དེང་སང་ཡུལ་སྐོར་འདི་ཀྲུང་གོའི་མི་ཚོས་བདེ་སྐྱིད་ཀྱི་འཚོ་བ་དང་བསམ་པའི་རིག་གནས་དགོས་མཁོའི་གྲུབ་ཆ་གཙོ་བོར་གྱུར་ནས་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཇེ་དྲག་ཏུ་ཕྱིན་ནས་བདེ་སྐྱིད་ཐོན་ལས་ཀྱི་ཨང་དང་པོའི་གྲས་སུ་སླེབས་པ་རེད།
2017ལོར་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱི་སྐབས22པའི་ཚང་འཛོམས་ཚོགས་ཆེན་གྱི་ཤིས་ཚིག་ནང་རྒྱལ་ཁབ་ཀྲུའུ་ཞི་ཞི་ཅིང་ཕིང་གིས་བསྟན་དོན། ཡུལ་སྐོར་ནི་རྒྱལ་ཁབ་མི་འདྲའི་བར་རིག་གནས་མི་འདྲ་བ་སྤེལ་རེས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། དཔལ་འབྱོར་འཕེལ་རྒྱས་དང་ལས་ཞུགས་འཕར་སྣོན་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཀྱང་ཡིན། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཀྱང་ཡིན་པ་རེད།
གསར་བརྗེའི་གནས་གཞིའི་ཡུལ་སྐོར། སྤྲོ་གསེང་ཡུལ་སྐོར་བཅས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་རྒྱུན་ཆད་མེད་པར་ཡུལ་སྐོར་ལུས་རྩལ་ཡུལ་སྐོར། ཀྲུང་ལུགས་གསོ་རིག་དང་སྨན་རྫས་བདེ་ཐང་ཡུལ་སྐོར། སྦྲག་སྐྱེལ་གྲུ་གཟིངས་ཡུལ་སྐོར། གངས་འཁྱགས་ཡུལ་སྐོར། མཚན་མོའི་ཡུལ་སྐོར་སོགས་ལས་ལམ་གསར་པ་བཅས་རྒྱུན་ཆད་མེད་པར་ཞིབ་འཇུག་གསར་གཏོད་བྱས་པ་དང་ཆབས་ཅིག “དྲྭ་བ་དང་ཡུལ་སྐོར་འབྲེལ་འདྲིས”རྒྱུན་མཐུད་དུ་སྐུལ་འདེད་བཏང་ནས་ཡུལ་སྐོར་མཛེས་ལྗོངས་སྟབས་བདེ་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། ཡུལ་སྐོར་གྱི་ཉམས་ཚོར་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད། མིག་སྔར་ཀྲུང་གོས་རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ280དང་། རྒྱལ་ཡོངས་ཀྱི་ཡུལ་སྡེ་ཡུལ་སྐོར་གཙོ་གནད་གྲོང་སྡེ1000རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་དཔེར་འོས་མཛེས་ལྗོངས་ཁུལ300བཅས་བསྐྲུན་ཡོད་པ་རེད།
འཚོ་བའི་ནང་དོན་ཕུན་སུམ་ཚོགས་པོར་གྱུར།
