《གངས་ལྗོངས་ཉི་གཞོན།》བོད་ཡིག་དུས་དེབ་ཀྱི་2015ལོའི་དེབ་དང་པོ་འགྲེམ་སྤེལ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-08


གངས་ལྗོངས་ཉི་གཞོན།དུས་དེབ་ཀྱི་ཁ་ཤོག

       སྤྱི་ལོའི་ལོ་སར་ཚེས་པ་དང་བསྟུན་ནས་ང་ཚོ་གངས་ལྗོངས་ཉི་གཞོན།བོད་ཡིག་དུས་དེབ་རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་བྱས་པའི་2015ལོའི་དེབ་དང་པོ་ད་ལྟ་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་ཡོད། ཐེངས་འདིར་ཡང་ང་ཚོས་དོན་གྱི་སྙིང་བོས་ཕྱུག་ཅིང་ཕྱི་ཡི་པར་རིས་མཛེས་པའི་གངས་ལྗོངས་ཉི་གཞོན།བོད་ཡིག་དུས་དེབ་འདི་ཉིད་རྒྱ་ཆེའི་ཀློག་པ་པོ་ཀུན་གྱི་སྤྱན་ལམ་དུ་འབུལ་རྒྱུ་བྱུང་བས། ཀུན་གྱིས་འདི་ཉིད་ལ་དོ་ཁུར་དང་རོལ་མྱོང་གནང་རོགས་ཞུ་རྒྱུ་ཡིན། འདིའི་ལེ་ཚན་བགར་སྟངས་དེ་ཡང་སྔོན་མའི་དུས་དེབ་དང་འདྲ་བར་མཛེས་པའི་གངས་ལྗོངས་ཕྱུག་མོ་དང་གསར་འཕྲིན་དཔྱིད་ཀྱི་ཕོ་ཉ། ཁྱད་དོན་གསལ་བའི་མེ་ལོང་། བདེ་སྐྱིད་འཚོ་བའི་གཞིན་རས། གངས་ལྗོངས་རིག་པའི་དགའ་ཚལ། བསིལ་ལྡན་གངས་རིའི་གསང་བ། སྐྱེ་ཁམས་དཔལ་ཡོན་དགའ་ཚལ། ཁ་བ་རི་བའི་བུ་རྒྱུད་སོགས་ལེ་ཚན་བཅོ་ལྔའི་བདག་ཉིད་ཅན་ཞིག་ཡིན་ཞིང་། རྗེས་མར་ཡང་སྨྱུག་ཐོགས་པ་ཀུན་གྱིས་རྩོམ་ལུས་ཅི་རིགས་ཀྱི་རྩོམ་ཡིག་དང་པར་རིས་སྤུས་ལེགས་ཅན་བསྐུར་ནས་རྒྱབ་སྐྱོར་གང་ལེགས་གནང་བའི་རེ་བ་ཡོད།    

ས་གནས། སི་ཁྲོན་ཁྲེན་ཏུའུ་གྲོང་ཁྱེར་ཚོང་ལས་ཁྲོམ་ལམ་སྒོ་རྟགས་ཨང་3པ་ཁ་བཏགས་དཀར་པོ།རྩོམ་སྒྲིག་ཁང་།

རིན་གོང་། དེབ་རེ་ལ་སྒོར་15ཡིན།

འབྲེལ་བ་བྱེད་ཡུལ། འོད་ཟེར།

ཁ་པར་ཨང་གྲངས། 028-86602127 13340963777

ཡིག་སྒྲོམ། swzdyg@163.com


དུས་དེབ་ཀྱི་ནང་དོན་ཁག་གཅིག

དུས་དེབ་ཀྱི་ནང་དོན་ཁག་གཅིག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1