ལག་རྩལ་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུ་བཏོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-29




ཀྲུང་གོ་མི་རིགས་སྲོལ་རྒྱུན་ལག་རྩལ་མཁྱེན་ལི་བཟོ་གྲྭའི་ཁྲོམ་རའི་འཚོང་གཉེར་སྤྱི་ཁྱབ་ལྟ་སྐུལ་པ་ཟླ་བ་སྒྲོལ་མའི་གནས་ཚུལ་རགས་བཀོད།

ལག་རྩལ་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུ་བཏོད།

        དཔྱིད་སྟོད་ཀྱི་གངས་ལྗོངས་མཐོ་སྒང་དུ་བརྟན་གཡོའི་འཇིག་རྟེན་ཐམས་ཅད་ཀྱི་གྲང་བའི་ཟུག་རྔུ་འཇོམས་ཤིང་། མཛེས་སྡུག་གི་ལང་ཚོའི་གསོན་ཤུགས་གསར་པ་སྤྲས་པས། མི་རྣམས་ཀྱིས་དཔྱིད་ཀ་ནི་རེ་བ་གསར་པ་ཞིག་དང་ཡང་ན་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ལང་ཚོ་ཞིག་ཏུ་ངོས་འཛིན་བྱེད་ཅིང་། ང་ཚོ་མེ་ཏོག་གི་མཛེས་སྡུག་དང་ཁུ་བྱུག་གི་གསུང་སྙན་དང་འགྲོགས་ནས་སྡེ་དགེ་རྫོང་སྨན་ཤོར་གྲོང་རྡལ་དུ་བསྐྱོད་པ་ཡིན། སྡེ་དགེ་རྫོང་སྨན་ཤོར་གྲོང་རྡལ་གྱི་རི་ཚོགས་ཀྱིས་བསྐོར་བའི་ལག་རྩལ་བཟོ་ཁང་དུ་ན་གཞོན་ལག་ཤེས་པ་ཁ་ཤས་ཀྱིས་བློ་རྩེ་གཅིག་སྒྲིམ་ངང་བཟོ་རྩལ་ཐོན་རྫས་བརྐོས་པའི་སྒྲ་སྙན་པོ་ཞིག་བར་སྣང་དུ་ཁྱབ་བཞིན་འདུག།

        བཟོ་གྲྭར“ལོ་རབས་དགུ་བཅུ་པའི་ནང་སྐྱེས་པའི”སྦྱིན་བདག་ཟླ་བ་སྒྲོལ་མས་ཚོད་རྩིས་བྱས་པ་ལྟར་ན། སྲོལ་རྒྱུན་གྱི་ཟངས་བཟོའི་བཟོ་རྩལ་ཐོན་རྫས་ཤིག་ལ་ཐེངས་ཁྲི52ལྷག་ཙམ་བརྡུངས་རྗེས་གཞི་ནས་ལེགས་གྲུབ་བྱེད་ཐུབ་ཀྱི་ཡོད། གནའ་ནས་ད་བར་རྒྱུན་འཛིན་བྱེད་པའི་ལག་རྩལ་དེ་རིགས་ལ་ཉེ་བའི་ལོ་ཤས་རིང་ཁྲོམ་རའི་ནང་དགའ་བསུ་ཆེན་པོ་ཐོབ་ཅིང་། ཟླ་བ་སྒྲོལ་མ་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་ཕ་ཡུལ་དུ་ལོག་ནས་དེང་རབས་ཀྱི་ཚོང་གཉེར་འདུ་ཤེས་ལ་བརྟེན་ནས་ཁྱིམ་ཚང་གི་ལས་གྲྭར་བསྒྱུར་བཀོད་བྱས་པ་དང“མཁྱེན་ལི་བཟོ་གྲྭ”སྔོན་མ་དང་བསྡུར་ན་བྲིན་ཚོང་གྲངས་འབོར་ལྡབ20ལྷག་འཕར་ཡོད་པ་རེད།