པེ་ཅིང་གི་གཞིསམི་ཝུན་ཀྲུང་རྨིན་གྱིས་ཡུལ་སྐོར་འདི་རང་ངོས་ནས་བརྗོད་ན་འཚོ་བ་རོལ་སྟངས་ཤིག་རེད། ལོ་ལྟར་ཡུལ་སྐོར་ཐེངས་བཞི་ལྔ་ཙམ་འགྲོ་བཞིན་ཡོད། ལོ་དེ་དག་ནང་ང་ཀོང་ཏུང་ཧའེ་ལིན་གླིང་ཕྲན་དང་། ཡུན་ནན་འཇང་ས་དམ་གཙང་པོ། ཞིན་ཅང་ཁེ་ན་སི། ཀན་སུའུ་ཏུན་ཧོང་། ཐེ་ལན། ཁམ་ཕུ་ཁྲེ། ཁ་ན་ཏ། ཨུ་རུ་སུ། ཨེ་ཅིབ། མོ་རོ་ཁོ་སོགས་ལ་ཡུལ་སྐོར་འགྲོ་མྱོང་། ཡུལ་སྐོར་འགྲོ་སྐབས་ངའི་མཐོང་ལམ་རྒྱ་སྐྱེད་བྱུང་ཞིང་སྣང་བ་ཇེ་སྐྱིད་ནས་ཇེ་སྐྱིད་དུ་འགྲོ་བཞིན་འདུག་ཅེས་བཤད་པ་རེད།
ལོ་རབས་དགུ་བཅུ་པའི་རྗེས་སུ་སྐྱེ་བའི་མཐོ་རིམ་ལས་བྱེད་པ་ལིའུ་དབྱི་ནཱ་ཡིས་ཡུལ་སྐོར་ནི་ང་དང་ཕ་མ་གཉིས་བར་ཐོབ་དཀའ་བའི་མཉམ་གནས་ཀྱི་གོ་སྐབས་ཤིག་རེད། ས་ཆ་གཞན་དུ་ལས་ཀ་སྒྲུབ་བཞིན་པའི་ན་གཞོན་ཞིག་ཡིན་པའི་ངོས་ནས་བཤད་ན། དུས་རྒྱུན་ཁོང་ཚོར་འགྲོགས་པའི་དུས་ཚོད་ཧ་ཅང་ཉུང་ཉུང་ཡིན་ཞིང་། མཉམ་དུ་ཡུལ་སྐོར་བྱེད་པའི་ཉིན་མོ་ནི་ངས་ལོ་ལྟར་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསར་འགོད་པར་དེ་ལྟར་བཤད་པ་རེད།
འདས་པའི་ལོ5ཡི་ནང་རྒྱལ་ཁབ་ནང་ཁུལ་གྱི་ཡུལ་སྐོར་བ་རིམ་རྩིས་བྱས་ན་མིའི་ཐེངས་གྲངས་དུང་ཕྱུར249.8ལས་བརྒལ་བ་དང་། ལོ་རེར་ཆ་སྙོམས་བརྒྱ་ཆ10.7འཕར་བཞིན་ཡོད་པ་རེད། 2019ལོར་རྒྱལ་ཁུལ་ནང་ཁུལ་དུ་ཡུལ་སྐོར་བྱེད་མཁན་མིའི་ཐེངས་གྲངས་དུང་ཕྱུར60.06ལ་ཟིན་ཡོད། གྲོང་ཡུལ་གཞིས་མིའི་ཡོང་འབབ་བརྟན་པོའི་ངང་འཕར་ནས་ཀྲུང་གོའི་མི་མང་པོ་ཞིག་གིས་ངལ་གསོའི་དུས་ཚོད་ཚང་མ་ཡུལ་སྐོར་བྱ་རྒྱུའི་ཐད་སྤྱད་པ་དང་ཡུལ་སྐོར་དེ་མི་རྣམས་ཀྱི་རྒྱུན་གཏན་འཚོ་བའི་མཁོ་ཆས་སུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།
བསྟུད་མར་ལོ་མང་པོར་ཀྲུང་གོའི་རྒྱལ་ཁབ་ནང་ཁུལ་གྱི་ཡུལ་སྐོར་དང་ས་ཁོངས་བརྒལ་ནས་ཡུལ་སྐོར་འགྲོ་མཁན་འཕར་ནས་གཞི་ཁྱོན་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་རེད། དེ་ལྟ་བུའི་ཡུལ་སྐོར་འཛད་སྤྱོད་བྱེད་མཁན་ཚོགས་སྤྱི་འབོར་ཆེན་ལ་དམིགས་ན་ཀྲུང་གོའི་ཡུལ་སྐོར་ལས་རིགས་ནི་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བྱེད་ཀྱི་རྩ་བའི་དམིགས་ཡུལ་དུ་གྱུར་ནས་ཡུལ་སྐོར་ཐོན་རྫས་སྤུས་དག་རྒྱུན་ཆད་མེད་པར་མཁོ་འདོན་བྱེད་པ་དང་། ས་ཁོངས་ཡོངས་སུ་ཡུལ་སྐོར་དང་ཡུལ་སྡེའི་ཡུལ་སྐོར།
འཚོ་བའི་ཆུ་ཚད་ཕྱུག་པོར་ ཆགས་པར་གྱུར།
ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དེས་ཡུལ་སྐོར་བར་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་རྒྱུ་བྱུང་བར་མ་ཟད། ད་དུང་ས་ཁུལ་དབུལ་པོའི་དབུལ་ཐར་ཕྱུག་འགྱུར་བྱེད་རོགས་བྱེད་ཐུབ་པ་རེད།
ཀུའེ་ཀྲོའུ་ཞིང་ཆེན་ལི་ཕིང་རྫོང་ཧྲོང་ཅང་གྲོང་རྡལ་ཧོང་ཀང་གྲོང་སྡེའི་གཞིས་མི་ཝུའུ་ཉང་ཁེན་གྱིས་ང་ས་ཆ་གཞན་དུ་ལས་ཀ་བྱེད་པར་འགྲོ་དགོས་ཀྱི་མེད། ད་ལྟ་གྲོང་སྡེའི་ནང་གི་དམངས་སྤྱོད་མགྲོན་ཁང་དུ་ལས་ཀ་བྱེད་ཀྱིན་ཡོད། ཡོང་འབབ་གསོག་ཐུབ་ལ་ཁྱིམ་མིར་ལྟ་རྟོག་ཀྱང་བྱེད་ཐུབ་ཀྱི་འདུག་ཅེས་བཤད་པ་རེད། ལི་ཕིང་རྫོང་དུ་གྲོང་སྡེ་དབུལ་པོ་ཁྱོན་བསྡོམས249ཡོད་པ་དེའི་ནང་གྲོང་སྡེ་ཤིན་ཏུ་དབུལ་པོ118ཡོད་པ་རེད། ཀྲུང་གོའི་ཡུལ་སྐོར་ཚོགས་པས་རྫོང་དེར་དམིགས་འཛུགས་རོགས་སྐྱོར་བྱས་ནས་དམངས་སྲོལ་རིག་གནས་དང་། ཏུང་རིགས་ཀྱི་ཁྱད་ཆོས། ཞིང་སྡེའི་ཡུལ་ལྗོངས། སོར་གནས་དམངས་སྲོལ་སོགས་ཀྱི་ཐོན་ཁུངས་སྙོམས་སྒྲིག་བྱས་ཏེ་རྩེ་གྲའི་ཁྱིམ་གཞིས་སྡོད་ཁང་བསྐྲུན་མང་ཚོགས་དབུལ་པོ1802ལ་ཕན་པ་ཐོབ་ནས་ཕྱུག་པོར་ཆགས་ཡོད་པ་རེད།
ཤིན་ཏུ་དབུལ་པོའི་རྫོང་ཀོང་ཞི་པཱ་མཱ་རྫོང་གིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དབུལ་ཐར་འགག་སྒྲོལ་གྱི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས་ཡུལ་སྐོར་འཕེལ་རྒྱས་དང་དབུལ་ཐར་འགག་སྒྲོལ་གྱི་གོམ་སྟབས་གཅིག་མཚུངས་མཐའ་འཁྱོངས་བྱས་པས་ཡུལ་སྐོར་གྱི་སྣོན་ཐབས་དང་དབུལ་པོ་ཉུང་གཏོང་བྱེད་ཐབས་མངོན་འགྱུར་བྱུང་ཡོད། པཱ་མཱ་རྫོང་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ལུས་རྩལ་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཧོང་ཡན་ཧྥེ་ཡིས་པཱ་མཱ་དབུལ་པོར་གྱུར་ཚད་བརྒྱ་ཆ1.24ཡི་ཐོག་མར་ཆག་ཡོད་པ་རེད་ཅེས་བཤད།
ཡུན་ནན་ཧུང་ཧོ་ཡི་གྲོང་སྡེ་དབུལ་པོའི་ཨ་ཀྲེ་ཁོ་གྲོང་སྡེས་ཡུལ་སྐོར་ལ་བརྟེན་ནས་གསེར་གྱི་ཕོར་པ་འཁྲུ་ནས་ལྟོ་ཆས་སློང་བའི་འུ་ཐུག་ཐབས་ཟད་ཀྱི་གནས་ཚུལ་མཇུག་སྒྲིལ་བ་རེད། གྲོང་སྡེ་དེ་འཛམ་གླིང་རིག་གནས་ཤུལ་བཞག་ཧ་ཉི་སྐས་ཞིང་གི་ལྟེ་གནས་ཁུལ་དུ་ཡོད་པར་བརྟེན། མིག་སྔར་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་རང་བྱུང་གི་སྤྲོ་ཉམས་དང་སྲོལ་རྒྱུན་བཟོ་རྩལ། ཧ་ཉིའི་རིག་གནས་སོགས་ཀྱིས་བརྗོད་དོན་གཙོ་བོ་བྱས་པའི་ཡུལ་སྐོར་མྱོང་རོལ་གྱི་བྱེད་སྒོ་ཁྱབ་གདལ་བཏང་བས་ཡུལ་སྐོར་བས་དགོས་མཁོ་ལྟར་ཡུལ་སྐོར་བྱེད་ཆོག་གི་ཡོད་པ་རེད། 2019ལོར་གྲོང་མིར་ཡོང་འབབ་སྒོར་ཁྲི30ལྷག་ཙམ་བྱུང་ནས་གྲོང་སྡེ་ཡོངས་ཀྱི་དུད་ཚང་དབུལ་པོ23དབུལ་ཐར་བྱེད་རོགས་བྱས་ཡོད་པ་རེད།
ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ནས་བཟུང་རྒྱལ་ཡོངས་ཀྱི་གྲོང་སྡེ་དབུལ་པོ་ཁྲི2.26གིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་ནས་དབུལ་ཐར་ཕྱུག་འགྱུར་བྱུང་བ་དང་ཡུལ་སྐོར་དབུལ་སྐྱོར་ཐད་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་མཛེས་སུ་བཏང་བར་མ་ཟད། དཔལ་འབྱོར་འཕར་ནས་ཡུལ་སྡེ་དར་རྒྱས་གཏོང་རོགས་ཀྱང་བྱས་པ་རེད།
ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱུང་བར་གྱུར།
མཛེས་སྡུག་གི་སྐྱེ་ཁམས་ཁོར་ཡུག་ནི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་རྨང་གཞི་ཡིན་པ་རེད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་ཡུལ་སྐོར་ལས་རིགས་ཀྱིས་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཅངས་ནས་ལྗང་མདོག་འཕེལ་རྒྱས་དེ་ཡུལ་སྐོར་འཆར་འགོད་དང་། གསར་སྤེལ། དོ་དམ། ཞབས་ཞུ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པ་རེད།
ཁྲུང་ཁྲུང་དང་། ངང་ངུར་པ། ངང་དཀར། ད་དུང་འདབ་ཆགས་ཁྲོད་ཀྱི་བྱ་མཆོག་ཞེས་བརྗོད་པའི་ཀྲུང་ཧྭ་ཆིའུ་ཧྲ་ངང་པའང་ཡོད། དགུན་དུས་ཀྱི་ཀྲེ་ཅང་སུང་དབྱང་རྫོང་གི་སུང་དབྱིན་ཞིས་འདི་ཉིད་རྩ་ཆེའི་འདབ་ཆགས་སྣ་ཚོགས་ཀྱི་འཚོ་སྡོད་བྱ་ཡུལ་ཞིག་ཏུ་གྱུར་ནས་གཙང་པོ་བརྒྱུད་ཡུལ་དུ་གཞིས་མི་དང་ཡུལ་སྐོར་བས་མཛེས་ལྗོངས་ལ་མྱོང་རོལ་དང་འདབ་ཆགས་ལ་བལྟས་ནས་སྐྱེ་ཁམས་མྱོང་རོལ་དང་སེམས་ལྷོད་ལ་བབས་ཐུབ་པའི་གདམ་ག་ཞིག་ཏུ་གྱུར་ཡོད་པ་རེད།
དེ་གར་མཛེས་སྡུག་ལྡན་པའི་སྐྱེ་ཁམས་དེ་མཛེས་སྡུག་ལྡན་པའི་དཔལ་འབྱོར་དུ་འགྱུར་བཞིན་ཡོད་པ་རེད། སུང་དབྱིན་ཞིས་ཀྱི་ངོགས་གཉིས་ཀྱི་རྒྱན་ཆའི་ཁྱད་ལྡན་ས་ཚུགས་ཚང་མར་འགྲེམས་ཁྱམས་དང་། ཇ་ཁང་བཅས་ཀྱི་སྟེགས་བུ་ཡོད་པ་དང་། ཆུ་དང་ཉེ་བའི་གྲོང་སྡེ་རུ་ཡུལ་སྐོར་ཕྱོགས་བསྡུས་ཅན་གྱི་གྲོང་སྡེ་སྣ་ཚོགས་རིམ་གྱིས་དར་ནས་གྲོང་སྡེར་སྐྱོད་སྐབས་གྲོང་སྡེའི་དཔལ་འབྱོར་ལ་སྐུལ་འདེད་གཏོང་གི་ཡོད། པིན་ཧྲུའེ་གཙང་པོའི་ལམ་བུ་ནས་རི་བོ་ཆེ་མོར་སྣུར་སྲིང་བྱས་པའི་གནའ་བོའི་གྲོང་སྡེའི་གནའ་ལམ་ནས་བཟུང་གྲོང་སྡེ་བརྒྱ་ལྷག་ཙམ་དང་མང་ཚོགས་ཀྱི་སྡོད་ཁང་དང་ཞིང་པའི་སྤྲོ་སྐྱིད་ཁང་གང་སར་ཁྱབ་ཡོད་པ་རེད།
2019ལོར་ཀྲུང་གོའི་ཡུལ་སྡེའི་སྤྲོ་གསེང་ཡུལ་སྐོར་ལས་རིགས་ཀྱིས་ཡུལ་སྐོར་བ་མིའི་ཐེངས་གྲངས་དུང་ཕྱུར33ལ་སྣེ་ལེན་ཞུས་པར་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར8500ལྷག་ཙམ་ལ་ཟིན་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། ཡུལ་སྡེའི་ཡུལ་སྐོར་དེ་ལྟ་སྐོར་དང་། སྤྲོ་གསེང་བཅས་མཉམ་འདྲེས་རྣམ་པའི་ཕྱོགས་སུ་འགྱུར་ལྡོག་ཕྱིན་ནས་ཁྱད་ཆོས་སྡོད་ཁང་དང་། མཚན་མོར་ཡུལ་སྐོར། རིག་གནས་མྱོང་ཚོར།བརྗོད་དོན་གཙོ་བོའི་ཞིབ་འཇུག་སློབ་སྦྱོང་སོགས་ཀྱི་ཐོན་རྫས་ཐོན་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དཔེ་སྟོན་ཐོན་ལས་དང་། ཡུལ་སྡེའི་དཔལ་འབྱོར་དར་རྒྱས་གཏོང་བ། གནས་སྡོད་ལ་འཚམ་པའི་ཁོར་ཡུག་གཏོད་པ་བཅས་ཀྱི་དམངས་ཕྱུག་ཐོན་ལས་ཤིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།
ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཡུལ་སྐོར་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་སུང་རུའེ་ཡིས་ཡུལ་སྐོར་ལས་རིགས་ནི་དཔེ་མཚོན་གྱི་ལྗང་མདོག་ཐོན་ལས་ཤིག་རེད། ལྗང་མདོག་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་བུ་མཐའ་འཁྱོངས་བྱ་རྒྱུ་ནི་ཡུལ་སྐོར་ལས་རིགས་རང་ངོས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འགན་ལེན་ཞིག་ཡིན་ལ་ཡུལ་སྐོར་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ལྷུ་ཚིགས་གལ་ཆེན་ཞིག་ཀྱང་རེད། ཡུལ་སྐོར་དེ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པ་ལག་ལེན་བསྟར་བ་དང་མུ་མཐུད་ནས་སྔོ་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་གསེར་རི་དངུལ་རིར་བསྒྱུར་བའི་ཁྱབ་ཁོངས་གལ་ཆེན་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།
རྒྱལ་སྤྱིའི་སྤེལ་རོགས་ནུས་ཤུགས་ལྡན་པར།
