བརྗིད་ཆགས་འུ་ལག་རི་བོ་ནས་ཐོས་པའི་འཕྲིན་བཟང་གི་གླུ་གསར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-14




 སྔོན་འགྲོའི་གཏམ། 


   གླུ་ཞིག་བླངས་ནས་ཏང་ལ་འབུལ།། ངས་ཏང་ཉིད་ཨ་མའི་རིགས་སུ་རྩིས། ། ཨ་མས་ང་ལ་ལུས་ཕུང་ཟུང་ཁྲག་བྱིན། ། ཏང་གི་གཟི་འོད་ངའི་ཡིད་གཞུང་གསལ།། 

  《གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པའི་གསུང་རབ་གླུ་དབྱངས་འདིའི་སྙན་པའི་སྐད་གསང་ཀྲུང་གོའི་ས་གཞི་ཆེན་པོའི་ཡུལ་གྲུ་ཀུན་ཏུ་ཁྱབ་དང་ཁྱབ་བཞིན་ཡོད་པ་རེད། རིག་གནས་དང་སྒྱུ་རྩལ་མཐའ་དག་ནི་ལོ་རྒྱུས་ཀྱི་བདེན་པའི་དཔང་པོ་དང་ཟིན་ཐོ་ཡིན་ཞིང་།གསུང་རབ་ཀྱི་གླུ་དབྱངས་འདི་བྱུང་བའི་བརྒྱུད་རིམ་ནང་དེར་དམིགས་བསལ་གྱི་ལོ་རྒྱུས་རྒྱབ་ལྗོངས་ཡོད་ལ། དུས་རབས་བརྒལ་བའི་དམིགས་བསལ་གྱི་དོན་སྙིང་ཡང་ཡོད་པས་མི་རབས་ནས་མི་རབས་བར་ཤུགས་རྐྱེན་ཟབ་མོ་ཐེབས་དང་ཐེབས་བཞིན་ཡོད་པ་རེད། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བའི་སྐབས་སུ་ཇུས་འགོད་ཞིབ་ཚགས་བྱས་ནས་ངེད་ཚགས་པར་ཁང་གིས་རྒྱལ་ཡོངས་དང་དེ་བཞིན་དུ་མི་རིགས་ས་ཁུལ་དུ་ཐོས་པ་ཀུན་སྨོན་བྱས་པའི་གསར་བརྗེའི་གསུང་རབ་གླུ་དབྱངས13དཔྱད་འདེམས་བྱས་པ་དང་ཆབས་ཅིག  《ལོ་བརྒྱར་འབད་འཐབ་བྱེད།།རྒྱང་སྐྱོད་ལམ་གསར་བགྲོད། །ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུས་ནས་ཡང་བསྐྱར་ལ་གླུ་བླངས་ནས་ཏང་ལ་འབུལ》ཞེས་པའི་ལེ་ཚན་འདི་གཏོད་རྒྱུ་ཡིན། དམིགས་ཡུལ་ནི་གླུ་དབྱངས་རེ་རེ་བརྩམས་པའི་རྒྱབ་ལྗོངས་ཀྱི་གཏམ་རྒྱུད་རྩད་ཞིབ་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་འོག་མི་རིགས་ས་ཁུལ་དུ་བྱུང་བའི་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ཞིབ་རྒྱས་ལྷུག་བརྗོད་བྱས་ཏེ་མི་རིགས་སོ་སོའི་མང་ཚོགས་ཀྱིས་ཏང་ལ་དྲིན་གཟོ་དང་དུས་གཏན་དུ་ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་མཚོན་པ་བྱེད་ཆེད་ཡིན།

གླུ་ཚིག།

    འུ་ལག་རི་བོ་ཡ་འུ་ལག་རི་བོ། མཐོ་འོ་འདོམ་པ་ཁྲི་གཉིས་ཡོད། སྡོང་རྒན་འཇག་སྐྱ་རི་ལུང་གང་། རི་ཡི་སྒང་ལ་ཕ་བོང་ཁེངས། རྐང་ལམ་ཕྲ་མོར་འགྲོ་རུ་དཀའ། ཁམས་བོད་འགྲིམ་འགྲུལ་དེ་ཡིས་བཀག། དེ་ཡིས་བཀག། འུ་ལག་རི་བོ་ཡ་འུ་ལག་རི་བོ། ཁྱོད་ཅི་འདྲ་མཐོ་ན་ཡང་། བཅིངས་འགྲོལ་དམག་ལ་དཀའ་རྒྱུ་མེད། ཆོད་སེམས་ལྕགས་ལས་སྲ། གཞུང་ལམ་བོད་ལྗོངས་ལ་བསྐྲུན་པའི་དམ་བཅའ་བཞག།

   རླུང་བུ་ལྡང་ཡང་མི་སྐྲག། ཁ་བ་བབས་ཀྱང་མི་འཇིགས། སྔ་ལངས་ཕྱི་ཉལ་གྱིས་ལྟོགས་སྡུག་བསྲན། ཚང་མའི་ངར་ཤུགས་ཆེ། རི་རྐོ་ས་འདྲེན་གྱིས་ཟམ་པ་བཙུགས། ལམ་ལས་དཔའ་བོས་བྱས་རྗེས་བཞག། བྱས་རྗེས་སུ་བཞག། འུ་ལག་རི་བོ་ཡ་འུ་ལག་རི་བོ། རི་ལུང་ཀུན་ཏུ་དར་དམར་གཡོ། རླངས་འཁོར་ཤར་བགྲོད་ཐུབ། དམག་ཆེན་མཐའ་མཚམས་སྲུང་དུ་བསྐྱལ། ཐོན་ཁུངས་ཕྱུག་པོ་འབྱེད། མི་དམངས་བདེ་ཞིང་སྐྱིད།

   དབུས་དང་གཙང་ནི་འོ།། ས་ཆ་འོ་སྐྱིད་པོ་ཡོད། འཛད་མེད་ཀྱི་གཏེར་ནོར་སྔོག་ཀྱང་མེད། ནོར་ལུག་ས་གཞི་གང་། ནགས་ཚལ་རྩྭ་ཐང་དེ་གང་སར་ཡོད། མི་དམངས་རྒྱུ་ནོར་དགྲ་ཡིས་འཕྲོག་ན་བསྐུར་རྒྱུ་མེད། རྒྱལ་སྲུང་སྲ་བརྟན་བྱ་དགོས་ན། མཐའ་མཚམས་སྔོན་ལ་སྐྲུན། སྦྲ་གུར་ཐོག་ཁང་ལ་བསྒྱུར། རི་རྒོད་འབྲོག་རར་བསྒྱུར། དགྲ་བོས་བཙན་འཛུལ་བྱེད་ཕོད་ན། དེ་ཉིད་འོ་རྩ་མེད་གཏོང་།

