ལྔ་གཅིག་རིང་ལྗོངས་སྐོར་བ་མི་ཐེངས་ཁྲི་165.2ལ་སྣེ་ལེན་བྱས།

བློ་བདག རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་ཡོད་ཡིག་གསར་འགྱུར། སྤེལ་དུས། 05-10



    ཟླ་5ཚེས་5ཉིན་གསར་འགོད་པས་ཁུལ་རིག་གནས་ལུས་རྩལ་དང་ལྗོངས་སྐོར་ཅུས་ནས་ཤེས་པ་ལྟར་ན། ལྔ་གཅིག་གུང་གསེང་རིང་རང་ཁུལ་དུ་ལྗོངས་སྐོར་བས་ཁེངས་ཤིང་། མཛེས་ལྗོངས་ཁུལ་དུ་སྔོན་ཆད་ཀྱི་མི་ཚོགས་ཀྱི་འཚང་ཀ་རྒོད་པའི་རྣམ་པ་སླར་ཡང་མངོན་ནས་ཁུལ་ཡོངས་ཀྱི་ལྗོངས་སྐོར་ལས་རིགས་སླར་གསོ་ཆེན་པོ་བྱུང་བ་དང་། རིམ་རྩིས་བྱས་ན་ལྗོངས་སྐོར་བ་མི་ཐེངས་ཁྲི་165.2སྣེ་ལེན་བྱས་པ་དེ་དུས་མཉམ་ལས་བརྒྱ་ཆ་140.75དང་བརྒྱ་ཆ་232.83འཕར།
    དེའི་ནང་གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱིས་ལྗོངས་སྐོར་བ་མི་ཐེངས་ཁྲི་9.78སྣེ་ལེན་བྱས་པ་དང་སྒོ་འཛིན་ཡོང་འབབ་སྒོར་ཁྲི་1307.69ཟིན་པ་དེ་དུས་མཉམ་ལས་བརྒྱ་ཆ་214.74དང་བརྒྱ་ཆ་191.24འཕར། གསེར་མཚོའི་མཛེས་ལྗོངས་ཁུལ་གྱིས་ལྗོངས་སྐོར་བ་མི་ཐེངས་ཁྲི་6.91སྣེ་ལེན་བྱས་པར་སྒོ་འཛིན་ཡོང་འབབ་སྒོར་ཁྲི་331.79ཟིན་པ་དེ་དུས་མཉམ་ལས་བརྒྱ་ཆ་262.83དང་བརྒྱ་ཆ240.05འཕར། སྐུ་བླ་རི་བོའི་མཛེས་ལྗོངས་ཁུལ་གྱིས་ལྗོངས་སྐོར་བ་མི་ཐེངས་ཁྲི་5.28སྣེ་ལེན་བྱས་པར་སྒོ་འཛིན་ཡོང་འབབ་སྒོར་ཁྲི་376.62ཟིན་པ་དེ་དུས་མཉམ་ལས་བརྒྱ་ཆ་141.27དང་བརྒྱ་ཆ་148.18འཕར། ཏ་ཁོག་འཁྱགས་རོམ་མཛེས་ལྗོངས་ཁུལ་གྱིས་ལྗོངས་སྐོར་བ་མི་ཐེངས་ཁྲི་1.15སྣེ་ལེན་བྱས་པ་དང་སྒོ་འཛིན་ཡོང་འབབ་སྒོར་ཁྲི་69.47ཟིན་པ་དེ་དུས་མཉམ་ལས་བརྒྱ་ཆ94.92དང་བརྒྱ་ཆ་186.36འཕར།


    ཤེས་རྟོགས་བྱུང་བར་གཞིགས་ན། ཡིང་ཞིའུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་ཆུ་དགར་ཚོགས་འདུའི་ཚོགས་ཡུལ་དྲན་གསོ་ཁང་། གཙོ་ཚང་སྒུ་དམར་དམག་རྒྱང་སྐྱོད་དྲན་གསོའི་རྡོ་རིང་གླིང་སོགས་སུ་སློབ་ཁྲིད་བྱེད་པའི་གསར་བརྗེའི་ལྗོངས་སྐོར་བྱེད་མཁན་རྒྱུན་མཐུད་ངང་ཇེ་མང་དུ་ཕྱིན་ནས་སྣེ་ལེན་མི་ཐེངས་དུས་མཚུངས་ལས་ལྡབ་2.4ཡན་འཕར་བ་དང་ལྗོངས་སྐོར་ཡོང་འབབ་ལྡབ་3ཡན་འཕར་བས། ཁུལ་ཡོངས་ཀྱི་ལྗོངས་སྐོར་ཁྲོམ་ར་བརྟན་པོ་དང་གོ་རིམ་ལྡན་ལ། ལྗོངས་སྐོར་ཞུ་གཏུག་དང་བདེ་འཇགས་ལས་འཛོལ་ཚབས་ཆེན་བྱུང་མེད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1