        ཟླ་བ་སྒྲོལ་མ་ནི་ཕྱི་རྒྱལ་ནས་ཕ་ཡུལ་དུ་ཕྱིར་ལོག་པའི་བུ་མོ་ཞིག་ཡིན་ལ། ཁོ་མོ་ནི་སྨན་ཤོར་དབུལ་སྐྱོར་འཁོར་ཁང་གི“མཁྱེན་ལི་བཟོ་གྲྭའི”འགན་འཁུར་བ་རེད། མོའི་ཨ་ཕ་ནི་མཁྱེན་ལི་མཱ་ལིའི་ཟངས་མི་རབས་དྲུག་པ་དེ་རེད། མོ་རང་ཡང་སྒྱུ་རྩལ་བ་ཞིག་བྱེད་འདོད་ཅིང་། སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ཕྱིར་བགྲོད་དཀའ་བའི་དུས་མོ་རང་ཨ་རིར་ཟབ་སྦྱོང་དུ་བསྐྱོད་དེ་ཁྲོམ་རའི་ཚོང་གཉེར་དང་ཁེ་ལས་ཆུང་གྲས་ཀྱི་དོ་དམ་ལ་སློབ་སྦྱོང་བྱས་ཏེ་སྦྱངས་འབྲས་ལེགས་པོ་ཐོབ་པའི་བྱ་དགའི་དངུལ་ལ་བརྟེན་ནས་ལོ་བཞིའི་ནང་བསླབ་གནས་གཉིས་བླངས་པར་མ་ཟད། ཕུལ་བྱུང་གི་སྦྱངས་འབྲས་ཐོབ་ནས་སློབ་མཐར་ཕྱིན་ཞིང་། 2017ལོའི་སྤྱི་ཟླ5པར་ཟླ་བ་སྒྲོལ་མ་ཨ་རིའི་པོ་སི་ཏུན·པེ་ཕེ་སི་སློབ་ཆེན་ནས་སློབ་མཐར་ཕྱིན་པ་རེད།

སྡེ་དགེ་སྨན་ཤོར་གྲོང་རྡལ་ནི་བོད་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རིག་གནས་ཀྱི་གཏིང་རིམ་ཟབ་མོ་ལྡན་པའི་ས་ཁུལ་ཞིག་ཡིན་པས“ཀྲུང་གོའི་མི་རིགས་ལག་ཤེས་བཟོ་རྩལ་གྱི་ཆོལ་ཁ”ཞེས་པའི་མཚན་སྙན་ཐོབ་པ་རེད། དེ་གར་བཟོས་པའི་ཐང་ག་དང་རི་མོ། ཟངས་དཀར། ཤིང་བརྐོས། རྡོ་བརྐོས། རྫ་ཆས། བོད་རིགས་ཀྱི་སྲོལ་རྒྱུན་འཁེལ་འཐག་བཟོ་རྩལ་བཅས་ཚང་མ་ནི་བོད་འབྲེལ་ས་ཁུལ་དུ་དོ་ཟླ་མེད་པའི་ལག་ཤེས་བཟོ་རྩལ་ཞིག་ཡིན་པ་རེད།

