ཉེ་ཆར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བཀོད་པ་ལྟར་ན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་ཚེ་རིང་ཐར་གྱི་བརྩམས་ཆོས་《བོན་གྱི་ལོ་རྒྱུས་མདོར་བསྟན་གནད་ཀྱི་ཕྲེང་བ།》ལ་པེ་ཅིང་གི་སྐབས་བཅུ་གསུམ་པའི་གཏན་ཚིགས་རིག་པའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་གྲུབ་འབྲས་ཐོབ་འདུག སྐབས་འདིའི་གྲུབ་འབྲས་དཔྱད་འདེམས་ཁྲོད་ཁྱོན་བསྡོམས་བྱ་དགའ་206ཡོད་པ་དང་། དེའི་ནང་དུ་དམིགས་བསལ་བྱ་དགའ་4དང་། བྱ་དགའ་ཨང་དང་པོ་41 བྱ་དགའ་ཨང་གཉིས་པ་161བཅས་ཡོད་པ་རེད། །