༄༅། །བོད་ལྗོངས་སུ་རླངས་འཁོར་བསྐོར་ནས་ལྗོངས་རྒྱུར་འགྲོ་དུས་ངེས་དགོས་པའི་བདེ་འཇགས་ཤེས་བྱ།
ཀླུ་འབུམ་གྱིས་བསྒྱུར། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ལྷོ་ཕྱོགས་ཉིན་རེའི་ཚགས་པར། སྤེལ་དུས། 01-12
ཟླ8པའི་ཚེས9ཉིན། བོད་ལྗོངས་སུ་ཚབས་ཆེ་བའི་འགྲིམ་འགྲུལ་བྱུར་ཉེས་ཤིག་བྱུང་བ་དང་། འགྲིམ་འགྲུལ་བྱུར་ཉེས་བྱུང་བའི་ཡུལ་ནི་ཡར་ཀླུངས་གཙང་པོའི་འགྲམ་གྱི་གྲོག་རོང་ས་ཁུལ་ཡིན། ཡུལ་སྐོར་རླངས་འཁོར་ཆེ་བ་ཞིག་ཁ་གཏད་དུ་རྒྱུག་ཡོང་བའི་བྱེས་བགྲོད་རླངས་འཁོར་ཞིག་དང་ཕི་ཁཱ་རྟགས་ཅན་གྱི་ཟོག་འདྲེན་རླངས་འཁོར་ཞིག་ལ་རྡུང་ཁ་བརྒྱབ་པ་དང་། དེར་མི44ཚེ་སྲོག་ཤོར་བ་དང་མི11ལ་རྨས་སྐྱོན་ཕོག དབྱར་དུས་བོད་ལྗོངས་སུ་ཡུལ་སྐོར་མི་སྣ་ཤིན་ཏུ་མང་། དེ་མཚུངས་དབྱར་དུས་བོད་ལྗོངས་སུ་ཆར་ཆུ་ཡང་ཤིན་ཏུ་མོད་པས། དེར་བརྟེན་ལམ་ལ་མ་བུད་གོང་དུ་ཆར་ཆས་དང་། རྣོ་སྐུད་ཀྱི་ཐག་པ། ལྕགས་ཁེམ་སོགས་གྲ་སྒྲིག་བྱེད་དགོས།
ཚོང་འགྲུལ་དོན་བརྒྱ་ལེགས་འགྲུབ།
ཟླ8པའི་ཚེས9ཉིན། བོད་ལྗོངས་སུ་ཚབས་ཆེ་བའི་འགྲིམ་འགྲུལ་བྱུར་ཉེས་ཤིག་བྱུང་བ་དང་། འགྲིམ་འགྲུལ་བྱུར་ཉེས་བྱུང་བའི་ཡུལ་ནི་ཡར་ཀླུངས་གཙང་པོའི་འགྲམ་གྱི་གྲོག་རོང་ས་ཁུལ་ཡིན། ཡུལ་སྐོར་རླངས་འཁོར་ཆེ་བ་ཞིག་ཁ་གཏད་དུ་རྒྱུག་ཡོང་བའི་བྱེས་བགྲོད་རླངས་འཁོར་ཞིག་དང་ཕི་ཁཱ་རྟགས་ཅན་གྱི་ཟོག་འདྲེན་རླངས་འཁོར་ཞིག་ལ་རྡུང་ཁ་བརྒྱབ་པ་དང་། དེར་མི44ཚེ་སྲོག་ཤོར་བ་དང་མི11ལ་རྨས་སྐྱོན་ཕོག ཁྲོན་བོད་ལམ་ཐིག་ནས་སྒེར་གྱི་རླངས་འཁོར་བསྐོར་ནས་ལྗོངས་རྒྱུ་བྱེད་མཁན་མུ་མཐུད་ཇེ་མང་དུ་འགྲོ་བ་དང་། མི་མང་པོ་བོད་ལྗོངས་སུ་བདེ་འཇགས་འགྲོ་འོང་བྱེད་པའི་ཐད་ལ་སེམས་ཁྲལ་བྱེད། ཐེངས་འདིའི་ཚོང་འགྲུལ་དོན་བརྒྱ་ལེགས་འགྲུབ་ཀྱིས་ཡུལ་སྐོར་ཆེད་ལས་མཁས་པ་དང་སྒེར་གྱི་རླངས་འཁོར་བསྐོར་ནས་ལྗོངས་རྒྱུ་ལ་མཁས་པའི་མི་སྣ་གདན་དྲངས་ནས་ཀུན་གྱི་དོགས་གནད་བསལ་བར་བྱའོ། །
ཁྲོན་བོད་ལམ་ཐིག
དྲི་བ། སྒེར་གྱི་རླངས་འཁོར་བསྐོར་ནས་བོད་དུ་ལྗོངས་རྒྱུར་འགྲོ་བར་སྔོན་དུ་གྲ་སྒྲིག་གང་དག་བྱེད་དགོས།