        ཟླ་བ་སྒྲོལ་མ་ནི་སྨན་ཤོར་ལག་ཤེས་བཟོ་རྩལ་གྱི་ཁྱིམ་ཚང་དུ་སྐྱེས་པས་ཆུང་དུས་ནས་བོད་རིགས་ཀྱི་སྒྱུ་རྩལ་ལ་དགའ་པོ་ཡོད་ཅིང་། “ངས་ལག་ཤེས་བཟོ་རྩལ་བདམས་པའི་རྒྱུ་རྐྱེན་ནི་ངའི་ཁྱིམ་ཚང་གི་རྒྱབ་ལྗོངས་ཕུད་ཁ།ད་དུང་རྒྱུ་རྐྱེན་གཞན་ཞིག་ནི་ངས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱིས་སྤྱི་ཚོགས་ལ་ཐོན་པའི་རིན་ཐང་ཁས་ལེན་གྱི་ཡོད། ལག་ཤེས་བཟོ་རྩལ་པའི་རྒྱུན་འཛིན་ནི་མི་རབས་ཁ་ཤས་ཀྱི་ལོ་རྒྱུས་ཡིན་པ་དང་ལག་ཤེས་ཐོག་གི་དྲན་ཤེས་ཙམ་མ་ཡིན་པར་མི་རིགས་ཀྱི་སྐད་ཡིག་དང་ལོ་རྒྱུས། ཆོས་ལུགས། དམངས་སྲོལ་རིག་གནས་བཅས་ཀྱི་གཞི་རྟེན་ཞིག་ཀྱང་རེད”ཅེས་བཤད། ཟླ་བ་སྒྲོལ་མས་ཆུང་དུས་ནས་སྨན་ཤོར་དང་སྨན་ཤོར་གྱི་ལག་ཤེས་བཟོ་རྩལ་ལ་བཅངས་པའི་བརྩེ་བ་ཟབ་མོ་ཡོད་པས་མོའི་མི་ཚེར་སླར་ཡང་གདམ་ག་བྱེད་དགོས་ཚེ་རང་ཉིད་ཕ་ཡུལ་དུ་ཕྱིར་ལོག་རྒྱུ་དེ་བདམས་པ་ཡིན་ཞེས་བཤད།

        ཟླ་བ་སྒྲོལ་མས“ཕྱིར་འགྲོ་དོན་ནི་དེ་བས་ལེགས་པའི་སྒོ་ནས་ཕྱིར་ལོག་པའི་ཆེད་དུ་ཡིན། 2017ལོར་ངས་ཨ་རིར་ལས་ཀ་བྱེད་པའི་གོ་སྐབས་བསྐྱུར་ནས་སྨན་ཤོར་དུ་ལོག་སྟེ་ལག་ཤེས་བཟོ་རྩལ་ཐོན་ལས་ནང་ཞུགས་པ་ཡིན། རྒྱལ་ནང་དུ་ལོག་མ་ཐག་གནད་དོན་སྣ་ཚོགས་ལ་འཕྲད་ཅིང་། སྨན་ཤོར་ས་གནས་དེ་གའི་ལག་ཤེས་བཟོ་རྩལ་ཐོན་ལས་ནི་ཁྱིམ་ཚང་རྣམ་པའི་བཟོ་ཁང་ཆུང་གྲས་ཀྱིས་གཙོ་བོ་བྱེད་པ་ལས་དོ་དམ་ལམ་ལུགས་ནན་པོ་དང་གཅིག་སྡུད་བྱ་ཡུལ་མེད་པས་མངགས་ཐོ་ཆེན་པོས་ཐོན་ཚད་ཀྱི་རྗེས་ཟིན་གྱི་མེད་པ་དང་མངགས་ཐོ་ཆུང་བའང་ཚང་མས་བྱེད་ཀྱི་མེད། དེར་བརྟེན་ཡུལ་དེ་གའི་མང་ཚོགས་ཚོ་དུས་ཡུན་རིང་པོའི་ནང་ལག་རྩལ་ཡོད་ཀྱང་དབུལ་པོའི་གནས་ལས་ཐར་ཐུབ་མ་སོང”ཞེས་བཤད།

ཕ་ཡུལ་དུ་ལོག་རྗེས་ཟླ་བ་སྒྲོལ་མས་སྡེ་དགེ་རྫོང་སར་ཉིང་ཏ་ལག་ཤེས་བཟོ་རྩལ་ཐོན་རྫས་ཚད་ཡོད་སྤྱི་གཉེར་ཁང་ཐོ་འགོད་བྱས་ནས་ཐོག་མའི་སྤུས་རྟགས་ཏེ“མཁྱེན་ལི”ཞེས་པའི་བརྩམས་ཆོས་ཐོག་མ་དེ་བཏོད་པ་རེད། སྤྱི་གཉེར་ཁང་གི་ཁོངས་གཏོགས་སུ་ལག་ཤེས་བཟོ་རྩལ་གྱི་སྤུས་རྟགས་དང་ཐོན་རྫས་ཀྱི་ལམ་ཐིག་གསུམ་བཙུགས་པ་དེ་ནི་མི་རབས་བརྒྱད་ཀྱི་རྒྱབ་ལྗོངས་རྒྱུན་འཛིན་བྱས་པའི་མཁྱེན་ལི་སྤུས་རྟགས་དེ་པེ་ཅིང་དང་ཀོང་ཏུང་སོགས་རྩེར་སོན་ཁྲོམ་ར་དང་། རྫོང་སར་ཉིང་ཏ་ཤིང་སྤྱིན་ཐོན་རྫས་བཅས་ཐོན་འབབ་མཐོ་ལ་རིན་གོང་དམའ་བའི་ཁྲོམ་རའི་ཐོག་བསྐྱོད་ལ། ཉི་མའི་ཁྱིམ་ཆས་དེ་ས་གནས་དེ་གའི་ཁྲོམ་རར་སྤྱད་པ་རེད།