 གླུ་ཚིག་བརྩམས་པའི་ལོ་རྒྱུས།

  1950ལོའི་སྤྱི་ཟླ4པར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་སྤུན་ཟླ་མི་རིགས་ལ་རོགས་རམ་བྱ་ཆེད་དཀའ་ངལ་ལ་མི་སྐྲག་ནས་ལམ་སྐྲུན་པར་འབད་བརྩོན་བྱེད་པའི་འབོད་སྐུལ་དང་ལེན་བྱས་ཏེ། དཀའ་ཚེགས་ཆེན་པོ་བྱེད། ངལ་བ་ཆེན་པོ་བཟོད་པ་དང་། རི་མཐོན་པོས་མགོ་བོ་སྒུར་བ་དང་ཆུ་ཆེན་པོས་ལམ་ཁ་ཕྱེ་བའི་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཁྲོན་བོད་གཞུང་ལམ་བསྐྲུན་པ་རེད།

   1950ལོའི་དབྱར་དུས་སུ། ལྷོ་ནུབ་དམག་སྲིད་ཨུ་ལྷན་གྱིས་བཀའ་མངགས་ལྟར་ལྷོ་ནུབ་དམག་ཁུལ་གྱི་དམག་འཐབ་རིག་རྩལ་ཚོགས་པའི་ཆབ་སྲིད་ཨུ་ཡོན་གཞོན་པ་ཝེ་ཧྥེང་གིས་དམག་འཐབ་རིག་རྩལ་ཚོགས་པའི་སྣེ་ཁྲིད་བྱས་ཏེ་འུ་ལག་རི་བོར་བཅར་འདྲི་བྱེད་པའི་སྐབས་སུ་ལམ་ལས་བཅིངས་འགྲོལ་དམག་གིས་ནད་ཕོག་ཀྱང་གཞུང་ལམ་ལས་མཚམས་མི་འཇོག་པའི་དཔའ་བོའི་བྱས་རྗེས་ལ་རྒྱུས་ལོན་བྱུང་བ་རེད། ལོ་ཧྲུའེ་སྟེ་ཀྲུའུ་དབྱི་མིང་གིས་ཧྲི་ལུའོ་མུའུ་ཡིས་བརྩམས་པའི《ལེ་དབར་ཁྲི་ཡི་ཏ་པེ་རི་བོར་མཆོང་སྐྱོང་བྱེད》ཅེས་པའི་མཉམ་ལེན་ཆེན་པོའི་དུམ་མཚམས་ལྔ་པ་སྟེ་དམར་དམག་ཁྱིམ་དུ་ལོག་པར་རེ་སྒུག་བྱེད་ཅེས་པའི་ཚན་པ་དང་པོའི་མ་གདངས་སོར་བཞག་ཐོག་གླུ་ཚིག་གསར་དུ་བསྣན་དེ། 《འུ་ལག་རི་བོར་བསྟོད་གླུ་ལེན།》ཞེས་པའི་གླུ་དབྱངས་གསར་རྩོམ་བྱས་པ་དང་འབྲེལ། མཐོ་གདངས་གླུ་པ་ཧྲུན་ཀྲན་པེ་ཡིས་ཐོག་མར་ལེན་པ་རེད། གླུ་དེར་ཧོ་ནན་གྱི་དབྱུག་གདངས་རོལ་དབྱངས་ཀྱི་རྒྱུ་ཆ་བླངས་ཏེ་བྲིས་པ་ཡིན་ཞིང་། སྔོན་འགྲོའི་རོལ་མོ་ནི་ཧོ་ནན་ཟློས་གར་གྱི་དལ་འགྲོས་བར་མཚམས་རོལ་གདངས་ཀྱིས་བྲིས་པ་དང་། དངོས་གཞི་ལེན་པའི་ཆ་དེ་ཧོ་ནན་ཟློས་གར་གྱི་རོལ་གདངས་དང་ཁྱད་ཆོས་ལ་གཞིགས་ནས་བརྩམས་ཡོད་པས། ཕྱོགས་གཅིག་ནས་འུ་ལག་རི་བོ་གཟར་ཉེན་ཆེ་བ་དང་ཕྱོགས་གཞན་ཞིག་ནས་བཅིངས་འགྲོལ་དམག་གི་ཞུམ་མེད་བརྗིད་ཉམས་མངོན་གསལ་མཚོན་ཐུབ་ཡོད་ལ། གཅིག་རྗེས་གཉིས་མཐུད་ཀྱི་ལམ་ལས་དམག་དམངས་ཚན་འབོར་མང་པོར་སྐུལ་མ་ཆེན་པོ་ཐེབས་ཡོད། 1952ལོར་བརྒྱད་གཅིག་དམག་འཛུགས་དུས་ཆེན་ལ་དྲན་གསོ་ཞུ་བའི་ལུས་རྩལ་འགུལ་བསྐྱོད་ཚོགས་ཆེན་དུ་རིག་རྩལ་ལྷན་འཁྲབ་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་མྱོང་ཞིང་། 1954ལོར་སླར་ཡང་རྒྱལ་ཡོངས་ཀྱི་མང་ཚོགས་གླུ་དབྱངས་གཟེངས་བསྟོད་དཔྱད་བསྡུར་ཁྲོད་དུ་བྱ་དགའ་ཨང་དང་པོ་ཐོབ། ཡུན་རིང་མ་འགོར་བར་གློག་བརྙན་དང་སྒྲ་སྡེར་བཟོས་ཏེ་མུ་མུས་སུ་བརྒྱུད་གཏོང་བྱས་དང་བྱེད་བཞིན་ཡོད་པ་རེད།

