ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-16


        བརྒྱད་ཟིལ་རྫོང་སྒྲིག་ཁྲིམས་ལྟ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཐང་མགོ་གྲོང་རྡལ་དུ་ཞིབ་བཤེར་བྱེད་སྐབས་ཁྱོད་ཚོའི་མེ་གསོད་ཆུ་ཟོ་ཆུ་ཡིས་བཀང་ཡོད་དམ། དུས་རྒྱུན་ཇི་ལྟར་དོ་དམ་བྱེད་ཀྱི་ཡོད།སྣུམ་སོག་མྱུར་དུ་འབར་ཐུབ་བམ། འཕྲལ་སྡོམ་ལག་ཁྱེར་གློག་སྒྲོན་འབར་རམ་ཞེས་འདྲི་དུས་ཐང་མགོ་གྲོང་རྡལ་བོན་པོ་གྲོང་སྡེའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཡེ་ཧུང་གིས་ཆུས་ཁེངས་ནས་འཕྲལ་སྡོམ་སྒྲིག་ཆས་ལ་ཆེད་མངགས་དོ་དམ་བྱེད་མཁན་ཡོད་པས་ང་ཚོས་དུས་ངེས་མེད་ངང་ཞིབ་བཤེར་བྱས་ནས་གནད་དོན་དུས་ཐོག་ཏུ་སེལ་གྱི་ཡོད་ཅེས་ལན་བརྒྱབ་ཡོད།
        བརྒྱད་ཟིལ་རྫོང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དུས་མཚམས་སུ་སླེབས་པ་ནས་བཟུང“དྲི་བ་དྲིས་ལན”གྱི་སྣང་ཚུལ་དེ་ལྟ་བུ་རྫོང་ཡོངས་ཀྱི་ཡུལ་ཤོག(གྲོང་རྡལ)16ཏུ་རྒྱུན་ཆད་མེད་པར་ཐོན་ཡོད། རྫོང་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་དོན་ནུས་ལྡན་ངང་དོན་འཁྱོལ་བྱ་རྒྱུར་འགན་ལེན་བྱ་ཆེད།རྫོང་དེའི་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱིས《སྒྲིག་ཁྲིམས་ནན་དུ་བཏང་ནས་ཉེ་དུས་ཀྱི་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱ་རྒྱུའི་སྐོར་གྱི་ཛ་དྲག་བརྡ་ཐོ》བཏང་བ་དང་ཆེད་དོན་སྐོར་ཞིབ་ཚོགས་ཆུང1དང་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་འགའ་བཙུགས་ནས་རྫོང་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་དོན་གྱི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་ལ་ཁྱོན་ཡོངས་ནས་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།
        ཆེད་དོན་སྐོར་ཞིབ་དངརྒྱུན་ལྡན་ལྟ་སྐུལ་ཟུང་འབྲེལ་བྱས་པའི་བྱེད་ཐབས་སྤྱད་དེ་གཙོ་བོ་བྱེས་སུ་མེ་སྤྱོད་རིགས་གཏན་འགོག་དང་རི་ཐོག་ཏུ་འགྲོ་འོང་བྱེད་པར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ།སྐོར་གཡེང་ཞིབ་བཤེར་དངོས་ལ་དམ་འཛིན།ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ།ཁྲིམས་ལྟར་ཁྲིམས་འགལ་རིགས་ལ་ཁྲིམས་ཆད་བཅད་པ་བཅས་ལ་དམིགས་ནས་དུས་ཚོད་ངེས་མེད་དང་བརྡ་མི་གཏོང་བ།སྙན་ཞུར་མི་ཉན་པ་བཅས་བྱས་ཏེ་གྲོང་སྡེའི་ཚོགས་ཆུང་དང་ཞིང་དུད་དུ་ཐད་ཀར་བསྐྱོད་དེ་སྡེ་ཚན་ཁག་གི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་དང་།མེ་གསོད་སྔོན་འགོག་ལས་ཀའི་དྲིལ་བསྒྲགས།མེ་སྐྱོན་དོ་དམ་ཚོད་འཛིན་བྱེད་ཐབས་དོན་འཁྱོལ།མེ་གསོད་དངོས་རྫས་བཀོད་སྒྲིག མེ་གསོད་ལས་ཀའི་ལས་རེས་དང་འཕྲལ་བསྟུན་ཐག་གཅོད་དོན་འཁྱོལ་སོགས་ཀྱི་གནས་ཚུལ་ལ་ཁྱོན་ཡོངས་ནས་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད། དེ་དང་ཆབས་ཅིག་གནད་དོན་དང་ཁུངས་སྣེ་རྩིས་ཁྲའི་དོ་དམ་ལམ་ལུགས་བཙུགས་ནས་ཆེད་མིས་ཞིབ་ཕྲའི་འགན་འཁུར་རྒྱུ་དོན་འཁྱོལ་བྱེད་པ་དང་།འགུལ་རྣམ་གསར་སྒྱུར་དོ་དམ་བྱེད་པ།ག་དུས་ཡིན་ཡང་ཚན་པ་ཁག་གི་གནད་དོན་དག་ཐེར་ཡོ་བསྲང་བྱས་ནས་ཐོ་བསུབ་པའི་གནས་ཚུལ“འཕྲེད་ཕྱོགས་ནས་མཐའ་བར་གསུམ”གྱི་ལྟ་སྐུལ་ཞིབ་བཤེར་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱས་ཏེ་ལྡོག་སྐུལ་འགན་འཁྲི་དོན་འཁྱོལ་བྱས་ཡོད། ད་སྔའི་བར་སྐོར་གཡེང་རྟོག་ཞིབ་དང་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་རྫོང་ཡོངས་ཀྱི་ཡུལ་ཤོག(གྲོང་རྡལ)16དང་རྫོང་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས་གནད་དོན37དག་བཅོས་བྱས་པ་དང་གྱོད་དོན2ཐོ་འགོད་བྱས་པ། ཡིག་ཐོག་ནས་མི2ལ་ཁ་ཏ་བསླབ་གསོ་བྱས་པ། མི2ལ་དྲན་སྐུལ་སློབ་གསོ་བཏང་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1