༄༅།།ཆབ་མདོ་གྲོང་ཁྱེར་གྱི་རི་ཆུའི་རིག་གནས།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-01


  ཁྲུང་ཆེན་གྲོང་ཁྱེར་གྱིས་བོད་སྐྱོར་འཛུགས་སྐྲུན་བྱེད་བཞིན་པའི་རིག་ནུས་ཆུ་དཔོན་དཔེ་སྟོན་ལས་གཞི་དེ་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་དུ་དངོས་སུ་ལས་བསྟར་བྱེད་འགོ་བརྩམས། དེ་ལས་ཆབ་མདོ་གྲོང་ཁྱེར་གྱི་ཆུ་དཔོན་ལམ་ལུགས་ལས་དོན་ཆ་འཕྲིན་ཅན་གྱི་དུས་རབས་སུ་སླེབས་པ་མཚོན།  གསེར་ཆུ་ནི་རྫ་ཆུའི་གཡས་ངོགས་ཀྱི་རིམ་པ་དང་པོའི་ཆུ་ལག་ཡིན་ལ། རི་བོ་ཆེ་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ཀྱི་ཆུ་ཁུངས་གལ་ཆེན་ཞིག་ཀྱང་ཡིན། “རིག་ནུས་ཆུ་དཔོན”གྱི་དཔེ་སྟོན་ལས་གཞིསGISས་ཁམས་ཆ་འཕྲིན་དང་། GPSརྨང་ཚུགས་གནས་ཁེལ། སྤྲིན་རྩིས། ཟོག་འབྲེལ་དྲ་རྒྱ། གྲངས་གཞི་ཆེན་པོ། སྒུལ་བདེའི་འཕྲིན་གཏོང་དྲ་བ་སོགས་ཀྱི་ལག་རྩལ་ལ་བརྟེན་ནས། འགུལ་མེད་རྣམ་པ་མངོན་པ་དང་། འགུལ་རྣམ་དོ་དམ། རྒྱུན་རྣམ་རྗེས་འདེད་བཅས་མངོན་འགྱུར་བྱུང་ནས་ཚད་འབེབས་དོ་དམ་དང་། ཐད་མཐོང་མངོན་པ། བེད་སྤྱོད་སྟབས་བདེ་བཅས་མངོན་འགྱུར་བྱས། རིམ་པ་སོ་སོའི་ཆུ་དཔོན་དང་དེ་བཞིན་མང་ཚོགས་ཀྱིས་སྟེགས་བུ་བརྒྱུད་དེ་ཆུའི་འབྲེལ་ཡོད་གནས་ཚུལ་རྒྱུས་ལོན་བྱེད་པ་དང་འབྲེལ་དྲ་ཐོག་ཐེར་འདོན་སོགས་ཀྱི་ལྟ་སྐུལ་བྱེད་ཐབས་ལག་བསྟར་བྱས་ཆོག ལས་གཞི་ལེགས་འགྲུབ་འབྱུང་རྗེས། གསེར་ཆུ་མ་ལག་ཅན་དང་། ཞིབ་ཚགས་ཅན། ཚན་རིག་ཅན། ཆ་འཕྲིན་ཅན་བཅས་ཀྱི་དོ་དམ་ཆུ་ཚད་ཇེ་མཐོར་བཏང་ནས“ཆུ་དྭངས་མོ་དང་། གཙང་བོ་རྒྱུག་པ། མཚོ་འགྲམ་ལྗང་སྒྱུར། སྐྱེ་ཁམས་ནུས་ལྡན”བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་ཐུབ། རྒྱུས་ལོན་པ་ལྟར་ན། ལས་གཞི་དེར་ཁྲུང་ཆིན་གྲོང་ཁྱེར་ཆུ་བེད་ཅུའུ་དང་ཀྲུང་གོ་ལན་ཐུང་ཁྲུང་ཆིང་ཡན་ལག་ཀུང་སིའི་ལག་རྩལ་དང་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་ནས་སྔོན་དཔག་བྱས་པ་ལྟར་ན་ད་ལོའི་ལོ་མཇུག་ཏུ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་སྤྱོད་འགོ་ཚུགས་རྒྱུ་རེད།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1