ཡུལ་སྐོར་གྱིས་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་དང་། གསེར་རི་དངུལ་རི་འཁྱེར་ཡོང་བ། བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པ་བཅས་ནི་དཔལ་ཡོན་བརྒྱུད་སྤེལ་དང་། རིག་གནས་སྤེལ་རེས། མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་ཀྱི་འབྲེལ་ཟམ་ལྟ་བུ་ཞིག་རེད། ཡུལ་སྐོར་ནི་དམངས་ཁྲོད་ཀྱི་ཕྱི་འབྲེལ་འཁྲུག་ཆ་དོད་ཤོས་དང་ཕན་འབྲས་ཆེ་ཤོས་ཀྱི་ཐབས་ལམ་གྱི་གྲས་ཤིག་རེད། སྟོབས་ཤུགས་ཧ་ཅང་ཆེན་པོ་ཞིག་གིས་ཉེ་བའི་ལོ་ཤས་རིང་འཛམ་གླིང་གི་གར་སྟེགས་ཐོག་ཀྲུང་གོའི་ཉམས་འགྱུར་རྒྱུན་ཆད་མེད་པར་མངོན་པར་བྱས་ནས་འཛམ་གླིང་ལ་ཀྲུང་གོའི་སྐད་སྒྲ་རྒྱུན་མཐུད་ངང་བརྒྱུད་སྤྲོད་བྱེད་པ་དང་འཛམ་གླིང་ལ་ཀྲུང་གོའི་འཛུམ་མདངས་སྟོན་གྱི་ཡོད། དེ་ནི་ཀྲུང་གོའི་ཡུལ་སྐོར་བ་ཞིག་རེད། ཁོ་ཚོ་ནི་རྒྱལ་ཁབ་བར་འགྲོ་འོང་ཡག་ཤོས་བྱེད་མཁན་དམངས་ཁྲོད་ཀྱི་ཕོ་ཉ་རེད། ཡུལ་སྐོར་དེ་ཀྲུང་གོའི་གཏམ་རྒྱུད་ཤོད་པ་དང་འཛམ་གླིང་འབྲེལ་བ་བྱེད་ཤུགས་ཆེ་རུ་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་ཞབས་འདེགས་ཞུ་བ་ཡིན་ནའང་འདྲ། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དང་ལེན་བྱེད་པ་ཡིན་ནའང་འདྲ།ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་རིག་གནས་དང་ཡུལ་སྐོར་ཁྱབ་ཁོངས་སུ་མཉམ་ལས་ཀྱི་སྟེགས་བུ་བསྐྲུན་པ་དང་མཉམ་ལས་ཀྱི་རྣམ་པ་གསར་གཏོད་བྱས་ནསདཔལ་ཡོན་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་བཏང་ཡོད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་ཀྲུང་གོས་རྒྱལ་ཁབ157དང་རིག་གནས་དང་ཡུལ་སྐོར་མཉམ་ལས་སྲིད་གཞུང་བར་གྱི་ཡིག་ཆར་མིང་རྟགས་བཀོད་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་གྲུབ་འབྲས་གལ་ཆེན་གྱི་གྲས་ཤིག་ཡིན་པ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་ཀྲུང་གོས་རིག་གནས་དང་ཡུལ་སྐོར་གྱི་ལོ་གསར་དུས་ཆེན་ཆེ་གྲས29གཉེར་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་འགྲོ་འོང་དང་དེ་བཞིན་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་མང་པོ་ཞིག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད།