རྫོང་རྩ་གྲོང་རྡལ་ནི་འབའ་ཐང་རྫོང་གི་ཤར་རྒྱུད་དུ་གནས་ཡོད་པ་དང་། ས་བབ་དམའ་བའི་རོང་ཁུལ་ཞིག་ཡིན་ལ། གནམ་གཤིས་དྲོ་གྲང་སྙོམས་པ་དང་ཆར་ཆུ་འབེལ་བ། རི་ཀླུང་མཛེས་ཤིང་ཐོན་ཁུངས་ཕུན་སུམ་ཚོགས་པས་གནས་མཆོག་ལྷའི་ཞིང་ཁམས་ཞེས་མཚན་སྙན་གྲགས་ཡོད།
2017ལོར་ཡུན་ནན་གྱི་ཁམ་བུའི་མེ་ཏོག་གྲོང་སྡེ་ཕུ་ཀྲེ་ཧེ་གློ་བུར་དུ་དྲྭ་ཐོག་སྐད་གྲགས་ཆོད། ཉེ་དུས་ཡང་བོད་ལྗོངས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དྲྭ་ཐོག་གང་སར་ཁྱབ། ཡུན་ནན་དང་བོད་ལྗོངས་ཀྱི་ཁམ་བུའི་མེ་ཏོག་ཧ་ཅང་མཛེས་པ་སུས་ཀྱང་གོ་མྱོང་ཡོད་ལ། འོན་ཀྱངG215ལམ་ཐིག་བརྒྱུད་ཀྱི་འབའ་ཐང་རྫོང་གི་རྫོང་རྩ་གྲོང་རྡལ་ལ་ཁམ་བུའི་ཤིང་སྡོང་གི་སྐྱེད་ཚལ་ཞིག་ཡོད་པ་སུས་ཀྱང་མ་ཤེས་པ་འདྲ། དེ་རིང་ཁམས་པའི་འཕྲིན་སྟེགས་འདི་ནས་གནས་མཆོག་འདིའི་ཁམ་བུའི་མེ་ཏོག་གི་མཛེས་སྡུག་མངོན་རྒྱུ་ལགས།
ཉེ་བའི་ལོ་ཤས་རིང་འབའ་ཐང་རྫོང་གིས་རི་རྩེར་སྐྱེ་ཁམས་ནགས་ཚལ་གྱིས་གཡོགས་པ་དང་། རི་རྐེད་འབྲས་ཤིང་གིས་ཁེབས་པ། རི་ཆུ་ནགས་ལམ་ཕྱོགས་བསྡུས་བཅོས་སྐྱོང་གི་སྐྱེ་ཁམས་འཛུགས་སྐྲུན་ཧུར་ཐག་བྱས་པ། སྔ་རྗེས་སུ་རྫོང་རྩའི་ཁམ་བུའི་སྡོང་པོ་སོགས་ནགས་ལས་ཐོན་ལས་རྟེན་གཞི་བསྐྲུན་ཡོད་པ་རེད།
ད་ལྟ། རྫོང་རྩས་ཁམ་བུའི་ཐོན་ལས་ལ་བརྟེན་ནས་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱིས་གྲོང་རྡལ་དར་རྒྱས་གཏོང་བའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཙོ་བོར་འཛིན་ཞིང་། ས་ཁྱོན་མུའུ་སྟོང་གི་ཁམ་བུའི་རྟེན་གཞིར་དཔྱིད་དབྱར་གཉིས་ཀར་མེ་ཏོག་གིས་ལྟད་མོ་མིག་ལ་མཛེས་པ་དང་། སྟོན་དགུན་གཉིས་ལ་འབྲས་བུ་མངར་མོ་ལྕེ་ལ་ཞིམ་པས་ཡུལ་སྡེ་དར་རྒྱས་གཏོང་བར་སྐུལ་འདེད་བླ་ལྷག་ཏུ་ཐེབས་པ་རེད།