སྐྲ་དཀར་པོས་སེམས་པ་དཀར་པོ་བརྒྱན། མཚམས་སྤྲིན་དམར་པོའི་གསེར་འོད་ལམ་ལམ་འཕྲོ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 04-21



----ལྷོ་ཁ་གྲོང་ཁྱེར་གྱི་ལས་འཁྱུར་ངལ་གསོའི་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་སློབ་གསོ་གཏིང་ཟབ་བྱས་པའི་ཟུར་བྲིས།
       “ང་ཚོས‘དཀའ་སྡུག་མྱོང་ཐུབ་པ་དང་། འཐབ་འཛིང་བྱེད་ཐུབ་པ། བཟོད་བསྲན་བྱེད་ཐུབ་པ། མཐུན་སྒྲིལ་ཧ་ཅང་ཡོང་བ་དང་སྐྱེས་འབུལ་བྱེད་ཐུབ་པ’དང‘བོད་བསྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’དང‘གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་། གཉིས་ནས་འཆི་རྒྱུར་མི་སྐྲག་པ། དཔའ་ངར་ཞུམ་མེད་ཀྱིས་སྤོབས་པ་ཆེར་བསྐྱེད་དང་།  རྐང་རྟེན་བྱེད་ཕོད་པ།  དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་། མི་རིགས་མཐུན་སྒྲིལ་གྱི’ ‘ཕྱོགས་གཉིས་ཀྱི་སྙིང་སྟོབས’དར་སྤེལ་གཏོང་དགོས”ཞེས་སྤོབས་ཉམས་ལྡན་པའི་སྐད་ཆ་འདི་དག་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལས་འཁྱུར་ངལ་གསོའི་ཏང་ཡོན་ལས་བྱེད་པ་ཝང་ལེན་ཧྲན་གྱི་ཁྱིམ་ནས་གྲགས་ཤིང་། འདི་ནི་ཝང་ལེན་ཧྲན་གྱིས་གཟའ་མཇུག་གི་ཉིན་མོ་བེད་སྤྱད་ནས་བུ་ཕྲུག་རྣམས་མཉམ་གཅིག་ཏུ་བསྡུས་ཏེ་ “བོད་བསྐྱོད་པ་རྒན་པའི་སྙིང་སྟོབས”དང“ཕྱོགས་གཉིས་ཀྱི་སྙིང་སྟོབས”བརྗོད་པའི་རྣམ་པ་རེད། རྣམ་པ་འདིའང་ཉེ་ལམ་ལྷོ་ཁ་གྲོང་ཁྱེར་གྱི་ལས་འཁྱུར་ངལ་གསོའི་ཏང་ཡོན་ལས་བྱེད་པས་ལོ་བརྒྱའི་གཟི་བརྗིད་ལྡན་པའི་ཏང་གི་ལོ་རྒྱུས་མྱོང་ཚོར་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་གཏོང་བའི་ལས་ལ་གཞོལ་བའི་བསྡུས་གཟུགས་ཤིག་ཀྱང་ཡིན།
“ཐོག་མའི་བསམ་འདུན་མི་བརྗེད་པར་ལོ་རྒྱུས་སེམས་ལ་བརྟན་པོར་བཟུང་ནས་སྙིང་སྟོབས་ཆེན་པོས་མདུན་དུ་སྐྱོད”ཅེས་པའི་རྗེས་དྲན་ལྟ་སྐོར་གྱི་བྱ་འགུལ་སྤེལ་བའི་རྣམ་པ། 
       ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ལས་དོན་སྤེལ་བ་ནས་བཟུང་། ལྷོ་ཁ་གྲོང་ཨུད་ལས་བྱེད་རྒན་གྲས་ཅུས་ཀྱིས་འབད་པ་ཆེན་པོས་ལས་འཁྱུར་ངལ་གསོ་བྱས་པའི་ཏང་ཡོན་ལས་བྱེད་རྣམས་ལ་གསར་གཏོད་ཀྱི་རྣམ་པ་དང་། ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་སྣེ་ཁྲིད་རྩ་འཛུགས་བྱས་ཏེ།  “སློབ”དང“རྟོགས”དང“སྒྲུབ”བཅས་ཡིག་འབྲུ་གསུམ་གྱི་མན་ངག་ཡག་པོར་ཀློག་འདོན་བྱེད་པ་འབུར་ཐོན་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་མཐོ་ས་ནས་མགོ་རྩོམ་པ་དང་། ཚད་གཞི་མཐོན་པོ་ཡོང་བར་སྐུལ་འདེད་བཏང་སྟེ། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་གཏིང་ཟབ་དང་སློབ་སྦྱོང་ཟབ་མོ་བྱས་ནས།  ཀླད་པ་དང་སེམས་ཀྱི་ནང་དུ་སིམ་པར་ཁག་ཐེག་བྱས་པ་རེད།
       “སློབ”ཀྱི་ཐད་ནས་བརྩོན་པ་བསྐྱེད་དེ་བསམ་བློར་ཞུན་བརྡར་ཆེན་མོ་བྱས་ནས་ལྷད་མེད་རྣམ་དག་སྲུང་བ།
       དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་རྣམ་པ་གང་ལེགས་སྒོས་བེད་སྤྱད་ནས་སློབ་སྦྱོང་སློབ་གསོ་སྤེལ་ཞིང་། དྲ་ཐོག་ནི་སྐད་འཕྲིན་ཚོགས་པ་དང་། “ལྷོ་ཁའི་ལས་བྱེད་རྒན་པའི”གཞུང་སྟེགས་སོགས་ཀྱི་ལས་སྟེགས་བརྒྱུད་ནས་ཉིན་རེར་གྲོང་ཁྱེར་ཡོངས་ཀྱི་ལས་འཁྱུར་ངལ་གསོའི་ཏང་ཡོན་ལས་བྱེད་པར《ཏང་གི་ལོ་རྒྱུས་ཀྱི་ལོ་བརྒྱའི་ཉིན་རེའི་ཀློག་འདོན》སོགས་ཀྱི་ཤེས་བྱའི་རྩོམ་ཡིག་ལོངས་སྤྱོད་བྱ་རྒྱུ་འོས་སྦྱོར་བྱས་པ་དང་། ཡུལ་དངོས་སུ་ལས་འཁྱུར་ངལ་གསོའི་ཏང་ཡོན་ལས་བྱེད་རྒན་པ་རྣམས་ལ“ཀྲུང་གོའི་གུང་ཁྲན་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཁྲོད་ཀྱི་མུ་མཐུད་དུ་མདུན་སྐྱོད་བྱེད་པའི་བློ་གྲོས་དང་ནུས་ཤུགས་བསྡུ་ལེན”ལ་ལྟ་བའི་ཆེད་དོན་སྙན་ཞུའི་ཚོགས་འདུ་རྩ་འཛུགས་བྱས་པར་མ་ཟད། ཟླ་རེར་གཅིག་སྡུད་ཀྱིས་སློབ་སྦྱོང་ཐེངས་གསུམ་བྱེད་པ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་པའི“3•28ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་འགྲོལ་བྱས་པའི་དྲན་རྟེན་གྱི་ཉིན་མོའི”བཞུགས་མོལ་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱ་འགུལ་བེད་སྤྱད་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་ཅིང་། ལས་འཁྱུར་ངལ་གསོའི་