རྩོམ་པ་པོ་དང་གླུ་ཐོག་མ་ལེན་མཁན་གྱི་ངོ་སྤྲོད་མདོར་བསྡུས།

《འུ་ལག་རི་བོར་བསྟོད་གླུ་ལེན།》ཞེས་པའི་གླུ་ཚིག་འབྲི་མཁན་ལོ་ཧྲུའེ་སྟེ་སྔོན་ཆད་ཀྱི་མིང་ལ་ཀྲུའུ་དབྱི་མིང་ཟེར། ཧོ་ནན་ཞིང་ཆེན་ཧྲང་ཁྲེང་གི་མི་ཡིན། དེའི་འཐུས་ཚབ་བརྩམས་ཆོས་ནི《འུ་ལག་རི་བོར་བསྟོད་གླུ་ལེན》དང་། 《འཁོར་འདྲུད་རྒན་པོ》དང་《འཚོ་བའི་ཚད་གཞིར་གནས་པ》སོགས་ཡོད། ནན་ཅིང་གྲོང་ཁྱེར་རིག་རྩལ་ཚོགས་པའི་ཟློས་གར་རུ་ཁག་གི་རུ་དཔོན་གཞོན་པའི་འགན་བཞེས་མྱོང་ཞིང་། སྔོན་རྗེས་སུ་བྱེས་འཐབ་དམག་གཉིས་པའི་རིག་རྩལ་ཚོགས་པའི་འཁྲབ་འཁྲིད་ཚོ་ཆུང་གི་ཚོ་དཔོན་དང་ལྷོ་ནུབ་དམག་ཁུལ་དམག་འཐབ་རིག་རྩལ་ཚོགས་པའི་ཟློས་གར་སློབ་ཁྲིད་པ་དང་ཞིབ་འཇུག་པ། གསར་རྩོམ་ཚོ་དཔོན། ཁོན་མིང་དམག་ཁུལ་གཏམ་གར་ཚོགས་པའི་འཁྲབ་ཁྲིད་པ་དང་གསར་རྩོམ་ཚོ་དཔོན་བཅས་ཀྱི་འགན་བཞེས་མྱོང་བ་རེད། གཞས་གདངས་རྩོམ་མཁན་ཧྲི་ལུའོ་མུའུ་ནི་ཧོ་ནན་ཞིང་ཆེན་དབྱི་ཁྲོན་རྫོང་གི་མི་ཡིན། 1939ལོའི་སྤྱི་ཟླ2པར་ཡན་ཨན་ལུའུ་ཞུན་སྒྱུ་རྩལ་སློབ་གླིང་རོལ་དབྱངས་ཚན་ཁག་ཏུ་ཞུགས་ཤིང་། ཞན་ཞིང་ཧའེ་དགེ་རྒན་དུ་བསྟེན་ནས་བཀོད་འདོམས་དང་གཞས་གདངས་སྦྱངས། ཚན་སྒྲིག་གླུ་དབྱངས《ལེ་དབར་ཁྲི་ཡི་ཏ་པེ་རི་བོར་མཆོང་སྐྱོང་བྱེད》ཅེས་པ་དང་། མཉམ་ལེན་ཆེན་པོ《རྒྱང་སྐྱོད》ཅེས་པ་དང་། གླུ་གར《ལྷོ་མཚོར་བསྟོད་པ》ཞེས་པ་དང་། གླུ་དབྱངས《བ་གླང་ཆ་གསུམ་དང་རྟ་ཆ་གཅིག》དང་། 《འུ་ལག་རི་བོར་བསྟོད་གླུ་ལེན།》བཅས་གསར་རྩོམ་བྱས། སྔོན་རྗེས་སུ་རོལ་དབྱངས་སྙན་ངག་ཞབས་བྲོ《ཤར་ཕྱོགས་དམར》དང《ཀྲུང་གོའི་གསར་བརྗེ་གླུ་དབྱངས》ཀྱི་རོལ་དབྱངས་གསར་རྩོམ་དུ་ཞུགས་ཤིང་གཙོ་སྐྱོང་ཡང་བྱས། 1952ལོར་སྤྱི་ཁྱབ་ཆབ་སྲིད་པུའུ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཞས་གདངས་པའི་མཚན་སྙན་གནང་། ཁོང་ནི་ཀྲུང་གོ་རོལ་དབྱངས་གསེར་ཅོང་གཟེངས་རྟགས་ཀྱི་ཚེ་གཅིག་གྲུབ་འབྲས་བྱ་དགའ་ཐོབ་མཁན་ཡང་ཡིན་ནོ།།

    ཧྲུན་ཀྲན་པེ་ནི་སྒྲ་དབྱངས་སློབ་གསོ་པ་དང་གླུ་པ་གྲགས་ཅན་ཡིན་ཞིང་། 《འུ་ལག་རི་བོར་བསྟོད་གླུ་ལེན》ཞེས་པ་དེ་ཐོག་མར་ལེན་པའི་རྐྱེན་གྱིས་གླུ་སྟེགས་སུ་སྐད་གྲགས་ཁྱབ་ཡོད་ཅིང་། 1960ལོའི་རྗེས་ལ་ཁོང་སྔོན་རྗེས་སུ་བཅིངས་འགྲོལ་དམག་སྒྱུ་རྩལ་སློབ་གླིང་དང་ཧོ་ནན་སློབ་ཆེན་རོལ་དབྱངས་ཚན་ཁག་ཏུ་དགེ་རྒན་གྱི་འགན་བཞེས་པ་རེད།


བརྗིད་ཆགས་འུ་ལག་རི་བོ་ནས་ཐོས་པའི་འཕྲིན་བཟང་གི་གླུ་གསར།

འུ་ལག་རི་བོར་བསྲིངས་པའི་བརྗིད་ཉམས་ཀྱི་མཁའ་ལམ།


    1950ལོའི་སྤྱི་ཟླ7པའི་ནང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འབུམ་ཤོག་བཅོ་བརྒྱད་པའི་དཔོན་དམག་ཚོས“བཅིངས་འགྲོལ་དམག་ལ་དཀའ་རྒྱུ་མེད། ཆོད་སེམས་ལྕགས་ལས་སྲ། གཞུང་ལམ་བོད་ལྗོངས་ལ་བསྐྲུན་པའི་དམ་བཅའ་བཞག”ཅེས་པའི་སྤོབས་པ་ལྡན་པའི་གླུ་དབྱངས་བླངས་ནས་གཞུང་ལམ་གསར་སྐྲུན་བྱས་ཤིང་། སྤྱི་ལེ་རེའི་ནང་མི་བདུན་གཤེགས་པའི་རིན་དོད་བྱས་ཏེ་གཡང་གཟར་དུ་སྤྱི་ལེ60ལྷག་ཡོད་པའི“གནམ་ལམ”བསྐྲུན་ནས་ཁམས་བོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང(1955ལོར་ཁྲོན་བོད་གཞུང་ལམ་ཞེས་པའི་མིང་དུ་བསྒྱུར)ཐུབ་ནས་དཀར་མཛེས་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་ལོ་རྒྱུས་ཐོག་ཉམས་རྒྱུ་མེད་པའི་གཏམ་རྒྱུད་བྲིས་ཡོད་པ་རེད།