        སྨན་ཤོར་གྲོང་རྡལ་གྱི་ལག་ཤེས་བཟོ་རྩལ་གྱི་འཕེལ་རྒྱས་དེ་གནའ་ནས་ཡོད་ཅིང་། དེ་ནི་བོད་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཆ་ཚང་ཤོས་ཉར་ཚགས་བྱེད་མཁན་ས་ཁུལ་གྱི་གྲས་ཤིག་རེད། གསར་འགོད་པ་སྨན་ཤོར་གྲོང་རྡལ་དུ་སྐྱོད་སྐབས། དགུང་སྔོན་སྤྲིན་དཀར་གྱི་འོག་ཏུ་ཚོན་མདོག་རྣམ་པར་བཀྲ་བའི་བོད་བཟོའི་སྡོད་ཁང་གྲལ་སྟར་འགྲིག་པོར་གནས་ཡོད་པ་མཐོང་སྐབས། ལག་ཤེས་བཟོ་རྩལ་གསོ་སྦྱོང་འཛིན་གྲྭ་དང་ལག་ཤེས་བཟོ་རྩལ་དབུལ་སྐྱོར་འཁོར་ཁང་། ཟོག་འགྲེམས་ཞབས་ཞུའི་ས་ཚུགས་བཅས་གྲལ་འགྲིག་པོ་ཡོད་པ་མཐོང་བྱུང་། སྨན་ཤོར་གྲོང་རྡལ་ནི་འཐག་ལས་དང་འཚེམ་དྲུབ།ཤིང་བརྐོས། བཟོ་སྐྲུན། ཟངས་སོགས་བོད་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་སྣ་ཚོགས་རྒྱུན་འཛིན་བྱེད་པའི་ཞིབ་འཇུག་གསར་སྤེལ་བྱ་ཡུལ་དུ་གྱུར་ཡོད་པ་དང་གཞི་ཁྱོན་ཅུང་ཆེ་བའི་ལག་ཤེས་བཟོ་རྩལ་ཁང་དང་དེ་བཞིན་ཁྱིམ་ཚང་རྣམ་པའི་བཟོ་ཁང་ཆུང་གྲས27ཡོད་པ་རེད།

