མེ་འགོག་ཡོ་བྱད་སྤྱོད་སྟངས་གསོ་སྦྱོང་བྱེད་བཞིན་པའི་ཚུལ།
གྲོང་སྡེ་རིམ་པའི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་བབ་བསྟུན་ཐག་གཅོད།མེ་གསོད་བཅས་ཀྱི་ཕྱོགས་བསྡུས་འཇོན་ནུས་ཇེ་དྲག་ཏན་ཏིག་གཏོང་བ་དང་། རྫོང་ཡོངས་ཀྱི་གསར་དུ་བསྐོ་བཞག་བྱས་པའི་གྲོང་སྡེའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་ནགས་ཚལ་རྩྭ་ཐང་གི་མེ་འགོག་ཕྱོགས་བསྡུས་ལས་སྒོའི་བྱང་ཚད་ཁྱོན་ཡོངས་ནས་ཇེ་དྲག་ཏུ་གཏང་ཆེད །ཉེ་ཆར་སེར་ཐར་རྫོང་ཨུ་རྩ་འཛུགས་པུའུ་ཡིས་རྫོང་ནགས་ཚལ་འགོག་སྲུང་བཀོད་འདོམས་པུའུ་དང་།ནགས་ཚལ་དང་རྩྭ་ཐང་ཅུས།འཕྲལ་སྡོམ་དོ་དམ་ཅུས།རྫོང་མེ་འགོག་རོགས་སྐྱོབ་རུ་ཆེན་བཅས་དང་མཉམ་འབྲེལ་བྱས་ནས་ཆ་ཚང་སློབ་ཆུང་གསུམ་པའི་ལུས་རྩལ་ཐང་ཆེན་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་ཡོ་བྱད་གསོ་སྦྱོང་དང་མེ་གསོད་གྲབས་སྦྱོང་བྱས་པ་རེད།
རྫོང་ཡོངས་ཀྱི་གསར་དུ་བསྐོ་གཞག་བྱས་པའི་གྲོང་སྡེའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི130དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན12གྲབས་སྦྱོང་ནང་ཞུགས་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་མེ་འགོག་ཡོ་བྱད་སྣ་ཚོགས་གྲལ་སྟར་འགྲིག་པོས་ལུས་རྩལ་ཐང་དུ་བཞག་པ་དང་རྫོང་མེ་འགོག་རུ་ཆེན་གྱི་འབྲེལ་ཡོད་འགན་འཁུར་བས་ཡུལ་དངོས་སུ་དཔེ་སྟོན་མཛུབ་ཁྲིད་བྱས་ཏེ་མེ་འགོག་ཡོ་བྱད་སྣ་ཚོགས་ཀྱི་ནུས་པ་དང་།ཁྱད་ཆོས།བཀོལ་སྤྱོད་བྱེད་སྟངས།དེ་བཞིན་བདག་སྐྱོང་བཅས་ཀྱི་ཐད་གསོ་སྦྱོང་བྱས་པ་དང་། ནགས་ཚལ།རྩྭ་ཐང་ཅུས་ཀྱི་ལས་སྒྲུབ་མི་སྣས་ཚང་མར་མེ་འགོག་དྲིལ་བསྒྲགས་ཤོག་བྱང་བཀྲམ་པ་རེད།
དེའི་རྗེས་ཡུལ་དངོས་སུ་རྨང་གཞིའི་མེ་སྐྱོན་སེལ་བའི་གྲབས་སྦྱོང་ལ་ལད་མོ་བྱས་ཏེ་མེ་སྐྱོན་གྱི་ཉེན་བརྡ་འབྱོར་སྐབས་ཡུལ་དངོས་ཀྱི་སྨི30ཡི་ཕྱི་རོལ་གྱི་རྩྭ་ཐང་དུ་མེ་སྐྱོན་ཐོན་པས་མགྱོགས་མྱུར་དུ་མེ་གསོད་དུ་འགྲོ་རོགས་ཞེས་པའི་ཉེན་བརྡ་གོ་རྗེས་ཆེད་ལས་མེ་གསོད་རུ་ཆེན་གྱིས་འཕྲལ་མར་དང་ལེན་ཞུས་ནས་ཉེན་མེད་གོ་རིམ་ལྡན་པའི་ངང་ལད་ཟློས་མེ་གསོད་བྱས་པར་མ་ཟད།མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཕྱིར་འཐེན་ཡང་བྱས་ཡོད། གྲབས་སྦྱོང་ནང་མེ་གསོད་རུ་ཁག་གི་འཕྲལ་སྡོམ་བྱ་སྤྱོད་དང་ཡུལ་དངོས་ཐག་གཅོད།མཐུན་སྦྱོར་གཞོགས་འདེགས།མེ་གསོད་རྩལ་ནུས་ཀྱི་ནུས་པ་བཅས་ལ་ཁྱོན་ཡོངས་ནས་ཞིབ་དཔྱད་བྱས་པས་སྔོན་དཔག་གི་ཕན་འབྲས་ཐོན་ཡོད།
རྡོ་ལོ་ཡུལ་ཤོག་རྒྱ་མཁའ་གྲོང་སྡེའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཡང་སྒྲོན་གྱིས་ད་ཐེངས་གསོ་སྦྱོང་བྱས་པར་བརྒྱུད་ང་ཚོས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་གསོད་ཤེས་བྱ་སོགས་རྩལ་ནུས་སྔར་བས་ཁོང་དུ་ཆུད་པ་བྱས་ནས་ཚང་མས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སེལ་བའི་འདུ་ཤེས་དང་འཕྲལ་སྡོམ་ཐག་གཅོད་ནུས་པ་ཇེ་དྲག་ཏུ་བཏང་བྱུང་།ང་ཚོས་ཕྱོགས་སྡོམ་ནན་ཏན་བྱས་ནས་སྦྱངས་པའི་རིགས་པའི་གཞུང་ལུགས་དང་ཤེས་བྱ།རྩལ་ནུས་བཅས་ནགས་ཚལ་མེ་འགོག་ལག་ལེན་ཁྲོད་གང་ལེགས་སྤྱོད་རྒྱུ་ཡིན་ཞེས་བཤད་པ་རེད།།