ལན། དང་པོར་རླངས་འཁོར་ལ་ཞིབ་བཤེར་ནན་མོ་བྱེད་དགོས། མཚོ་བོད་མཐོ་སྒང་དུ་རླངས་འཁོར་བསྐོར་ནས་འགྲོ་བར་ངེས་བར་དུ་རླངས་འཁོར་གྱི་ཕྱོགས་གང་ཐད་ཀྱི་གནས་ཚུལ་ཚད་ཐིག་བཟང་བོར་རྒྱུན་འཛིན་བྱེད་དགོས། ལྷག་པར་དུ་བཀག་གཏོང་གི་མ་ལག་དང་ཁ་ཕྱོགས་བསྒྱུར་བའི་མ་ལག སྒུལ་བྱེད་འཕྲུལ་འཁོར། འགྱིག་འཁོར་དང་རླངས་འཁོར་གྱི་གློག་སྒྲོན་རྣམས་ཆད་ལྷག་དང་གནད་དོན་མེད་པ་དགོས། དེ་ནས་ངེས་བར་དུ་རང་ཉིད་ཀྱི་ལུས་ཕུང་གི་གནས་ཚུལ་ལ་མཉམ་འཇོག་བྱེད་དགོས། ལམ་ལ་མ་བུད་གོང་དུ་རང་ཉིད་ཀྱི་ལུས་ཕུང་བདེ་ཐང་ཡིན་པ་ཁག་ཐེག་བྱེད་དགོས། ལུས་ཕུང་བདེ་ཐང་མིན་ཚེ་ལྗོངས་རྒྱུར་དཀའ་ཁག་ཆེན་པོ་འཕྲད་སྲིད། ངེས་བར་དུ་གྲང་འགོག་གི་གྱོན་པ་དང་སྨན་རྫས། ལམ་རྒྱགས་སོགས་འོས་འཚམ་གྲ་སྒྲིག་བྱེད་དགོས། མཚོ་བོད་མཐོ་སྒང་ནས་དབྱང་མི་འདང་བ་དང་རང་བྱུང་གནོད་འཚེ་ཡིས་ལམ་ནས་བཀག་པ་སོགས་སྔོན་འགོག་བྱེད་དགོས། མཐའ་མར་ལྗོངས་རྒྱུའི་ལམ་ཐིག་གསལ་བོ་དང་ལམ་ཐིག་ཧྲིལ་བོའི་གནས་ཚུལ་ཤེས་རྟོགས་བྱེད་དགོས། ལྗོངས་རྒྱུའི་སྐབས་སུ་འཕྲད་སྲིད་པའི་གནམ་གཤིས་གནས་ཚུལ་ལ་མཉམ་འཇོག་བྱེད་དགོས་ལ། ལམ་ཐིག་དང་དུས་ཚིགས་འོས་འཚམ་ཞིག་བདམ་རྒྱུ་གལ་ཆེའོ། །
ཡུན་བོད་ལམ་ཐིག
དྲི་བ། ལྗོངས་རྒྱུའི་ལམ་བར་ནས་དོ་སྣང་བྱེད་དགོས་པ་གང་དག་ཡོད་དམ།
ལན། དབྱར་དུས་ནི་བོད་ལྗོངས་སུ་ཡུལ་སྐོར་བ་ཆེས་མང་བའི་དུས་ཚིགས་ཡིན། ཡིན་ནའང་དབྱར་དུས་ནི་བོད་ལྗོངས་ཀྱི་ཆར་ཆུ་ཡང་ཆེས་མོད་པའི་དུས་ཚིགས་ཡིན། དེར་བརྟེན་ངེས་བར་དུ་ཆར་ཆས་དང་རྣོ་སྐུད་ཀྱི་ཐག་པ། ལྕགས་ཁེམ་སོགས་གྲ་སྒྲིག་བྱེད་དགོས། རླངས་འཁོར་ནི་ཆུ་གསོག་མེད་པའི་སར་བསྐོར་ནས་འགྲོ་དགོས། གལ་སྲིད་འདམ་རྡོའི་ཆུ་རུད་དང་རི་ཉིལ་སོགས་དང་འཕྲད་ན། རླངས་འཁོར་ནི་ས་ངོས་ཅུང་ཁོད་སྙོམས་ཤིང་རྒྱ་ཆེ་བའི་སར་འཇོག་དགོས། གང་ཐུབ་ཀྱིས་བྲག་གཡང་ལམ་འགྲམ་དུ་མི་འཇོག་པ་དང་རི་ཉིལ་དང་རྦབ་རྡོ་ལ་སྔོན་འགོག་བྱེད་དགོས།