        “ང་རྒྱལ་ནང་དུ་ལོག་རྗེས་ས་གནས་དེ་གའི་སྲིད་གཞུང་གི་དགའ་བསུ་ཐོབ་པར་མ་ཟད། རྒྱལ་ནང་དུའང་དབུལ་སྐྱོར་གནད་སྨིན་གྱི་འཐབ་ཇུས་ལག་ལེན་བསྟར་བཞིན་ཡོད། སྡེ་དགེ་རྫོང་སྲིད་གཞུང་གིས་སྨན་ཤོར་ལག་ཤེས་བཟོ་རྩལ་ཁང་གི་སྣེ་ཁྲིད་པ་ཚོར་ལག་ཤེས་བཟོ་ཁང19བསྐྲུན་པ་དང་གྲོང་མི་དབུལ་པོ་དེ་བས་མང་པོས་ཐག་རིང་ལ་འགྲོ་མི་དགོས་པའི་ངང་རྩལ་ནུས་ཤིག་སྦྱངས་ཏེ་ལས་ཀ་བྱས་ནས་ཡོང་འབབ་གསོག་ཐུབ་ལ་ཁྱིམ་ཚང་ལའང་ལྟ་རྟོག་བྱེད་ཐུབ་ཀྱི་ཡོད། ང་ཚོའི་དབུལ་སྐྱོར་འཁོར་ཁང་དུ་ཕ་མ་གཉིས་ལས་གཅིག་ལས་མེད་པ་དང་འོན་པ། རྐང་ལག་མི་བདེ་བ་སོགས་ཡོད་ཀྱང་ཚང་མ་ཁྱིམ་ཚང་གཅིག་ལྟར་ཕན་ཚུན་སེམས་ཁུར་དང་ཕན་ཚུན་རོགས་རམ་བྱེད་ཀྱི་ཡོད”ཅེས་ཟླ་བ་སྒྲོལ་མས་བཤད། མོས“དབུལ་སྐྱོར་འཁོར་ཁང་གིས་གྲོང་མི་ཚོར་ལས་ཞུགས་ལས་གནས་སུམ་སྟོང་ཙམ་མཁོ་འདོན་བྱས་པ་དང་། ལོ་ལྟར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི300ཙམ་ལ་ཟིན་གྱི་ཡོད། ཕྱེད་ཀ་ནི་ལས་ཀ་བྱེད་མཁན་གྱི་གླ་ཆ་སྤྲོད་རྒྱུར་སྤྱོད་ཀྱི་ཡོད”ཅེས་བཤད་པ་རེད།

        ལོ་ན23ལ་སླེབས་པའི་བུ་མོ་ནི་རྣ་བ་འོན་ཞིང་དུད་ཚང་དབུལ་པོ་ཞིག་གི་ཡིན་ལ། ལོ་གསུམ་གྱི་སྔོན་དུ་མོ་ཡི“མཁྱེན་ལི་བཟོ་གྲྭ”རུ་ལག་ཤེས་བཟོ་རྩལ་སློབ་སྦྱོང་བྱེད་པར་འོང་བ་དང་སྙིང་རུས་ཆེན་པོས་སློབ་སྦྱོང་བྱེད་འདོད་ཡོད་པའི་བུ་མོའི་ལག་རྩལ་དེ་ལོ་གཉིས་ནང་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་ནས་གླ་ཕོགས་དེ་ལས་ཀར་ཞུགས་མ་ཐག་པའི་སྐབས་ལས་ཧ་ཅང་མང་དུ་ཕྱིན་ཡོད་པ་རེད། མ་འོངས་པར་མོ་ཡིས་ད་དུང་སློབ་སྦྱོང་མང་ཙམ་བྱས་ནས་རང་ཉིད་ཀྱི་ཁྱད་ཆོས་གཏོད་འདོད་ཡོད་པ་རེད།

        ལག་ཤེས་བཟོ་རྩལ་བསྐྱར་དར་བྱུང་བ་དེས་ས་གནས་དེ་གའི་མང་ཚོགས་ལ་ཕྱུག་འགྱུར་གྱི་གོ་སྐབས་མང་པོ་ཐོབ་ཅིང་། ད་ཆ་མི2000ཙམ་གྱིས་སྨན་ཤོར་གྲོང་རྡལ་དུ་ལག་ཤེས་བཟོ་རྩལ་སློབ་སྦྱོང་བྱེད་པའམ་ཡང་ན་ལག་ཤེས་བཟོ་རྩལ་གྱི་བྱ་བ་སྒྲུབ་བཞིན་ཡོད། དཀར་མཛེས་ཀྱི་གེ་སར་གནམ་གྲུ་ཐང་ཤར་གཏོང་ཐུབ་པས་སྡེ་དགེ་སྦྲག་སྲིད་ཁྱབ་ཚད་བརྒྱ་ཆ100ལ་ཟིན་ཞིང་། སྨན་ཤོར་གྱི་ཁང་ཆུང་གང་འདྲ་ཞིག་ཏུ་ཡིན་ནའང་དྲྭ་སྦྲེལ་བརྒྱུད་འཛམ་གླིང་གི་ས་ཆ་གང་རུང་ཞིག་དང་འབྲེལ་མཐུད་བྱེད་ཐུབ་ལ། དྲྭ་ཐོག་ཚོང་ཁང་གི་ལས་སྟེགས་བརྒྱུད་ཐོན་རྫས་འཛམ་གླིང་གི་ས་གནས་ཁག་ཏུ་བྲིན་ཚོང་བྱེད་ཐུབ་ཀྱི་ཡོད་པ་རེད།

