ་ནི་བོད་ལྗོངས་འདི་ཉིད་གནའ་བོའི་བྱང་རྒྱུད་དང་ཤར་རྒྱ་མཚོ་ཁུལ་གྱི་འབྲེལ་མཚམས་སུ་གནས་པ་མ་ཟད། ཧི་མ་ལ་ཡའི་རི་རྒྱུད་དང་འཕྲེད་རྒྱུག་རི་རྒྱུད་ལས་གྲུབ་པའི་རྙོག་འཛིང་ཆེ་བའི་གནམ་གཤིས་དང་ས་དབྱིབས་ཀྱིས་དེའི་ཆེས་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ཁུངས་བསྐྲུན་ཡོད་པས་རེད།”ཅེས་ངོ་སྤྲོད་གནང་།