དཀར་མཛེས་ཁུལ་གྱི་ཧྲུའུ་ཅི་གསར་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-19


        སྤྱི་ཟླ་4པའི་ཚེས་15ཉིན་གྱི་སྔ་དྲོར། དཀར་མཛེས་ཁུལ་གྱིས་ཁུལ་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་འཚོགས་ཤིང་། ཚོགས་ཐོག་ཏུ་ཀྲུང་གུང་སི་ཁྲོན་ཞིང་ཨུ་ཡིས་གཏན་འབེབས་བྱས་པ་ལྟར། བློ་མཐུན་ཧྲེང་དབྱང་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཨུ་ཡོན་དང་རྒྱུན་ཨུ། ཧྲུའུ་ཅིར་བསྐོས་པ་དང་། བློ་མཐུན་ལིའུ་ཁྲེང་མིང་གིས་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་དང་རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་འགན་མི་ཁུར་པར་ཁྱབ་བསྒྲགས་བྱས།
        སྤྱི་ལོ་2020ལོའི་ཟླ་5པར། སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག །བློ་མཐུན་ལིའུ་ཁྲེང་མིང་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1