        ཟླ་བ་སྒྲོལ་མ་དང་ལག་ཤེས་བཟོ་རྩལ་གྱི་ལས་ཀ་བྱེད་མཁན་ད་དུང་སྨན་ཤོར་གྲོང་རྡལ་སྒམ་ཁང་གྲོང་ཚོའི་ཟླ་བ་སྒྲོལ་མ་ཡོད་ཅིང་། ད་ལོ་ལོ་ན27ལ་སླེབས་པའི་ཟླ་བ་སྒྲོལ་མ་ནི་གྲོང་རྡལ་དེའི་ལག་ཤེས་བཟོ་རྩལ་པའི་ཁྲོད་མཐོང་དཀོན་པའི་བུད་མེད་ལག་ཤེས་བཟོ་རྩལ་པ་ཞིག་རེད། འཚོ་བའི་ཁྲོད་ཟླ་བ་སྒྲོལ་མས་བཤད་དགོས་ན་ཁ་བདེ་མོ་མེད་ཀྱང་ལག་ཤེས་བཟོ་རྩལ་གྱི་ཡོན་ཚད་ལ་ལྷན་སྐྱེས་ཀྱི་ནུས་པ་ཆེན་པོ་ཡོད་པ་ཞིག་རེད། ཁོས་ལོ18ནས་བཟུང་ལག་ཤེས་བཟོ་རྩལ་སྦྱངས་པ་དང་དམའ་འབྲིང་སློབ་མཐར་ཕྱིན་སྐབས་ཕ་མ་གཉིས་པོས་སློབ་ཡོན་སྤྲད་མ་ཐུབ་པའི་དབང་གིས་ལག་བདེ་བའི་ཟླ་བ་སྒྲོལ་མར་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་སྦྱངས་ནས་ཁྱིམ་ཁ་གསོ་རུ་བཅུག་པ་རེད།

ཟླ་བ་སྒྲོལ་མས“ངས་ལག་ཤེས་བཟོ་རྩལ་གཉེར་ནས་ལོ་བཅུ་གྲངས་ཕྱིན་སོང་། ལོ་བཅུ་ལྷག་ཙམ་ནང་ལོ་གཉིས་གསུམ་ཙམ་སློབ་སྦྱོང་བྱས་པ་ཡིན། སློབ་སྦྱོང་བྱས་པར་སློབ་ཡོན་སྤྲད་མི་དགོས་ལ་སློབ་སྦྱོང་གི་ལོ་གཉིས་གསུམ་ཙམ་ལས་ངས་ལས་ཀ་ལས་ནས་ལོ་བརྒྱད་ཕྱིན་སོང་། ད་ཆ་ངའི་ཁྱིམ་གྱི་འཚོ་བའི་ཆུ་ཚད་ཧ་ཅང་མཐོ་རུ་ཕྱིན་སོང་བས་ཏང་གི་སྲིད་ཇུས་བཟང་པོ་དང་ཟླ་བ་སྒྲོལ་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།