    གཡང་གཟར་བདེ་བགྲོད་ལམ་དུ་འགྱུར་བ་ནས་འུ་ལག་རི་བོའི་ཕུག་ལམ་དང་དེ་བཞིན་དུ་གཡག་མདོ་མགྱོགས་བགྲོད་གཞུང་ལམ་གྱི་འུ་ལག་རི་བོའི་དམིགས་བསལ་རིང་བའི་ཕུག་ལམ་བསྐྲུན་མཇུག་བསྒྲིལ་བར་བརྟེན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“གཅིག་ནས་དཀའ་སྡུག་ལ་མི་སྐྲག  གཉིས་ནས་ཤི་རྒྱུར་མི་སྐྲག  སྙིང་རུས་ཆེན་པོས་བརྩོན་ལེན་གྱིས། ལམ་བཟོ་རོགས་འདེགས་པ་བྱེད་མོས་ཡོད་ཅིང་། དམག་དམངས་ཁྱིམ་ཚང་གཅིག་ལྟར་ཡིན། མི་རིགས་མཐུན་སྒྲིལ”གྱི“གཞུང་ལམ་གཉིས”ཀྱི་སྙིང་སྟོབས་ཀྱིས་སྐུལ་སློང་བྱས་འོག  དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་རིམ་སྤར་བྱུང་བ་རེད། མྱུར་བགྲོད་གཞུང་ལམ་དར་མདོའི་བར་དུ་བསྐྲུན་ཚར་ཡོད། དར་མདོ་དང་གེ་སར། ཉི་སྟེན་གནམ་གྲུ་ཐང་བསྐྲུན་ནས་དཀར་མཛེས་ཁུལ་དུས་དེ་ནས་བཟུང་རྒྱལ་ཡོངས་སུ་མཐོ་སྒང་གི་དམངས་སྤྱོད་གནམ་གྲུ་ཐང་གསུམ་ཡོད་མཁན་གྱི་ས་གནས་རིམ་པའི་གྲོང་ཁྱེར(རང་སྐྱོང་ཁུལ)དུ་གྱུར་པ་རེད།  

    ལྕགས་ཟམ་རྫོང་འུ་ལག་རི་བོའི་ཁྲོན་བོད་གཞུང་ལམ་དྲན་གསོ་ཁང་དུ། ཚོན་མེད་འདྲ་པར་དང་རྩ་ཆེའི་དངོས་པོ། ལག་བྲིས་སེར་ནག་ཅན་སོགས་རེ་རེ་བཞིན་ཁྲ་ལམ་ལམ་གྱི་རིག་གནས་དངོས་པོ་དེ་དག་གིས་གཞུང་ལམ་འཛུགས་སྐྲུན་བྱེད་མཁན་དཔོན་དམག་གི“རྒྱང་སྐྱོད་ཐེངས་གཉིས་པ”དང་དེ་བཞིན་ཁྲོན་བོད་གཞུང་ལམ་ལེ་དབར་སྟོང་ལ་བརྒྱུད་པའི“ལོ་རྒྱུས་རིང་པོ”རང་ཤུགས་སུ་མཚོན་བཞིན་ཡོད་པ་རེད། 

   ལོ་རྒྱུས་ཀྱི་བག་ཆགས་ཟབ་མོ་ལྡན་པའི་དངོས་པོ་རྙིང་པའི་ཁྲོད་དུ་རྐུབ་སྟེགས་ཆུང་ཆུང་ཞིག་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། ཤིང་གི་ཁ་དོག་དང་རྐང་པ་བཞི་པོའི་བཟོ་ལྟ་མངོན་གསལ་དོད་པོས་གྱུར་ཡོད། སྐབས་དེར་འབུམ་ཤོག18པའི་ཁྲི་ཤོག54པའི་མདའ་ཤོག162པའི་ཆབ་སྲིད་ཨུ་ཡོན་ཀྲའེ་ཧྲོའུ་ཐིང་གི་བུ་མོ་ཀྲའེ་ཞིན་ལི་ཡིས་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་སྐབས་ཕྱིར་དྲན་བྱས་ནས་བཤད་དོན།“དེའི་སྐབས་སུ་ལྷོ་ནུབ་དམག་ཁུལ་གྱི་དམག་འཐབ་རིག་རྩལ་ཚོགས་པའི་དམར་དམག་རྒན་གྲས་ཀྱི་གཞས་གདངས་རྩོམ་པ་པོ་ཧྲི་ལུའོ་མོང་འུ་ལག་རི་བོའི་གཞུང་ལམ་སྐྲུན་ཡུལ་གྱི་ལས་གྲྭ་དང་པོར་བཅར་འདྲི་བྱེད་དུ་འགྲོ་སྐབས། མདའ་ཤོག162པས་རང་སྲོག་བློས་གཏོང་ཕོད་པའི་ཞུམ་མེད་ཀྱི་བྱས་རྗེས་དངོས་སུ་མཐོང་རྗེས། རུ་ཤོག3པའི་ལས་ཁང་ནང་གི་རྐུབ་སྟེགས་ཆུང་ཆུང་དེའི་ཐོག་ནས་ཀུན་གྱིས་དགའ་བསུ་ཐོབ་པའི《འུ་ལག་རི་བོའི་སྒང་ནས་གླུ་དབྱངས་ལེན》ཞེས་པ་གསར་རྩོམ་བྱས་པ་རེད།

