ཉེ་ཆར། “ཉི་འོད་ཤིང་འབྲས་ར་བ”ཟེར་བའི་ལག་ཐོགས་ཁ་པར་མཉེན་ཆས་ཀྱི་“འབྲས་ཤིང་ཉོས་ཏེ་ཡོང་སྒོ་འཚོལ་བ”ཞེས་པ་ལ་འཛད་སྤྱོད་པས་དགའ་པོ་བྱེད་ཀྱི་ཡོད་པ་རེད། མཉེན་ཆས་ཀྱིས་སྒོར་9900བཏང་ནས་འབྲས་ཤིང་100ཉོ་ཚེ།ལོ་གཅིག་ལ་ཉུང་མཐར་ཡང་སྒོར་ཁྲི་16རག་གི་ཐུབ་ཅེས་བཤད་ཀྱི་ཡོད་པ་རེད། འོན་ཀྱང་དོན་དངོས་སུ་མཉེན་ཆས་དེ་ནི་ཤིང་འཛུགས་ནགས་བཟོའི་རིགས་ཀྱི་མཉེན་ཆས་ལ་ཁ་གཡར་ནས་བརྒྱུད་འཚོང་དང་དྲ་སྦྲེལ་གྱི་གཡོ་ཐབས་ལ་བརྟེན་ནས་མགོ་སྐོར་གཏོང་ཐབས་ཤིག་ཡིན་པ་རེད།
ཤིང་འབྲས་ཉོ་ཚོང་བྱས་ཆོག་པའི་རྟོག་བཟོའི་དངུལ་ལོར་རུ་ཐུམ་སྒྲིལ་བྱས་ནས།
བེད་སྤྱོད་བྱེད་མཁན་བསླུ་བྲིད་བྱས་ཏེ་རྩེད་མོའི་ནང་དུ་ཞུགས་སུ་འཇུག་པ།
“ཉི་འོད་ཤིང་འབྲས་ལྡུམ་རའི” ་སྒྲིག་སྲོལ་ནི་ཧ་ཅང་སྟབས་བདེ་ཞིག་ཡིན་ཏེ། བེད་སྤྱོད་མཁན་གྱིས་Appདེ་ཕབ་ལེན་བྱས་རྗེས་འབྲས་ཤིང་ཉོ་ཆོག་པ་དང་། འབྲས་ཤིང་བེད་སྤྱོད་བྱེད་ཡུན་ལོ་གཅིག་ཡིན། སྤྱིར་བཏང་གི་འབྲས་ཤིང་གཅིག་ལ་སྒོར་100ཡིན་པ་དང་། ཉིན་རེར་འབྲས་བུ་སྤྱི་རྒྱ་3བསྡུས་ཆོག་ལ། འབྲས་བུ་སྤྱི་རྒྱ་རེར་སྒོར་1.5བྱས་ནས་བཙོང་ཆོག་པ་ཡིན། འབྲས་ཤིང་མི་འདྲ་བའི་ཐོན་འབབ་ཀྱང་མི་འདྲ་སྟེ། མ་དངུལ་ཇི་ཙམ་བཏང་ན་ཐོན་འབབ་དེ་ཙམ་གྱིས་མཐོ་བ་སྟེ། སྒོར་300ཅན་གྱི་གསེར་གྱི་འབྲས་ཤིང་ཞིག་གི་ཉིན་རེའི་ཐོན་འབབ་སྤྱི་རྒྱ་10ཡིན་པ་དང་། སྒོར་388ཅན་གྱི་རྡོ་རྗེ་ཕ་ལམ་གྱི་འབྲས་ཤིང་གི་ཉིན་རེའི་ཐོན་འབབ་སྤྱི་རྒྱ་15ཡིན།
ཉི་འོད་ཤིང་འབྲས་ལྡུམ་ར་ཞེས་པའི་App ཡི་ཤོག་ངོས། འབྱུང་ཁུངས། དྲ་རྒྱ།
སྤྱོད་མཁན་གྱིས་Appཕབ་ལེན་བྱས་རྗེས་དངོས་མིང་ར་སྤྲོད་བྱེད་དགོས་པ་དང་། དེའི་རྗེས་སུ་མ་ལག་དེས་སྤྱོད་མཁན་ལ་ཉིན་བདུན་གྱི་འབྲས་ཤིང་ཞིག་སྤྲོད་ཀྱི་ཡོད་པ་དང་། འབྲེལ་ཡོད་ཁྱབ་བསྒྲགས་པ་ཞིག་གིས་འབྲས་ཤིང་དེར་ཉིན་ལྟར་ཤིང་འབྲས་སྤྱི་རྒྱ་3རེ་ཐོན་གྱི་ཡོད་ལ་ཤིང་འབྲས་ཕྱིར་བཙོང་ཆོག་པས་ཧ་ཅང་ཡག་པོ་འདུག