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་གོ་རྟོགས་ཐོབ་ཚད་གཏིང་ཇེ་ཟབ་ཏུ་འགྲོ་བའི་དུས་མཚུངས་སུ། མི་ཚོགས་ཀྱིས་སྔར་བས་ཏང་གི་བཀའ་དྲིན་ཚོར་བ་དང་དྲིན་གཟོ་བ་གཅིག་བསྡུས་བྱས་ཏེ། མཛེས་སྡུག་ལྡན་པའི་བོད་ལྗོངས་དང་། མཛེས་ཤིང་སྡུག་པའི་ལྷོ་ཁ་སྔར་བས་འབྱོར་ཕྱུག་ལྡན་ཞིང་སྟོབས་འབྱོར་ཆེ་བར་འཛུགས་སྐྲུན་བྱ་རྒྱུའི་ཐུན་མོང་གཅིག་མཐུན་གྱི་ལྟ་བ་གྲུབ་པ་རེད། མིག་སྔའི་བར་དུ། གཅིག་སྡུད་ཀྱི་སློབ་སྦྱོང་ཐེངས120ལྷག་ཙམ་རྩ་འཛུགས་བྱས་པ་རེད།
       “རྟོགས”ཀྱི་ཐད་ནས་དངོས་ཕན་བྱུང་སྟེ། གཟི་མདངས་ཆེ་བའི་མིག་དཔེས་མི་སེམས་ལ་སྐུལ་ལྕག་ཐེབས་པ།
       ཏང་གི་ལོ་བརྒྱའི་བརྒྱུད་རིམ་ནི་དཀའ་ཚེགས་ཧ་ཅང་ཆེ་ཞིང་། ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པའི་ཧུར་བརྩོན་གྱི་འཐབ་ལམ་ཞིག་ཡིན། མི་རབས་རེ་རེའི་གུང་ཁྲན་ཏང་མིས་མི་རིགས་རང་བཙན་དང་། བསྐྱར་དར། མི་དམངས་བཅིངས་འགྲོལ་དང་། བདེ་སྐྱིད་ཀྱི་ཆེད་དུ་ཁྲག་དྲོན་ས་ལ་གཏོར་ཞིང་མགོ་རུས་དཀར་པོ་རྒྱང་དུ་གཡུགས་པ་ཡིན་པས། ང་ཚོས་མི་རབས་ནས་མི་རབས་བར་དུ་ནམ་ཡང་སེམས་ནས་བརྗེད་མི་རུང་། འདི་ནི་ལས་འཁྱུར་ངལ་གསོའི་ཏང་ཡོན་ལས་བྱེད་པས་བོད་ལྗོངས་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་འགྲོལ་བྱས་པའི་རྗེས་དྲན་ཁང་སོགས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་ལྟ་སྐོར་དུ་ཕྱིན་ཏེ།  《ཏང་འཛུགས་པའི་རླབས་ཆེའི་བྱ་གཞག》སོགས་གསར་བརྗེའི་གློག་བརྙན་ལ་བལྟས་པ་དང་།  “ཐོག་མའི་བསམ་འདུན་མི་བརྗེད་པ་དང་། ལོ་རྒྱུས་ཡིད་ལ་བརྟན་པོར་བཟུང་ནས་སྤོབས་པ་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱེད”ཅེས་པའི་རྗེས་དྲན་བྱ་འགུལ་ལ་ཞུགས་པ་དང་།  “གསར་བརྗེའི་གློག་བརྙན་ལ་བལྟས་ནས་ལོ་བརྒྱའི་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད”ཅེས་པའི་ཏང་གི་ཉིན་མོ་བརྗོད་དོན་བྱས་པ་དང་། “གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་ཏེ། གསར་བརྗེའི་སྙིང་སྟོབས་རྒྱུད་འཛིན་བྱེད”ཅེས་པའི་དུར་ཕྱགས་བརྗོད་དོན་བྱས་པ་སོགས་ཀྱི་བྱ་འགུལ་ནང་ཞུགས་རྗེས་ཀྱི་ཐུན་མོང་གི་མྱོང་ཚོར་ཡིན། ཏང་ནང་ཞུགས་པའི་དམ་ཚིག་བསྐྱར་དྲན་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མཇལ་བ། སྔོན་གཤེགས་དཔའ་བོའི་རྗེས་དྲན་ཁང་ལ་ལྟ་སྐོར་བྱེད་པ་སོགས་ཀྱི་རྣམ་པ་མང་པོའི་བྱ་འགུལ་ནང་ཞུགས་པ་བརྒྱུད། ལས་འཁྱུར་ངལ་གསོའི་ཏང་ཡོན་ལས་བྱེད་པ་ཚོས་སྔོན་གཤེགས་དཔའ་བོའི་འདས་པོའི་ཕུགས་རེ་རྒྱུད་འཛིན་བྱ་བར་སྐུལ་སྤེལ་བཏང་སྟེ། མི་ཚེའི་ནུས་པ་ལྷག་མ་དང་མུ་མཐུད་དུ་རྒྱལ་ཁབ་ཀྱི་ཆེད་དུ་སྐྱེས་འབུལ་བྱེད་པའི་སྤྲོ་སེམས་དང་ངར་ཤུགས་འདོན་སྤེལ་བྱས་པ་རེད། མིག་སྔའི་བར། མི300ལྷག་གིས་གསར་བརྗེའི་རྟེན་གཞིར་ལྟ་སྐོར་བྱས་ཤིང་། སེམས་ཀྱི་མྱོང་ཚོར་བྲིས་པའི་རྩོམ་ཡིག50ལྷག་ཡོད་པ་རེད།
       “སྒྲུབ”ཀྱི་ཐད་ནས་བཀོད་པ་ངོ་མ་བཏོན་ནས་གསར་བརྗེའི་གཞི་རྒྱུ་མི་རབས་ནས་མི་རབས་བར་དུ་དར་སྤེལ་བཏང་།
       གསར་བརྗེའི་སྙིང་སྟོབས་ནི་མི་རབས་ནས་མི་རབས་དུ་རྒྱུད་འཛིན་བྱས་ཏེ་དར་སྤེལ་ཆེན་པོ་གཏོང་རྒྱུ་དེ་ཡིན་ཞིང་། གཙོ་ཐིག་འདི་དམ་པོར་བཟུང་ནས་ལས་འཁྱུར་ངལ་གསོའི་ཏང་ཡོན་ལས་བྱེད་པས“ངས་ཁྱིམ་མིར་ཏང་གི་ལོ་རྒྱུས་བཤད”ཅེས་པའི་སློབ་སྦྱོང་སློབ་གསོའི་བྱ་འགུལ་སྤེལ་བ་དང་། ལས་བྱེད་རྒན་གྲས་ཀྱི་སྒྲོག་འགྲེལ་ཚོགས་པ་རྩ་འཛུགས་བྱས་ནས་ལས་འཁྱུར་ངལ་གསོའི་ལས་བྱེད་ལས་བཟོ་པ་དང་། ཞིང་འབྲོག་མང་ཚོགས་དང་ལོ་ན་གཞོན་པའི་སློབ་མའི་ཁྲོད་དུ“ཏང་གི་ལོ་རྒྱུས་བརྗོད་པ་དང་། ཏང་གི་བཀའ་དྲིན་ཚོར་བའི”སྒྲོག་འགྲེལ་བྱེད་སྒོ་སྤེལ་ཏེ། ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ཏང་ཡོན་རྣམས་ལ་ཡང་བསྐྱར་ལང་ཚོའི་འོད་མདངས་འཕྲོ་རུ་བཅུག་ཅིང་།  ཏང་ལ་དགའ་བའི་ཚ་ལྷོག་ལྷོག་གི་བརྩེ་སེམས་ནི་སྐད་ཆའི་གདངས་དང་། ལུས་ཀྱི་ཉམས་འགྱུར་གྱི་སྟེང་ནས་ལྷུག་པོར་མངོན་གྱི་ཡོད། མིག་སྔའི་བར། ལས་འཁྱུར་ངལ་གསོའི་ཏང་ཡོན་ལས་བྱེད་པ20ལྷག་གིས“ངས་ཁྱིམ་མིར་ཏང་གི་ལོ་རྒྱུས་བརྗོད”ཅེས་པའི་སློབ་སྦྱོང་སློབ་གསོའི་བྱ་འགུལ་སྤེལ་ཏེ། ཕན་ཐོགས་པའི་མི་ཐེངས140ལྷག་ཙམ་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1