  “འུ་ལག་རི་བོ་ཡ་འུ་ལག་རི་བོ། མཐོ་འོ་འདོམ་པ་ཁྲི་གཉིས་ཡོད། སྡོང་རྒན་འཇག་སྐྱ་རི་ལུང་གང་། རི་ཡི་སྒང་ལ་ཕ་བོང་ཁེངས། རྐང་ལམ་ཕྲ་མོར་འགྲོ་རུ་དཀའ། ཁམས་བོད་འགྲིམ་འགྲུལ་དེ་ཡིས་བཀག”ཅེས་པའི་འུ་ལག་རི་བོའི་ངོ་མཚར་ཆེ་བའི་དཀའ་ཉེན་ཞིག་བླངས་པ་རེད། “དེའི་སྐབས་སུ་རུ་ཤོག3པའི་རུ་དཔོན་གྱི་འགན་ཁུར་བཞིན་པའི་སུང་ཅི་ཉན་གྱིས་ཨ་ཁུས་བཤད་དོན།1950ལོའི་སྤྱི་ཟླ6པའི་ཚེས26ཉིན་དམག་དཔུང་གི་ལས་གྲྭའི་ལག་རྩལ་ཁྲིད་སྟོན་པས་ཉིན་བརྒྱད་རིང་ལ་ལམ་ཐག་རིང་པོར་བསྐྱོད་ནས་འུ་ལག་རི་བོར་སླེབས་རྗེས།  དེ་མ་ཉིད་ནས་བརྟག་དཔྱད་བྱས་པར་བརྒྱུད་སྤྱི་ཟླ7པའི་ཚེས10ཉིན་འུ་ལག་རི་བོའི་གཞུང་ལམ་དངོས་སུ་བསྐྲུན་མགོ་ཚུགས་པ་དང་། ཁྱོན་བསྡོམས་རུ་ཤོག་གསུམ་གྱི་དམག་མི་གཅིག་སྟོང་ལྷག་བཀོད་སྒྲིག་བྱས་མཐར།རུ་ཤོག་རེ་ཡིས་ལེ་བར་སུམ་ཅུ་སྐྲུན་འགན་འཁུར་རྒྱུའི་འགན་གཙང་ལེན་བྱས་པ་དང་ཆབས་ཅིག  ལོ་དེའི་སྤྱི་ཟླ9པའི་ཚེས1ཉིན་གཞུང་ལམ་དུ་བསྐྱོད་ཐུབ་དགོས་རྒྱུའི་རེ་བ་བཏོན་པ་རེད། དུས་རིམ་གཉིས་པར་ལམ་ངོས་ཇེ་ཡངས་དང་རིམ་པ་ཇེ་མཐོ་བཏང་སྟེ་ལོ་དེའི་སྤྱི་ཟླ10པའི་ཟླ་མཇུག་ཏུ་རིམ་པ་དམའ་ཤོས་ཀྱི་གཞུང་ལམ་གྱི་ཚད་གཞི་ལ་སླེབས་པ་དང་། དེའི་རྗེས་ནས1951ལོའི་སྤྱི་ཟླ2པའི་བར་དུ་སྐྱེལ་འདྲེན་ཤར་གཏོང་ཐུབ་པར་ཁག་ཐེག་བྱེད་ཆེད། མདའ་ཤོག162པ་འུ་ལག་རི་བོའི་སྟེང་དུ་བཞག་ནས་དགུན་བརྒལ་བྱེད་དུས་ཁ་བ་ཕྱགས་ཤིང་ལམ་སྲུང་སྐྱོང་བྱས་པའི་ལས་འགན་འཁུར་ཡོད་པ་རེད།  ཐི་ཞིན་ལི་ཡིས་བཤད་དོན། དེའི་སྐབས་སུ་གཅིག་ནས་དཔེ་རིས་མེད་པ་དང་གཉིས་ནས་ལས་གྲྭའི་འཕྲུལ་ཆས་མེད་པ། གསུམ་ནས་ལག་རྩལ་མེད་རུང་། འུ་ལག་རི་བོའི་གཡང་གཟར་ནས་བལྟས་ཚེ། དཔོན་དམག་ཚོས་དཀའ་ངལ་ཧ་ཅང་ཆེ་རུང་བཟོད་བསྲན་མདུན་བསྐྱོད་ཀྱིས“སྐར་ལྔའི་དར་དམར་འུ་ལག་རི་བོའི་སྒང་དུ་བཙུགས”ཞེས་པའི་དཔའ་ཉམས་ལྡན་པའི་དམ་བཅའ་བཞག་ཡོད་པ་རེད།

 “ རི་ཡི་སྒང་ལ་ཕ་བོང་ཁེངས་པའི”མདུན་དུ་དེང་རབས་ཅན་གྱི་ཡོ་བྱད་མེད་པ་དང་། གཞུང་ལམ་འཛུགས་སྐྲུན་བྱེད་མཁན་དཔོན་དམག་ཚོས་ཐག་པ་སྦོམ་པོར་བསྡམས་ནས་རྩེ་མོ་གཟར་པོའི་ཐོག་བཀལ་ཞིང་། ལག་ཏུ་ལྕགས་ཀྱི་ཐོ་བ་བཟུང་ནས་བྲག་ངོས་ནས་སྒྱོགས་ཁུང་ཕུག་ཅིང་། དབྱང་ཧའེ་ཡིང་གིས་དབུགས་ཐེངས་གཅིག་གིས་ཐོ་བས་ཐེངས1200བརྡུངས་ནས་དམག་ཡོངས་སུ་སྐད་གྲགས་ཆོད་པའི“ཐོ་བ་སྟོང་གི་དཔའ་བོ”ཞེས་པའི་མཚན་སྙན་ཐོབ་རེད།  

   ཀྲའེ་ཞིན་ལི་ཡིས་དེའི་སྐབས་སུ་ཆར་པ་ཆད་རྒྱུ་མེད་པ་དང་བརླན་བཤེར་ཤིན་ཏུ་ཆེ་བ། ནད་ཡམས་མཆེད་པ། སྔོ་ཚལ་དང་འབྲུ་རིགས་དཀོན་པ་བཅས་ཀྱི་ཁར་གཞུང་ལམ་འཛུགས་སྐྲུན་བྱེད་མཁན་དཔོན་དམག་ཚོས་ཉིན་ལྟར་ཆུ་ཚོད12ལྷག་གི་རིང་ལ་ལས་ཀ་བྱེད་པ་དང་། དགོང་མོར“རི་ལྡེབས་སུ་གུར་ཕུབ་ནས་སྤྲིན་སྨུག་ཁྲོད་ཉལ་གྱིན་ཡོད”།  ཉིན90ཁོ་ནར་རི་སྐྱེས་སྔོ་ཚལ་རྒྱ་མ2300ལྷག་ཙམ་སྔོག་དགོས་ཀྱི་ཡོད་པ་རེད་ཅེས་བཤད་པ་རེད།