ཚང་མས་ཚོད་ལྟ་ཞིག་བྱོས་དང་ཧ་ཅང་སྟབས་བདེ་པོ་འདུག་ཅེས་བཤད་པ་རེད།
མ་དངུལ་གཏོང་མཁན་གྱིས་འབྲས་བུ་བསྡུས་རྗེས་བཙོང་ཆོག་པ་ཡིན། འོན་ཀྱང་དངུལ་གྲངས་སྒོར་100གསོག་ཐུབ་རྗེས་ད་གཟོད་ལེན་ཐུབ་པ་རེད། དེ་ལྟར་རྩིས་ཚེ། སྡོང་པོ་དཀྱུས་མ་ཞིག་གི་ལོ་རེའི་ཡོང་སྒོ་ནི་1600%ལས་བརྒལ་བ་དང་། སྡོང་པོ་གཅིག་ལ་སྒོར་388ཅན་གྱི་རྡོ་རྗེ་ཕ་ལམ་གྱི་སྡོང་པོ་རེའི་ཡོང་སྒོ་ནི་2100%ལས་བརྒལ་ཡོད།
གཞན་ཡང་སྤྱོད་མཁན་གྱིས་མི་གཞན་ལ་མཚམས་སྦྱོར་བྱས་ནས་ “མི་གྲངས་ཇེ་མང་དུ་བཏང་ཚེ”མཚམས་སྦྱོར་བྱས་པའི་གླ་རིན་བསྡུ་ཆོག་གི་ཡོད་པ་རེད།
ཉི་འོད་ཤིང་འབྲས་ལྡུམ་ར་ཞེས་པའི་App ཡི་ཤོག་ངོས།འབྱུང་ཁུངས། པེ་ཅིང་ཚོང་པར།
ཤིང་འབྲས་སྤུས་རྟགས་ཀྱི་མིང་གྲགས་ཁ་ལ་འཁྱེར་བ།
འཛད་སྤྱོད་པས།མགོ་སྐོར་ཡིན་པ་ཤེས་ཀྱི་ཡོད། ཡིན་ཡང་སྟེས་དབང་གི་བསམ་བློ་ཞིག་འཁཉཡེར་ཡོད་ཅེས་བརྗོད་པ་རེད།
དོན་དངོས་སུ། “ཉི་འོད་ཤིང་འབྲས་ལྡུམ་རའི”ཇུས་འགོད་པས་དེའི་ནང་དུ་ཞུགས་མཁན་ལ་ཁེ་བཟང་རག་ཏུ་འཇུག་གི་མེད་པ་རེད། ཟླ་འདིའི་ཟླ་འགོར“ཉི་འོད་ཤིང་འབྲས་ལྡུམ་ར”ཞེས་པའི་Appཡི་སྒོ་བརྒྱབ་སྟེ་དངུལ་ཚང་མ་བསྡོས་ནས་བྲོས་སོང་བ་རེད།
བརྟག་དཔྱད་བྱས་པ་བརྒྱུད།“ཉི་འོད་ཤིང་འབྲས་ལྡུམ་རའི”གཉེར་སྐྱོང་པ། ཀོང་ཀྲོའུ་གྲོང་ཁྱེར་ཤིང་འབྲས་སྣ་བརྒྱའི་ལྡུམ་རའི་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་སིར་འབྲེལ་གཏུག་བྱེད་མི་ཐུབ་པར་གྱུར་བ་དང་། ཀུང་སི་དེ་ཡང་མིང་གྲགས་ཆེ་བའི་ཤིང་འབྲས་སྤུས་རྟགས་ཏེ་ཤིང་འབྲས་སྣ་བརྒྱའི་ལྡུམ་ར་ཞེས་པའི་མིང་དང་འགག་ཐུག་བརྒྱབ་ཡོད་པ་རེད། འོན་ཀྱང་ཤིང་འབྲས་སྣ་བརྒྱའི་ལྡུམ་ར་ཚོགས་པས་སྤྱི་ཚེས་12ཉིན་གསལ་བསྒྲགས་སྤེལ་ནས་ཁོ་ཚོ་དང་ཀོང་ཀྲོའུ་ཡི་ཤིང་འབྲས་སྣ་བརྒྱའི་ལྡུམ་ར་དབར་ལ་འབྲེལ་བ་གང་ཡང་མེད་ཅེས་བརྗོད་ཡོད་པ་རེད།
