འཇར་འགོག་སྐོར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-29


ཝ་ཡའོ་ཐབས་ཇུས་འདོན། །མཉམ་འབྲེལ་འཇར་འགོག་བྱས། ། 

1935ལོ་ནི་ཀྲུང་གོ་གུང་ཁྲན་ཏང་ལ་མཚོན་ན་ཁ་ཕྱོགས་འགྱུར་བའི་ལོ་ཞིག་རེད། ལོ་དེའི་ཟླ་བ་དང་པོར་ཀྲུང་གོ་གུང་ཁྲན་ཏང་གིས་སྐད་གྲགས་ཅན་གྱི་ཙུན་དབྱིའི་གྲོས་ཚོགས་འཚོགས་ནས་ཏང་ནང་གི་མའོ་ཙེ་ཏུང་གི་དབུ་ཁྲིད་ཀྱི་གོ་གནས་གཏན་འཁེལ་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་དམག་དོན་དང་རྩ་འཛུགས་ཐད་ཀྱི་འཕོ་འགྱུར་ཆེན་པོ་མངོན་འགྱུར་བྱུང་ཡོད། ལོ་དེའི་ལོ་མཇུག་གི་ཟླ་12པར། ཧྲའན་པེ་ཡི་བྲག་ཕུག་དཀྱུས་མ་ཞིག་གི་ནང་དུ། ཀྲུང་གོའི་གསར་བརྗེ་མདུན་དུ་སྐྱོད་པའི་ཁ་ཕྱོགས་ཐག་གཅོད་པའི་གྲོས་ཚོགས་བྲེལ་འཚུབ་ངང་འཚོགས་བཞིན་ཡོད། གྲོས་ཚོགས་འདིའི་རྗེས་སུ། ཀྲུང་གོའི་གསར་བརྗེ་དེ་རྒྱལ་ནང་དམག་འཁྲུག་ནས་འཇར་འགོག་མི་རིགས་དམག་འཁྲུག་ལ་བསྒྱུར་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་འགོ་བརྩམས། གྲོས་ཚོགས་དེ་ནི་མིང་དུ་གྲགས་པའི་ཝ་ཡའོ་པའོ་གྲོས་ཚོགས་རེད།

ཨན་དུས་འགྱུར་བྱུང། གནམ་ས་སྒུལ་བར་བྱས། ། 
1936ལོའི་ཟླ12པའི་ཚེས12ཉིན། ཅང་ཅེ་ཧྲི་ལ་ཕྱི་འགོག་ལས་ནང་འཇགས་གཙོ་བྱས་པའི་རྒྱལ་ཇུས་བཅོས་བསྒྱུར་བཏང་ནས། ནང་འཁྲུག་མཚམས་བཞག་སྟེ་གཅིག་གྱུར་གྱིས་འཇར་འགོག་བྱེད་པར་སྐུལ་ཆེད། ཀྲང་ཞུའེ་ལིའང་དང་དབྱང་ཧུའུ་ཁྲེང་གཉིས་ཀྱིས་ཞི་ཨན་ཧྭ་ཆིན་ཁྲེ་རུ་དམག་གི་གསལ་འདེབས་སྤེལ་ཏེ། རྒྱལ་དམངས་སྲིད་གཞུང་གི་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་ནུབ་བྱང་ཇག་བཅོམ་སྤྱི་ཁྱབ་དམག་སྤྱིའི་འགན་བཞེས་པའི་ཅང་ཅེ་ཧྲི་བཀག་ཉར་བྱས། ཀྲུང་གུང་ཀྲུང་དབྱང་དང་བློ་མཐུན་ཀྲུའུ་ཨེན་ལའེ་ཡི་གཙོ་ཁྲིད་འོག་མཐར་ཅང་ཅེ་ཧྲིས་ནང་འཁྲུག་བྱེད་མཚམས་བཞག་ནས་གུང་ཁྲན་ཏང་དང་མཉམ་འབྲེལ་གྱིས་འཇར་འགོག་བྱ་རྒྱུའི་འདོད་ཚུལ་དང་དུ་བླངས་ནས་ཞི་བས་ཐག་གཅོད་བྱས་པར་བརྟེན། གོ་གུང་མཉམ་ལས་ཐེངས་གཉིས་པ་བྱེད་པར་སྐུལ་འདེད་ཐེབས་པ་དང་། འཇར་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་ཐོག་མར་ཆགས་ཏེ་རྒྱལ་ནང་དམག་འཁྲུག་དེ་འཇར་འགོག་མི་རིགས་དམག་འཁྲུག་གི་ཕྱོགས་སུ་སྐྱོད་པའི་ཁ་ཕྱོགས་འགྱུར་མཚམས་ཆགས་པ་རེད།

མར་དམག་བསྐྱར་སྒྲིག་དང་། ཕིང་ཞིང་དམག་འཐབ་བརྒྱབ། །
1937ལོར་མི་རིགས་ཡོངས་ཀྱིས་འཇར་འགོག་དམག་འཁྲུག་བསླངས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་རང་འགུལ་ངང་རེ་འདུན་ཞུས་ཏེ་ཧུར་བརྩོན་གྱིས་འཇར་འགོག་བྱས། དམར་དམག་དམག་སྡེ་བརྒྱད་པ་དང་གསར་བསྒྲིགས་དམག་དཔུང་བཞི་པ་ལ་བཅོས་སྒྲིག་བྱས་ནས་འཇར་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་བཙུགས་པ་རེད། བདུན་པའི་ཚེས་བདུན་གྱི་དུས་འགྱུར་ནི་འཇར་པན་བཙན་རྒྱལ་རིང་ལུགས་ཀྱིས་ཁྱོན་ཡོངས་ནས་ཀྲུང་གོར་བཙན་འཛུལ་བྱེད་པའི་དམག་འཁྲུག་འགོ་བརྩམས་པ་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱིས་ཁྱོན་ཡོངས་ནས་འཇར་འགོག་དམག་འཁྲུག་རྒྱག་འགོ་ཚུགས་དུས་ཀྱང་ཡིན། རྒྱལ་ཁབ་འཁོན་འགྲས་ཆེ་བའི་སྐབས་འདིར། ཀྲུང་གོ་གུང་ཁྲན་ཏང་གིས་ཡོངས་ཁྱབ་གློག་འཕྲིན་སྤེལ་ཏེ། མི་རིགས་ཡོངས་ཀྱིས་འཇར་འགོག་དམག་འཁྲུག་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། རང་འགུལ་གྱིས་རེ་འདུན་ཞུས་ཏེ་ཧུར་བརྩོན་གྱིས་འཇར་འགོག་བྱས།


དགྲ་བོར་གདོང་ལེན་གནང་། །རྒྱབ་ནས་དགྲ་འགོག་བྱས། ། 

འཇར་འགོག་དམག་འཁྲུག་ཁྱོན་ཡོངས་ནས་ལངས་རྗེས། ཀྲུང་གོ་གུང་ཁྲན་ཏང་གིས་དབུ་ཁྲིད་པའི་འཇར་འགོག་དྲག་དཔུང་གིས་མེ་སྟག་གིས་སྤང་ལྗོངས་སྲེག་པ་བཞིན་འཇར་འགོག་གནས་གཞིའི་ས་ཁུལ་གསར་དུ་བཏོད་ནས། འཇར་འགོག་དམག་འཁྲུག་གི་སྲོག་ཤིང་གི་སྟོབས་ཤུགས་སུ་གྱུར།

ཐོན་བརྒྱའི་འཁྲུག་ཆེན་བསླངས། །དགྲ་བཅོམ་གཏོར་རྒོལ་བྱས། ། 

འཇར་དམག་གིས་རྒྱབ་ཕྱོགས་ཀྱི་འཇར་འགོག་གནས་གཞིའི་ས་ཁུལ་གཙང་སེལ་བྱེད་པར་དམིགས་ནས། 1940ལོའི་ཟླ་8པའི་ཚེས་20ནས་འགོ་བརྩམས་ཏེ། ཟླ་12པའི་ཚེས་5ཡི་བར། ཟླ་གསུམ་དང་ཟླ་ཕྱེད་ཀྱི་ནང་དུ། དམག་སྡེ་བརྒྱད་པས་གཙོ་ཤུགས་མང་ཆེ་བ་བསྡུས་ཏེ། འཇར་དམག་གི་འགྲིམ་འགྲུལ་ལམ་ཐིག་ལ་འཇབ་རྒོལ་བྱེད་པའི་དམག་འཁྲུག་བསླངས་པ་དང་། དམག་འཁྲུག་ལ་ཞུགས་པའི་དམག་ཤུགས་ཐོན་105ལ་བསླེབས་ཤིང་། དམག་མི་ཧ་ལམ་ཁྲི་27ཙམ་ཡོད། དེ་བས་ཐོན་བརྒྱའི་འཁྲུག་ཆེན་ཞེས་བརྗོད། ཐོན་བརྒྱའི་འཁྲུག་ཆེན་གྱི་དུས་རིམ་དང་པོར་ཀྲེང་ཐའེ་ལྕགས་ལམ་གཏོར་བཤིག་གཏང་རྒྱུ་ལས་འགན་གཙོ་བོར་བྱས་ནས་ཉིན་20ཡི་དམག་འཐབ་བྱས་པ་རེད། འཇར་འགོག་དམག་འཁྲུག་གི་དུས་སྐབས་སུ་དམག་སྡེ་བརྒྱད་པ་དང་འཇར་དམག་གི་དམག་དོན་སྟོབས་ཤུགས་དབར་གྱི་ཧེ་བག་དེ་དམག་དཔུང་གི་མི་གྲངས་མང་ཉུང་ཙམ་མ་ཟད། དེ་བས་གལ་འགངས་ཆེ་བ་ནི་གོ་མཚོན་སྒྲིག་ཆས་ཐད་ཀྱི་ཧེ་བག་ཧ་ཅང་ཆེན་པོ་ཡོད།

ཧུར་ཐག་མཉམ་འགོག་དང། །ཧྭ་ནན་བརྟན་སྲུང་བྱས་། ། 

བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་གི་བྱུང་བ་དང་འཕེལ་རྒྱས་ཀྱི་འཐབ་རྩོད་ཀྱི་བརྒྱུད་རིམ་ནི་ཡིད་སྐྱོ་ཞིང་བརྗིད་ཉམས་ལྡན་ལ་དགའ་སྐྱོ་གཉིས་ལྡན་གྱི་ལོ་རྒྱུས་སྙན་ངག་ཅིག་ཡིན། བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་གིས་དགྲ་སྟོབས་ཆེ་བ་དང་ཁོར་ཡུག་ཤིན་ཏུ་ཞན་པའི་ཆ་རྐྱེན་འོག་ཏུ་ཁྲག་བཏོན་དམར་འཛིང་དང་འཐབ་རྩོད་བྱས་ཏེ། བྱང་ཤར་དང་རྒྱལ་ཡོངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་བྱས་རྗེས་ཆེན་པོ་བཞག །བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་གིས་དཀའ་ཚེགས་ཤིན་ཏུ་ཆེ་བའི་གནས་ཚུལ་འོག 1931ལོའི་ས་ཆ་ཁ་ཤས་སུ་འཇར་འགོག་དམག་འཁྲུག་བརྒྱབ་པ་ནས་འགོ་བརྩམས་ཏེ་1945ལོར་ཕྱོགས་ཡོངས་ནས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་བར་དུ་ལོ་ངོ་བཅུ་བཞི་ལ་རྒྱུན་འཁྱོངས་བྱས། ཧྭ་ནན་ས་ཁུལ་དུ་འཇར་འགོག་དྲག་ཆས་སྟོབས་ཤུགས་གསུམ་ཡོད་དེ། ཏུང་ཅང་གཞུང་སྒྲིག་རུ་ཁག་དང་། ཀྲུའུ་ཅང་གཞུང་སྒྲིག་རུ་ཁག །ཆུང་ཡ་གཞུང་སྒྲིག་རུ་ཁག་བཅས་ཀྱིས་མཉམ་དུ་ཧྭ་ནན་འཇར་འགོག་དམག་འཁྲུག་རྒྱུན་འཁྱོངས་བྱས་པ་དང་། འཇར་འགོག་གནས་གཞིའི་ས་ཁུལ་མང་པོ་བཙུགས་པས། ཧྭ་ནན་འཇར་འགོག་གཡུལ་སའི་སྟོབས་ཤུགས་གཙོ་བོ་ཞིག་ཏུ་གྱུར།