    1950ལོའི་སྤྱི་ཟླ8པའི་ཚེས25ཉིན། གཞུང་ལམ་འཛུགས་སྐྲུན་བྱེད་མཁན་དཔོན་དམག་ཚོས་གནམ་འཐབ་ས་འཛིང་བྱས་པའི་ཞུམ་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས། སྔ་སྣུར་དུ་ཁམས་བོད་གཞུང་ལམ་གྱི་ལམ་འགོག་འུ་ལག་རི་བོའི་ལམ་ཐིག་དུམ་བུ་དེ་མྱུར་བཟོ་བྱས་ནས་རླངས་འཁོར་ཐོག་མར་ཤར་གཏོང་ཐུབ་པ་རེད།

    1954ལོའི་སྤྱི་ཟླ12པའི་ཚེས25ཉིན་ཁྲོན་བོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་ནས་དཀར་མཛེས་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི་ལམ་བུ་དང་། དཔལ་ཡོན་ཡར་ཐོན་གྱི་ལམ་བུ། ཐུན་མོང་ཕྱུག་འགྱུར་གྱི་ལམ་བུ་བཅས་སུ་གྱུར་ཡོད་པ་རེད།

བརྗིད་ཆགས་འུ་ལག་རི་བོ་ནས་ཐོས་པའི་འཕྲིན་བཟང་གི་གླུ་གསར།

ཕུག་ལམ་བསྐྲུན་རྗེས་འཚོ་བར་བདེ་སྐྱིད་བྱུང་། 

    འུ་ལག་རི་བོའི་ཕུག་ལམ་དང་བར་ཐག་སྨི་བརྒྱ་ཕྲག་ཁ་ཤས་ཡོད་པའི་སར“ཁྲོན་བོད་ལམ་རྒྱུད་ཀྱི་དཔལ་ཡོན་བར་ཁྱམས།སྐྱེ་ཁམས་དཔལ་ཡོན་གྱི་གྲོང་གསར”ཞེས་པའི་ཡི་གེ་བྲིས་པའི་རྡོ་རིང་དེ་བཀྲག་མདངས་རབ་ཏུ་འཚེར། གསར་འགོད་པས་སྤྱི་ལེ8.8ཙམ་ཡོད་པའི་གྲོང་སྡེའི་ཨར་འདམ་གཞུང་ལམ་དང་པད་ཁའི་མེ་ཏོག་གི་ཞིང་ཁ།ལུག་གྲོད་ཤ་མོའི་དྲོད་ཁང་།ཡ་མ་སྡོང་པོའི་སྒོ་ར་སོགས་བརྒྱུད་དེ་མཛེས་སྡུག་གི་ཡུལ་ལྗོངས་ཤིག་གིས་མིག་དབང་རབ་ཏུ་འཕྲོག

“1950ལོར་ང་རང་ལོ་ན7ལས་སོན་མེད་མོད། དུས་རྟག་པར་ཨ་ཕ་དང་མཉམ་དུ་རྩྭ་སྐམ་ཁྱེར་ནས་ཕྱུགས་རིགས་ལ་ལྟོ་སྟེར་བར་འགྲོ་དགོས་ལེ་རེད། སྐབས་དེར་བཅིངས་འགྲོལ་དམག་མི་ཉུང་བ་ཞིག་གིས་ལམ་ལས་བཞིན་ཡོད་པ་མཐོང་མྱོང་།མི་རྒན་ཚོས་དམག་མི་དེ་དག་གིས་ཟ་རྒྱུ་མེད་ན་རི་ཟས་ཟ་བ་ལས་ང་ཚོའི་ཟ་འབྲུ་ཁ་གང་ཡང་ཟ་ཡིན་མེད་པ་རེད་ཅེས་བཤད་མྱོང་།      “བོད་སྐྱོད་གྲོང་སྡེ་དང་པོ”ཞེས་ཟེར་སྲོལ་ཡོད་པའི་ལྕགས་ཟམ་རྫོང་རི་མཇུག་གྲོང་རྡལ་མཐུན་སྒྲིལ་གྲོང་སྡེའི་ལོ་ན80ལ་ཉེ་བའི་བགྲེས་སོང་ལི་ཆི་ཀྲི་ཡིས་དྲན་གསོ་བྱེད་བཞིན་དུ་སྔོན་དུས་འུ་ལག་རི་བོར་ལོ་རྒྱུན་པར་དྲག་ཆར་དང་སྨུག་པ།གངས་འཁྱགས་སོགས་ཀྱི་གནམ་གཤིས་ངན་པས་རི་ཉིལ་བ་དང་ཆུ་ལོག་ཡང་ཡང་བྱུང་ནས་ལམ་ཆད་ཀྱི་ཡོད། དེའི་དུས་ཁྲེན་ཏུའུ་ནས་དར་མདོ་བར་འགྲོ་དུས་ཉིན་དང་པོར་གཡག་རྔར་བསྡད་པ་དང་ཉིན་གཉིས་པར་གཞི་ནས་དར་མདོར་སླེབས་ཀྱི་ཡོད།གལ་སྲིད་རི་ཉིལ་ནས་ལམ་ཆད་ཚེ་རི་སྟེང་དུ་ཉིན་ཁ་ཤས་ལུས་ཀྱི་ཡོད་ཅེས་བཤད།

    མཐུན་སྒྲིལ་གྲོང་སྡེའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲོའུ་ཙུའུ་ཞང་གིས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་ཕུག་ལམ་ཤར་གཏོང་མ་ཐུབ་གོང་མཐུན་སྒྲིལ་གྲོང་སྡེ་ཧ་ཅང་དབུལ་པོ་ཡིན་པ་དང་། 1983ལོར་འུ་ལག་རི་བོའི་གཞུང་ལམ་དུམ་བུ་དེར་འགྲིམ་འགྲུལ་བཀག་སྡོམ་ལག་ལེན་བསྟར་མགོ་ཚུགས་ཤིང་།རི་འདབས་ནས་རི་རྩེ་བར་རླངས་འཁོར་རྣམས་འབྲུག་རིང་ལྟར་དལ་བུར་འགྲོ་དགོས་ཀྱི་ཡོད།གྲོང་སྡེའི་གཞོན་ནུ་དང་དར་མ་ངལ་རྩོལ་ཅན་རྣམས་གངས་མ་ཆར་བབས་དུས་རླངས་འཁོར་ལ་ལྕགས་ཐག་བསྐོན་ནས་ཡོང་འབབ་འཚོལ་བ་དང་།ད་དུང་སྐྱིད་འདོད་ལས་གཡོལ་བྱེད་མཁན་གཞོན་ནུ་ཁག་ཅིག་གིས་རླངས་འཁོར་ལ་འཛེགས་ནས་ཅ་ལག་རྐུ་འཚོང་བྱེད་ཀྱི་ཡོད།