ཧྲེན་ཀྲེན་གྱི་ཤིང་འབྲས་སྣ་བརྒྱའི་ལྡུམ་ར་ཁེ་ལས་(ཚོགས་པ།)མ་རྐང་ཚད་ཡོད་ཀུང་སིའི་གཞུང་ཕྱོགས་པོད་འཕྲིན་གྱིས་སྤེལ་བའི་གསལ་བསྒྲགས།
རོལ་རྩེད་དེ་རིགས་ཞུགས་མྱོང་བའི་སྐུ་ཞབས་ལི་ལགས་ཀྱིས་ཀུང་སི་བྲོས་ངེས་ཡིན་པ་ཤེས་མོད། འོན་ཀྱང་མགྱོགས་པོའདི་འདྲ་བྲོས་འགྲོ་བ་ཡིད་ལ་མ་ཤར་ཞེས་བཤད་པ་དང་། ཁོང་གིས་ཁེ་ཕན་མཐོ་པོ་དེ་འདྲ་མཐོང་སྐབས་འདི་ནི་མགོ་སྐོར་གཏོང་བྱེད་ཅིག་རེད་སྙམ་ཡོད་མོད། འོན་ཀྱང་སྟེས་དབང་གི་བསམ་བློ་ཞིག་ཡོད། བསམ་ཡུལ་འདས་པར་རང་ཉིད་ཆེས་མཇུག་མཐའི་གྱོང་གུན་ཕོག་མཁན་དེར་གྱུར་འདུག གང་ལྟར་རང་ཉིད་ཀྱི་ཧམ་སེམས་ཀྱིས་རྐྱེན་པ་རེད་ཅེས་བཤད།
རིཊ་གཅིག་མཁས་ཅན་གྱིས། དེ་ནི་དཔེ་མཚོན་རང་བཞིན་གྱི་ཕང་ཧྲི་མགོ་སྐོར་གྱི་ཁོངས་སུ་གཏོཊ་ཅེས་བརྗོད་པ།
གནོད་འཚེ་ཕོག་མཁན་དག་གིས་དམངས་དོན་གཏུག་བཤེར་བྱས་ཆོག
ཅང་སུའུ་ཞུས་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ཆོན་ཧྲན་ཡན་ལག་ཅུས་ཀྱི་མྱུལ་ཞིབ་པ་ཡེ་ཧན་ཞང་གིས་གྱོད་གཞི་དེ་རིགས་རྩད་ཆོད་བྱེད་མྱོང་བ་དང་། ཁོང་གིས་རྟོག་བཟོའི་དངུལ་ལོར་དང་རྟོག་བཟོའི་ཐོན་རྫས་བརྒྱུད་འཚོང་དེ་རིགས་ཚང་མའི་ཁྱད་ཆོས་ཕལ་ཆེར་གཅིག་མཚུངས་ཡིན་པ་སྟེ། ཕྱིས་སུ་རྩེད་མོའི་ནང་དུ་ཞུགས་མཁན་དག་གི་དངུལ་གྱིས་སྔ་ནས་རྩེད་མོའི་ནང་དུ་ཞུགས་ཡོད་པ་དག་གི་ཡོང་འབབ་གསབ་རྒྱུ་དེ་རེད། “མ་རྩ་ཕྱིར་ལོག་”གི་མྱུར་ཚད་ཇེ་མགྱོགས་སུ་གཏོང་ཆེད། སྤྱོད་མཁན་གྱིས“སྤྱོད་མཁན་ཞོལ་མ་”མི་འཚོལ་ཀ་མེད་དུ་གྱུར། ཤོག་སྒོར་གྱི་འཛའ་ཐང་དང་ཉོ་སྒྲུབ་ཀྱི་རིན་གོང་ཟེར་བ་ཚང་མ་ནི་མཉེན་ཆས་ཀྱི་བཀོད་འདོམས་པས་རང་དགར་ཚོད་འཛིན་བྱེད་བཞིན་པ་ཞིག་རེད།
ཉི་འོད་ཤིང་འབྲས་ལྡུམ་ར་ཞེས་པའི་Appཡི་ཤོག་ངོས། འབྱུང་ཁུངས། དྲ་རྒྱ།
འཛད་སྤྱོད་དངུལ་རྩའི་ཆེད་མཁས་པ་སུའུ་ཞའོ་རུའེ་ཡིས་གསར་འགོད་པར་ཚད་ལྡན་གྱི་མ་དངུལ་དང་འབྲེལ་བའི་མཉེན་ཆས་ལ་ལྟ་སྐུལ་དོ་དམ་ནན་མོ་བྱེད་ཀྱི་ཡོད། སྤྱིར་ཚང་མས་ཚོང་རྟགས་ལ་བརྟེན་ནས་གཉེར་སྐྱོང་བྱེད་པ་ཞིག་ཡིན། གནད་དོན་ཅན་གྱི་མཉེན་ཆས་དེ་རིགས་ལ་སྤྱིར་བཏང་དུ་མ་དངུལ་གྱི་ལྟ་སྐུལ་དོ་དམ་གང་ཡང་བྱེད་ཀྱི་མེད་པ་རེད་ཅེས་བརྗོད།