ཡན་ཨན་དག་ཐེར་གྱིས། རང་གཅུན་རང་རྒྱས་བྱས། །

འཇར་འགོག་དམག་འཁྲུག་གི་དུས་འགོར། ཝང་མིང་གིས་འཐུས་ཚབ་བྱས་པའི་གཡོན་ལྷུང་ལུང་འཛིན་རིང་ལུགས་ཀྱི་ནོར་འཁྲུལ་གྱིས་རྐྱེན་པས་ཀྲུང་དབྱང་སུའུ་ཁུལ་གྱི་སྐོར་བཅོམ་ལ་ངོ་རྒོལ་བྱེད་པའི་དམག་འཁྲུག་ཐེངས་ལྔ་པ་ཕམ་པར་གྱུར་ཅིང་། ཏང་རྩ་འཛུགས་ཀྱང་ཧ་ལམ་མེད་པར་གྱུར། མའོ་ཙེ་ཏུང་གིས་ཏང་ཡོངས་ཀྱི་ཁྱབ་ཁོངས་སུ་ངེས་པར་དུ་ཀུན་སྤྱོད་དག་ཐེར་གྱི་ལས་འགུལ་ཞིག་སྤེལ་ན། ད་གཟོད་བསམ་བློའི་ལམ་ཕྱོགས་ཀྱི་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་ཐུབ་པ་རིམ་བཞིན་ངོས་ཟིན་པ་རེད། བསམ་སྤྱོད་དག་ཐེར་གྱི་ལས་འགུལ་བརྒྱུད་ནས་ཏང་ཡོན་གྱི་མར་ལེ་རིང་ལུགས་ཀྱི་གཞུང་ལུགས་ཆུ་ཚད་ཇེ་མཐོར་བཏང་ཞིང་། ཏང་ཡོངས་སྔར་བྱུང་མ་མྱོང་བའི་མཐུན་སྒྲིལ་དང་གཅིག་གྱུར་བྱུང་སྟེ། འཇར་འགོག་དམག་འཁྲུག་དང་དམངས་གཙོའི་གསར་བརྗེའི་རྒྱལ་ཁ་ལེན་པར་བསམ་བློའི་རྨང་གཞི་བཏིང་བ་རེད།

ཐོན་སྐྱེད་ལས་འགུལ་གྱིས། དཀའ་བའི་གནད་ལས་གྲོལ། 

1941ལོར་འཇར་པན་བཙན་འཛུལ་དམག་གིས་སྨྱོ་ཧམ་ཆེན་པོས་གཙང་སེལ་དང་གོ་མིན་ཏང་ངན་རེངས་པའི་གྲས་ཀྱིས་དམག་དོན་མཐའ་བསྐོར་བ་དང་དཔལ་འབྱོར་ཐོག་ནས་བཀག་སྡོམ་བྱས་སྟབས། བཅིངས་འགྲོལ་ས་ཁུལ་གྱི་ནོར་སྲིད་དཔལ་འབྱོར་ཐད་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་པ་རེད། ཐོན་སྐྱེད་ཆེན་པོའི་ལས་འགུལ་གྱིས་ཧྲའན་ཀན་ཉིང་གསུམ་གྱི་འབྲེལ་མཚམས་ས་ཁུལ་དང་འཇར་འགོག་གནས་གཞིའི་ས་ཁུལ་ཁག་གི་དམག་དམངས་ལ་རྒྱལ་ཁ་ཐོབ་ནས་འཇར་འགོག་དམག་འཁྲུག་གི་ཆེས་དཀའ་ངལ་ཆེ་བའི་དུས་སྐབས་ལས་བརྒལ་བ་དང་། དེས་དགྲ་བོའི་རྒྱབ་ཕྱོགས་ཀྱི་དུས་ཡུན་རིང་པོའི་དམག་འཁྲུག་ལ་རྒྱབ་སྐྱོར་བྱས་ཏེ་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་དངོས་པོའི་རྨང་གཞི་བཏིང་བར་མ་ཟད། དུས་མཚུངས་སུ་ཏང་སྲིད་དམག་དམངས་བར་གྱི་འབྲེལ་བའང་དམ་ཟབ་ཏུ་བཏང་བ་དང་། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱི་ཡན་ཨན་སྙིང་སྟོབས་བཙུགས་པ་རེད། དཔལ་འབྱོར་འཛུགས་སྐྲུན་གྱི་ཉམས་མྱོང་བསགས་ནས་དཔལ་འབྱོར་ལས་དོན་གྱི་ལས་བྱེད་པ་འབོར་ཆེན་ཞིག་གསོ་སྐྱོང་བྱས་ཤིང་། ཁོ་ཚོས་གསར་བརྗེའི་དམག་འཁྲུག་རྒྱག་ཤེས་པར་མ་ཟད། ཐོན་སྐྱེད་འཕེལ་རྒྱས་གཏོང་ཤེས་པའང་བྱུང་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1