དགུན་དུས་ཀྱི་བོད་ལྗོངས་ནི་གྲང་ངར་ཤིན་ཏུ་ཆེ་བས། ལམ་ངོས་སུ་ཆབ་རོམ་ཆགས་སླ་པོ་ཡོད། རླངས་འཁོར་བསྐོར་ནས་འགྲོ་བའི་སྐབས་སུ་ངེས་བར་དུ་གཟབ་གཟབ་བྱེད་དགོས། འགྲོས་ཚད་དལ་བོས་འགྲོ་དགོས། ཐུར་ལམ་དུ་འགྲོ་བའི་སྐབས་སུ་འཁོར་ལོའི་ཁ་བཀག་རྒྱུར་བྲེལ་འཚུབ་ལངས་མི་རུང་། ཐུར་ལམ་དུ་འགྲོ་བའི་ཐོག་མར་སྣུམ་སྒོ་ནི་ངེས་བར་དུ་ཚོད་འཛིན་ལེགས་པོ་བྱེད་དགོས་ཤིང་ཤུགས་ཆེ་མི་རུང་། གལ་སྲིད་མདུན་ཕྱོགས་སུ་འགྲིམ་འགྲུལ་བྱུར་ཉེས་བྱུང་ཡོད་ན་འཁོར་ལོ་བཀག་རྒྱུ་དང་འཁོར་ཕྱོགས་བརྗེ་རྒྱུར་བྲེལ་མི་རུང་།
མཚོ་བོད་ལམ་ཐིག
དྲི་བ། བོད་དུ་ལྗོངས་རྒྱུར་འགྲོ་བའི་ལམ་ཐིག་སྐོར་ལ་བསམ་འཆར་གང་ཡོད་དམ།
ལན། ཞིན་བོད་ལམ་ཐིག་བརྒྱུད་ནས་བོད་དུ་ལོག་པ་ནི་གདམ་གར་མི་རུང་། ཞིན་བོད་ལམ་ཐིག་ནས་བོད་ལྗོངས་མངའ་རིས་སུ་ལོག་པར། མངའ་རིས་ནི"འཛམ་གླིང་ཡང་རྩེའི་ཡང་རྩེ"རེད། ནམ་ཟླ་དང་རང་བྱུང་ཆ་རྐྱེན་ནི་ལྟོས་བཅས་ཀྱིས་སྡུག་ཆགས་ཡིན། རེ་འདུན་ཡིན་ན་བསྐོར་ལམ་བརྒྱུད་ནས་བོད་དུ་ལྗོངས་རྒྱུར་སོང་། ཁྲོན་བོད་ལམ་ཐིག་གམ་ཡུན་བོད་ལམ་ཐིག་བརྒྱུད་ནས་བོད་དུ་འགྲོ་བ་དང་དེ་ནས་མཚོ་བོད་ལམ་ཐིག་ནས་ཕྱིར་ལོག་དགོས། བསྐོར་ལམ་བརྒྱུད་ནས་སོང་ན་ལམ་ཐིག་གཅིག་ནས་འགྲོ་འོང་བྱེད་མི་དགོས། ཁྲོན་བོད་དང་ཡུན་བོད་ལམ་ཐིག་བརྒྱུད་ན་ལམ་བར་ནས་བོད་མི་རིགས་ཀྱི་དམངས་སྲོལ་ལ་མྱོང་ཚོར་བྱེད་ཆོག བོད་ནས་ཕྱིར་ལོག་དུས་མཚོ་བོད་ལམ་ཐིག་ནས་བོད་བྱང་ཐང་དང་གངས་རིའི་མཛེས་ལྗོངས་ལ་དངོས་སུ་རོལ་མྱོང་བྱེད་ཐུབ། ཁྲོན་བོད་ལམ་ཐིག་ཏུ་འགྲོ་མཁན་རྣམས་ཀྱིས་ཕྱོགས་འདི་དག་ལ་མཉམ་འཇོག་དགོས་ཏེ། ཁྲོན་བོད་གཞུང་ལམ་ནི་ཐུན་མོང་མ་ཡིན་པའི་ས་རྒྱུ་ཆ་རྐྱེན་གྱི་རྐྱེན་དང་ཉེ་དུས་ཆར་ཆུ་མང་བའི་རྐྱེན་གྱིས་རི་ཉིལ་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་གནོད་འཚེ་འབྱུང་ཉེན་ཆེ། བོད་ལྗོངས་ཀྱི་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་ཆ་རྐྱེན་ནི་ནང་ལོག་ས་ཁུལ་དང་མི་འདྲ་བའི་ཆ་ཡོད་པས། ལམ་ལ་མ་བུད་གོང་དུ་འགྲོ་སའི་གནས་ཡུལ་གཏན་ཁེལ་བྱེད་དགོས་ཤིང་། རླངས་འཁོར་གྱི་ལམ་ཐིག་དང་ངལ་གསོའི་མགྲོན་ཁང་སོགས་སྔོན་ནས་གྲ་སྒྲིག་བྱེད་དགོས། དེ་མིན་ལམ་བར་གྱི་སྣུམ་སྣོན་ས་ཚུགས་ལའང་རྒྱུས་ལོན་བྱེད་དགོས་བ་དང་། རླངས་འཁོར་གྱི་སྣུམ་ཟད་ནས་ལམ་བར་ནས་ལུས་པའི་གནས་ཚུལ་མི་འབྱུང་བ་བྱེད་དགོས། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1