པེ་ཅིང་ཁང་ཏ་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཁྲིམས་རྩོད་པ་ཧན་ཤའོ་ཡིས“ཉི་འོད་ཤིང་འབྲས་ལྡུམ་རས”རྟོག་བཟོའི་གཏེར་ཁ་སྔོག་འདོན་བྱེད་སྟངས་ཀྱི་ལས་སྟེགས་བསྐྲུན་ནས་སྤྱི་དམངས་ཀྱི་མ་འཇོག་བཀུག་པ་མ་ཟད། མ་འཇོག་བྱེད་མཁན་གྱིས་མ་འཇོག་བྱེད་མཁན་གསར་པ་ལས་སྟེགས་སུ་ཞུགས་རྒྱུར་སྐུལ་འདེད་ཀྱང་བཏང་ཡོད། དེའི་ཐོན་རྫས་གཉེར་སྐྱོང་དངོས་སུ་མེད་པ་དང་། རྩ་འཛུགས་ཀྱི་རིམ་པ་ཁ་མི་གསལ་བ། སྤྱོད་མཁན་ཞོལ་མ་འཚོལ་དགོས་པའི་གཉེར་སྐྱོང་གི་གཞི་རྩའི་རྣམ་པ་བཅས་ལ་བལྟས་ན། དེ་ནི་དཔེ་མཚོན་རང་བཞིན་ལྡན་པའི“ཕང་ཧྲི་མགོ་སྐོར་”གྱི་རྣམ་པའི་དངུལ་རྩའི་གཡོ་སྒྱུའི་ཁོངས་སུ་གཏོགས་ཀྱི་ཡོད།
ཧན་ཞའོ་ཡིས་ཀྱང་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པའི་བྱེད་སྤྱོད་དེ་ཉེས་ཁྲིམས་ལས་འགལ་ནས་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པའི་རིགས་ཀྱི་ཉེས་པ་བསགས་ཡོད་ཚེ། བཅའ་ཁྲིམས་ཀྱི་བཙན་ཤེད་རང་བཞིན་གྱི་གཏན་འབེབས་ལས་འགལ་བའི་དམངས་དོན་འགན་འཁྲི་ཡང་འཁུར་དགོས་བ་རེད་ཅེས་བརྗོད་པ་དང་། ཉེས་དོན་གོ་རིམ་ཁྲོད་དུ།《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་རྒྱུན་མཐོང་གི་བྱས་ཉེས་ཚད་འབེབས་སྐོར་གྱི་མཛུབ་སྟོན་བསམ་འཆར》གྱི་གཏན་འབེབས་ལྟར་ན། ཉེས་དོན་གཏུག་བཤེར་གྱི་གོ་རིམ་ཁྲོད་དུ། བྱས་ཉེས་བས་རང་འགུལ་གྱིས་བརྐུས་རྫས་ཕྱིར་སློག་པ་དང་སྐྱིན་ཚབ་སྤྲད་པ་དེས་མ་དངུལ་གཏོང་མཁན་གྱི་གྱོང་གུན་ཁག་ཅིག་ཁ་གསབ་བྱས་ཆོག དམངས་དོན་འགན་འཁྲི་དང་འབྲེལ་བའི་ཆ་དེ། ཉེས་དོན་གོ་རིམ་མཇུག་རྫོགས་རྗེས། མ་དངུལ་གཏོང་མཁན་གྱིས་རང་ཉིད་ཀྱི་གྱོང་གུན་ལ་གཞིགས་ནས་དམངས་དོན་གཏུག་བཤེར་བྱས་ཆོག་པ་ཡིན་ཞེས་བརྗོད་པ་རེད།