    1995ལོར་འུ་ལག་རི་བོའི་ཕུག་ལམ་གྱི་ལས་གྲྭ་དེ་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་དགུ་པའི་ནང་བཞག་པ་དང་། 1996ལོའི་ལོ་མཇུག་ཏུ་འུ་ལག་རི་བོའི་ཕུག་ལམ་ལས་གྲྭ་དངོས་སུ་བསྐྲུན་མགོ་ཚུགས།2001ལོའི་སྤྱི་ཟླ་དང་པོའི་ཚེས11ཉིན་ཕུག་ལམ་དུ་ཁྱོན་ཡོངས་ནས་རླངས་འཁོར་ཤར་གཏོང་ཐུབ་པ་རེད། དེ་ནི་སྐབས་དེར་རྒྱལ་ནང་དུ་ཆེས་རིང་ཤོས་དང་།ས་འོག་ཏུ་ཆེས་ཟབ་ཤོས།ས་བབ་ཆེས་མཐོ་ཤོས་དང་ས་གཤིས་ཆ་རྐྱེན་ཆེས་རྙོག་འཛིང་ཆེ་ཤོས་བཅས་ཀྱི་གཞུང་ལམ་གྱི་ཕུག་ལམ་རིང་ཤོས་དེ་ཡིན་ཞིང་།རིང་ཚད་ལ་སྨི4176ཡོད་པའི་འུ་ལག་རི་བོའི་ཕུག་ལམ་དེས་སྤྱི་ལེ25ཡོད་པའི“གདོན་འདྲེ་ལྟ་བུའི་འགག་སྒོ”ནས་བྲལ་བ་དང་།རླངས་འཁོར་སྐར་མ10ལྷག་ཙམ་བསྐྱོད་པའི་དུས་ཡུན་གྱིས་སྔོན་ཆད་ཉེན་ཁ་ཆེས་ཆེ་བའི་གཞུང་ལམ་དུམ་བུ་ལས་གཡོལ་ཐུབ་པ་དང་།དར་མདོ་ནས་ཁྲེང་ཏུའུ་བར་གྱི་ལམ་ཐག་དེ་སྔོན་ཆད་ཉིན་གཉིས་དགོས་པ་ནས་ཆུ་ཚོད་བདུན་བར་ཐུང་དུ་ཕྱིན་ཡོད་པ་རེད།

    གཞུང་ལམ་ཤར་གཏོང་ཐུབ་པ་ལས་བྱུང་བའི་འགྱུར་ལྡོག་སྐོར་གླེང་སྐབས།ལོ་ན44ལ་སོན་པའི་གྲོང་མི་ཞའོ་ཧྥུའུ་དབྱིན་གྱིས་ཕུག་ལམ་བསྐྲུན་རྗེས་གྲོང་སྡེར་གཞུང་ལམ་ཤར་གཏོང་ཐུབ་པ་དང་།གྲོང་སྡེ་ཡོངས་སུ་ཟོག་འདྲེན་རླངས་འཁོར་ཆེ་གྲས50ལྷག་ཙམ་སྐྱེལ་འདྲེན་གྱི་ལས་ཀར་ཞུགས་བཞིན་ཡོད།ངས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི20ལྷག་ཙམ་རག་གི་ཡོད་ཅེས་བཤད།

ཟོག་འདྲེན་གྱིས་གྲོང་མི་ཁག་ཅིག་སྔོན་ལ་ཕྱུག་པོར་གྱུར་ཡོད། མཐུན་སྒྲིལ་གྲོང་སྡེའང་ཐོན་ལས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་ཁྱད་ལྡན་ལྟ་སྐོར་ཞིང་ར་ཐོག་མ་དེ་བཙུགས་པ་དང་།སེའུ་དང་སྟར་སྡོང་སོགས་ནགས་ལས་དཔལ་འབྱོར་འཕེལ་རྒྱས་བཏང་བ།གྲོང་མི་ཕྱིར་གླ་པར་བསྐྱོད་པ་སོགས་མི་རེའི་ཆ་སྙོམས་ཡོང་འབབ2010ལོའི་སྒོར2000ནས་སྒོར་ཁྲི2ཙམ་བར་མང་དུ་ཕྱིན་ཡོད་པ་རེད།

     དངུལ་རག་རྗེས་ང་ཚོས་ལྕགས་ཟམ་རྫོང་གྲོང་ནས་གློག་སྐས་ཁང་པ་ཉོས་ཏེ་གྲོང་ཁྱེར་དུ་བསྡད་ཡོད་ཅེས་ཞའོ་ཧྥུའུ་དབྱིན་གྱིས་གདེང་ཚོད་ཆེན་པོས་དེ་ལྟར་བཤད་པ་དང་།ང་ཚོའི་གྲོང་ཚོའང་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་རྡལ་དུ་གྱུར་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་ཀྱི་ཡོད་ཅེས་བཤད།

བརྗིད་ཆགས་འུ་ལག་རི་བོ་ནས་ཐོས་པའི་འཕྲིན་བཟང་གི་གླུ་གསར།

མྱུར་བགྲོད་གཞུང་ལམ་གྱིས་བསྐྱངས་པའི་ཕྱུག་འགྱུར་ལམ་བུ།

    གལ་ཏེ་འུ་ལག་རི་བོའི་ཕུག་ལམ་བསྐྲུན་ཐུབ་པར་ས་གནས་དེ་གའི་མི་ཚོས“བཅིངས་འགྲོལ་ཐེངས་གཉིས་པ་ཐོབ”ཅེས་བརྗོད་པའི་དབང་དུ་བཏང་ན་རིང་ཚད་སྤྱི་ལེ13.4ཡོད་པའི་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འུ་ལག་རི་བོའི་ཕུག་ལམ་རིང་པོ་བསྐྲུན་པར་དཀར་མཛེས་ཁུལ་གྱི་མི་དམངས་ལ“འཕུར་སྐྱོད་བྱེད་པ་བཞིན”མྱོང་ཚོར་བྱུང་ནས་གསར་བརྗེའི་གྲགས་ཅན་གྲོང་ཁྱེར་ལྕགས་ཟམ་ཁ་ནས་ཁྲེང་ཏུའུ་བར་ཆུ་ཚོད2ལྷག་ཙམ་ལས་འགོར་གྱི་མེད་པ་རེད། 