        ཟླ་བ་སྒྲོལ་མས་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་ཕའི་ལག་རྩལ་གྱི་འདེགས་སྐྱོར་ལ་བརྟེན་ནས་དཔལ་འབྱོར་ཆ་རྐྱེན་ཅུང་ཞན་པའི་ས་གནས་དེ་གའི་ན་གཞོན་བསྡུས་ཏེ་མཁྱེན་ལི་བཟོ་རྩལ་དུ་སློབ་ཡོན་མི་དགོས་པར་སློབ་སྦྱོང་བྱས་ནས་ལག་ཤེས་བཟོ་རྩལ་པ200ལྷག་ཙམ་གསོ་སྐྱོང་བྱས་ཡོད། དེའི་ནང་གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ20ལྷག་ཙམ་གྱིས་རྫོང་སར་ཉིང་ཏར་སློབ་སྦྱོང་དང་ལས་ཀ་ལོ་ཁ་ཤས་བྱས་རྗེས་སྦྱངས་པའི་ལག་རྩལ་ལ་བརྟེན་ནས་ལས་གྲྭ་གཞན་དག་ཏུ་སོང་ནས་ལས་ཀ་གཉེར་བ་རེད། ད་སྔར“མཁྱེན་ལི་བཟོ་གྲྭ”ཡིས་གྲོང་གསེབ་ཀྱི་ངལ་ནུས་ལྷག་མ200ལྷག་ཙམ་བཀོད་སྒྲིག་བྱས་པ་དེས་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་སྟོང་ལ་ཉེ་བའི་དཀའ་ངལ་ཐག་གཅོད་ཐུབ་ཡོད་ལ་མཐའ་འཁོར་མང་ཚོགས་ཀྱི་ལས་ཞུགས་དཀའ་བའི་གནད་དོན་ཡང་ཐག་གཅོད་ཐུབ་ནས་ས་གནས་དེ་གའི་མང་ཚོགས་ཀྱིས་རང་ཉིད་ཀྱིས་སྦྱངས་པའི་ལག་རྩལ་ལ་བརྟེན་ནས་ཕྱུག་འགྱུར་དང་དབུལ་ཐར་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་རོགས་རམ་ཐུབ་ཡོད།

ཟླ་བ་སྒྲོལ་མས་བློ་བརྟན་འགྱུར་མེད་ཀྱི་ལས་གཏོད་ངར་སེམས་ལ་བརྟེན་ནས་རང་ཉིད་ཀྱི་སྤྱི་གཉེར་ཁང་བཙུགས་པ་དང་ཁོང་གིས་སྔ་ཕྱི་བར་གསུམ་དུ་སྣེ་ཁྲིད་ནས་དབུལ་སྐྱོར་ལས་དོན་ལ་གཞོལ་ཏེ་ཉེ་འགྲམ་གྱི་མང་ཚོགས་དབུལ་པོའི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱས་པས་ཕྱུག་འགྱུར་ལམ་བུའི་ཐོག་གི་བུད་མེད་སྣེ་ཁྲིད་པ་ཞིག་ཏུ་གྱུར་ཡོད།

        “མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་ཉིན་རེར་ཡག་ཏུ་འགྲོ་བ་དང་ངས་འབད་འཐབ་བྱེད་པའི་སྒུལ་ཤུགས་ཀྱང་ཉིན་རེ་བཞིན་ཆེ་རུ་འགྲོ་ཡི་འདུག། ལོ་དེ་དག་ནང་བྱ་གཞག་གཏོད་པའི་བརྒྱུད་རིམ་ནང་དགའ་སྤྲོ་དང་མིག་ཆུ། དཀའ་ཚེགས་བཅས་ཡོད་ལ་གྲུབ་འབྲས་དེ་བས་མང་པོ་ཐོབ་ཡོད། དུས་རབས་འདིར་བཟོ་རྩལ་མཁན་གྱི་ངོས་ནས་བཤད་ན་འགྲན་སློང་ཡིན་ནམ་ཡང་ན་གོ་སྐབས་ཡིན་མིན་ནི་ང་ཚོའི་མི་རབས་འདིའི་བྱེད་སྟངས་དང་མངོན་ཚུལ་ལ་བལྟ་དགོས། སྔོན་ཆད་སྨན་ཤོར་ནི་སྡེ་དགེ་སྨན་ཤོར་ཡིན་པས། ཡུན་རིང་མི་འགོར་བར་སྨན་ཤོར་ནི་འཛམ་གླིང་གི་སྨན་ཤོར་ཡིན་པར་ང་ལ་ཡིད་ཆེས་དང་གདེང་ཚོད་ཡོད”ཅེས་བཤད་པ་རེད། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1