རྒྱ་གར་གྱི་ཉིན་རེའི་ཏོག་གསར་གློ་ཚད་ནད་དཔེ་ཁྲི་30མན་ལ་ཆག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-19



   ཟླ་5ཚེས་17ཉིན། རྒྱ་གར་འཕྲོད་བསྟེན་སྡེ་ཁག་གིས་སྤེལ་བའི་གཞི་གྲངས་ལས་མངོན་གསལ། འདས་ཟིན་པའི་ཆུ་ཚོད་24ནང་། རྒྱ་གར་དུ་གཏན་འཁེལ་བྱུང་བའི་ཏོག་གསར་གློ་ཚད་ནད་དཔེ་281386ཡོད་ཅིང་། རིམ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་24965463ཡོད། གསར་དུ་འཕར་བའི་ཚེ་འདས་ནད་དཔེ་4106ཡོད་པ་དང་། རིམ་རྩིས་བྱས་ན་ཚེ་འདས་ནད་དཔེ་274390ཡོད། 
    རྒྱ་གར་དུ་ཉིན་རེར་གཏན་འཁེལ་བྱུང་བའི་ནད་དཔེ་གསར་པའི་ཁ་གྲངས་ཟླ་4ཚེས་22ཉིན་ཐེངས་དང་པོར་ནད་དཔེ་ཁྲི་30ལས་བརྒལ་བ་མ་ཟད། ཟླ་5པར་བསྟུད་མར་ཉིན་མང་པོའི་རིང་ནད་དཔེ་ཁྲི་40བརྒལ་ཡོད། ཟླ་5ཚེས་16ཉིན་བར་བསྟུད་མར་ཉིན་25རིང་ནད་དཔེ་ཁྲི་30ཡན་ཟིན་ཡོད། འདས་པའི་ཉིན་ཁ་ཤས་རིང་རྒྱ་གར་དུ་ཉིན་རེར་གཏན་འཁེལ་བྱུང་བའི་ནད་དཔེའི་ཁ་གྲངས་ཇེ་ཉུང་དུ་སོང་ཡོད་མོད། ཡིན་ནའང་། རིམས་ནད་ཀྱི་གནས་ཚུལ་ཚབས་ཆེ་བ་དེ་ད་དུང་འགྱུར་བ་བྱུང་མེད། ཚེས་17ཉིན་གསར་དུ་གཏན་འཁེལ་བྱུང་བའི་ནད་དཔེའི་ཁ་གྲངས་དེ་ཁྲི་30མན་ལ་ཆག་པ་དེ་ནི་གཟའ་མཇུག་ལ་ཞིབ་བཤེར་བྱེད་མཁན་མི་གྲངས་ཉུང་དུ་སོང་བར་རག་ལས་པ་རེད། 
    གཞུང་གི་གཞི་གྲངས་ལས་མངོན་གསལ། རྒྱ་གར་རྒྱལ་ནང་དུ་ཚེས་16ཉིན་ཞིབ་བཤེར་བྱས་པའི་མི་ཐེངས་ཁྲི་150ཡོད་ཅིང་། དེ་ནི་ཉིན་སྔ་མའི་མི་ཐེངས་ཁྲི་180ལྷག་ལས་མི་ཐེངས་ཁྲི་30ཙམ་ཉུང་ཡོད། དེ་སྔ་རྒྱ་གར་དུ་ཉིན་རེར་གཏན་འཁེལ་བྱུང་བའི་ནད་དཔེའི་ཁ་གྲངས་ནི་རྟག་པར་གཟའ་མཇུག་གི་རྗེས་ཉུང་དུ་འགྲོ་བཞིན་ཡོད། སྔོན་རྩིས་བྱེད་ན་གཞི་གྲངས་འདིའི་གནས་མཐོའི་འཁོར་སྐྱོད་ཀྱི་གནས་ཚུལ་སྔར་བཞིན་དུ་དུས་རིམ་གཅིག་རིང་རྒྱུན་སྲིང་རྒྱུ་རེད། 
    རིམས་ནད་ཧ་ཅང་ཇེ་སྡུག་ཏུ་འགྲོ་བའི་རྣམ་པར་ཁ་གཏད་གཅོག་ཆེད། རྒྱལ་ས་རྡི་ལི་གསར་པ་དང་། མ་ཧ་ལ་ཧྲི་ཐེ་ལ་མངའ་སྡེ། བྱང་ཕྱོགས་མངའ་སྡེ། ལ་ཅ་སི་ཐན་མངའ་སྡེ་སོགས་རྒྱ་གར་ས་ཆ་མང་པོ་ནས་མུ་མཐུད་དུ་རིམས་འགོག་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་བཞིན་ཡོད། ཟླ་འདིའི་ཚེས་16ཉིན། རྡི་ལི་གསར་པའི་དབུ་བཞུགས་པུའུ་ཀྲང་ཁའེ་ཇེ་ལི་ཝར་གྱིས་རྡི་ལི་གསར་པར་མིག་སྔར་“གྲོང་རྒྱ་སྡོམ་པ”ཡི་བྱེད་ཐབས་དེ་གཟའ་འཁོར་གཅིག་(ཚེས་24ཉིན)ཇེ་རིང་དུ་གཏོང་རྒྱུ་བསྒྲགས། འདི་ཡང་རྡི་ལི་གསར་པའི་“གྲོང་རྒྱ་སྡོམ་པ”ཡི་དུས་ཡུན་རིང་དུ་གཏོང་ཐེངས་བཞི་བ་དེ་ཡིན་པ་རེད། དེ་སྔོན་ཉིན་ཞིག་ལ། བྷང་ག་ལ་ནུབ་མའི་མངའ་སྡེ་སྲིད་གཞུང་གིས། ཟླ་5ཚེས་16ཉིན་ནས་ཚེས་30ཉིན་བར་ཁྱོན་ཡོངས་ནས་རིམས་འགོག་བཀག་སྡོམ་ལག་བསྟར་བྱས་ནས། ཏོག་གསར་གློ་ཚད་རིམས་ནད་མཆེད་པ་འགོག་རྒྱུ་ཡིན་པ་བསྒྲགས་འདུག


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1