     འུ་ལག་རི་བོའི་འདབས་སུ་གནས་པའི་ལྕགས་ཟམ་ཁའི་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་གྱི་བརྗིད་ཉམས་དོད་པས་ཀྲུང་གོའི་ཟམ་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ལ་ཀྲུང་གོའི་གཞུང་ལམ་འགྲིམ་འགྲུལ་གྱི་སྤུས་ལེགས་བྱ་དགའ་སྟེ“ལི་ཁྲུན་བྱ་དགའ”ཐོབ་པ་རེད། 

     དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་བྱེད་མཁན་ཞིག་ཡིན་པའི་ཧུའུ་ཐིང་ཧུའེ་ཡིས་པར་ཆས་ལ་བརྟེན་ནས་དཀར་མཛེས་ཁུལ་འགྲིམ་འགྲུལ་གྱི་འཕོ་འགྱུར་ཆེན་པོ་ཟིན་ཐོར་བཀོད་ཡོད་པ་རེད། དུས་རབས20པའི་ལོ་རབས80པ་ནས་ད་བར་ཁོས་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་འཕེལ་འགྱུར་མཚོན་པའི་པར་རིས་ཁྲི8ལྷག་ཙམ་པར་ལེན་བྱས་པས་མ་ཚད་རྒྱལ་ཡོངས་ཀྱི་པར་རྒྱག་འགྲན་བསྡུར་སྣ་ཚོགས་ནང་བྱ་དགའ་ཡང་མང་པོ་ཐོབ་ཡོད་པ་རེད། 

  “ལྷོ་ནུབ་རྒྱུད་ཀྱི་རིང་ཚད་ཨང་དང་པོ”གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འུ་ལག་རི་བོའི་ཕུག་ལམ་དང“སི་ཁྲོན་གྱི་ཟམ་ཆེན་ཨང་དང་པོ”ཡིན་པའི་ལྕགས་ཟམ་ཁའི་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པའི“རིམ་འདས་ལས་གྲྭ”རེ་རེ་བཏོད་པས་ཧུའུ་ཐིང་ཧུའེ་ལ་སེམས་འགུལ་ཚད་མེད་ཐེབས་ཤིང་། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འུ་ལག་རི་བོའི་དམིགས་བསལ་རིང་བའི་ཕུག་ལམ་ལ་གསེག་ཁྲོན་གྱི་ཕུག་ལམ་གཙོ་བོ་སྤྱད་དེ་ལྡོག་ཕྱོགས་སུ་ཨར་ལས་འཛུགས་སྐྲུན་བྱས་ནས་དོམ་ཁྲའི་འཚོ་གནས་རང་བྱུང་སྲུང་སྐྱོང་ཁུལ་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད། ཡོམ་འགོག་གི་རྒྱ་སྐྱེད་དུམ་བུ་སྤྱད་པ་དང་ས་ཁོངས་རང་བཞིན་གྱི་གས་སྲུབས་ས་རྒྱུད13བསྒྲལ་ནས་ས་ཡོམ་གྱི་གནོད་འཚེར་ཡོམ་འགོག་གི་རྣམ་པ་བསྒྱུར་བ་དང་ཁ་གསབ་བར་མཐོངས་སོགས་བཞག་པ་དང་ཕུག་ལམ་བསྐྲུན་ནས་ལས་གྲྭ་ཆེ་གྲས་བདུན་གྱི་དཀའ་གནད་བསལ་ཏེ་ཕུག་ལམ་ཁྱབ་ཁོངས་ཀྱི་ལག་རྩལ་རྩེར་སོན་ཡོད་པ་རེད། འུ་ལག་རི་བོའི་ཕུག་ལམ་དུ་ཉིན་གཅིག་ལ་རླངས་འཁོར་ཁྲི1ཙམ་བསྐྱོད་ཀྱི་ཡོད་ལ། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འུ་ལག་རི་བོའི་ཕུག་ལམ་ལ་ཉིན་གཅིག་ལ་རླངས་འཁོར་ཁྲི6བསྐྱོད་ཀྱི་ཡོད་པ་རེད། 

   “འགྲུལ་པ་མང་བས་བྲེལ་བ་ཧ་ཅང་ཆེན་པོ་འདུག” གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཡུལ་སྐོར་བ་འཚང་ཁ་ཤིག་ཤིག་ངང་ཡོང་ཞིང་། ལྕགས་ཟམ་རྫོང་མཚོ་གཉིས་གྲོང་སྡེའི་པན་པན་ཆའོ་ཞིང་པའི་སྤྲོ་སྐྱིད་ཁང་གི་སྦྱིན་བདག་མ་ཏེང་ཨན་མའེ་ཡིས་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་ང་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་བརྒྱ་ལྷག་ཙམ་ཡོང་གི་འདུག”ཅེས་བཤད། མཚོ་གཉིས་གྲོང་སྡེ་ལ་ཞིང་པའི་སྤྲོ་སྐྱིད་ཁང་དང་གནས་ཚང་ཁྱོན་བསྡོམས36ཡོད་ཅིང་། ལོ་རེར་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི20ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི4000ལྷག་ཙམ་ལ་ཟིན་པ་རེད། ལམ་བུའི་ཐོག་འགྲོ་སྐྱོད་བདེ་པོར་གྱུར་པ་དང་དབུལ་ཐར་འགག་སྒྲོལ་དང་ཡུལ་གྲོང་དར་རྒྱས་གཏོང་བར་བརྟེན་ནས་ལྕགས་ཟམ་རྫོང་གིས་དཀར་མཛེས་ཁུལ་དུ་དབུལ་ཞྭ་འབུད་རྒྱུ་སྔོན་ལ་མངོན་འགྱུར་བྱུང་བ་རེད། 

   “གསར་སྦེལ་བྱས་པས་བསོད་ནམས་འཁོར།། མི་དམངས་བདེ་སྐྱིད་ལོངས་སྤྱོད་རོལ།།”ཞེས་གསུངས་པ་ལྟར། ད་ཆ་ཏེང་ཨན་མའེ་དང་གྲོང་མི་ཚོས་རྟག་ཏུ་ཚང་མ་དགའ་བའི《འུ་ལག་རིར་བསྟོད་གླུ་ལེན》ཞེས་པའི་གླུ་གཞས་བཏང་ནས་ཡུལ་གྲོང་དར་རྒྱས་གཏོང་བའི་ལམ་བུའི་ཐོག་སྐྱོད་བཞིན་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1