ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 06-02



“ལོ་ལྔ་ཚན་བཅུ་བཞི་པའི”རིང་མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་གཅོག་པའི་སྲིད་ཇུས་ བྱེད་ཐབས་གལ་ཆེན་གྱི་སྙན་སེང་གསན་པ་དང《བུ་བཙའི་སྲིད་ཇུས་ལེགས་གཏོང་དང་མི་འབོར་ཡུན་རིང་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་ཞིབ་གནང་བ།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

■ མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ་འབྲེལ་ཡོད་སྲིད་ཇུས་མ་ལག་དང་ལམ་ལུགས་ཀྱི་སྒྲོམ་གཞི་མགྱོགས་མྱུར་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། རིམ་པ་བཞིན་ཁྲིམས་གཏན་འཁེལ་བའི་རྒན་ཡོལ་ཞུ་བའི་ལོ་ཚད་ནར་འགྱངས་བྱ་རྒྱུ་བརྟན་པོའི་ངང་ལག་བསྟར་བྱེད་པ་དང་། ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་རྒྱལ་ཡོངས་སྤྱི་འདོམས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། རིམ་པ་མང་བའི་རྒན་གསོ་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཡུན་རིང་ལྟ་སྐྱོང་འགན་བཅོལ་གྱི་ལམ་ལུགས་སྒྲོམ་གཞི་འཚོལ་ཞིབ་བྱེད་པ་དང་འཛུགས་པ། གནས་སའི་སྡེ་ཁུལ་གྱི་སྒྲིག་གཞི་དང་ཕན་ཚུན་མཐུན་སྦྱོར་དང་སྨན་བཅོས་དང་བདེ་སྲུང་ཟུང་འབྲེལ་གྱི་རྒན་གསོ་ཞབས་ཞུའི་མ་ལག་དང་བདེ་ཐང་འདེགས་སྐྱོར་མ་ལག་མགྱོགས་མྱུར་འཛུགས་པ། རྒན་རྒོན་གྱི་ཐོན་ལས་འཕེལ་རྒྱས་གཏོང་བ། ཁྱབ་ཁོངས་ཁག་དང་ལས་རིགས་ཁག་གི་རྒན་རྒོན་དང་འཚམ་པའི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། རྒན་རྒོན་ལ་སྲི་ཞུ་བསྒྲུབ་པ་དང་བརྩི་བཀུར་བྱེད་པའི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་རྒན་རྒོན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ཏན་ཏིག་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒན་རྒོན་ལས་དོན་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ནོར་སྲིད་ཀྱིས་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། རྒན་རྒོན་གྱི་བྱ་གཞག་འཕེལ་རྒྱས་ཐད་ནོར་སྲིད་མ་འཇོག་གི་སྲིད་ཇུས་དང་ཐབས་ལམ་མང་བའི་མ་དངུལ་གྲབས་གསོག་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་གཅོག་ཆེད་དགོས་ངེས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་5ཚེས་31ཉིན་ཚོགས་འདུ་འཚོགས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་གཅོག་པའི་སྲིད་ཇུས་བྱེད་ཐབས་གལ་ཆེན་གྱི་སྙན་སེང་གསན་པ་དང《བུ་བཙའི་སྲིད་ཇུས་ལེགས་གཏོང་དང་མི་འབོར་ཡུན་རིང་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་ཞིབ་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
        ཚོགས་འདུའི་ཐོག་བསྟན་དོན། མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་གཅོག་རྒྱུ་ནི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་དམངས་འཚོའི་བདེ་སྐྱིད་དང་འབྲེལ་བ་ཡོད་ལ། དེ་ནི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་གཅོག་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སྤྱི་ཚོགས་འགན་སྲུང་མ་ལག་དང་རྒན་གསོ་ཞབས་ཞུའི་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་བར་བརྟེན་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
        ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ་འབྲེལ་ཡོད་སྲིད་ཇུས་མ་ལག་དང་ལམ་ལུགས་ཀྱི་སྒྲོམ་གཞི་མགྱོགས་མྱུར་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། རིམ་པ་བཞིན་ཁྲིམས་གཏན་འཁེལ་བའི་རྒན་ཡོལ་ཞུ་བའི་ལོ་ཚད་ནར་འགྱངས་བྱ་རྒྱུ་བརྟན་པོའི་ངང་ལག་བསྟར་བྱེད་པ་དང་། ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་རྒྱལ་ཡོངས་སྤྱི་འདོམས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། རིམ་པ་མང་བའི་རྒན་གསོ་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཡུན་རིང་ལྟ་སྐྱོང་འགན་བཅོལ་གྱི་ལམ་ལུགས་སྒྲོམ་གཞི་འཚོལ་ཞིབ་བྱེད་པ་དང་འཛུགས་པ། གནས་སའི་སྡེ་ཁུལ་གྱི་སྒྲིག་གཞི་དང་ཕན་ཚུན་མཐུན་སྦྱོར་དང་སྨན་བཅོས་དང་བདེ་སྲུང་ཟུང་འབྲེལ་གྱི་རྒན་གསོ་ཞབས་ཞུའི་མ་ལག་དང་བདེ་ཐང་འདེགས་སྐྱོར་མ་ལག་མགྱོགས་མྱུར་འཛུགས་པ། རྒན་རྒོན་གྱི་ཐོན་ལས་འཕེལ་རྒྱས་གཏོང་བ། ཁྱབ་ཁོངས་ཁག་དང་ལས་རིགས་ཁག་གི་རྒན་རྒོན་དང་འཚམ་པའི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། རྒན་རྒོན་ལ་སྲི་ཞུ་བསྒྲུབ་པ་དང་བརྩི་བཀུར་བྱེད་པའི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་རྒན་རྒོན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ཏན་ཏིག་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒན་རྒོན་ལས་དོན་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ནོར་སྲིད་ཀྱིས་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། རྒན་རྒོན་གྱི་བྱ་གཞག་འཕེལ་རྒྱས་ཐད་ནོར་སྲིད་མ་འཇོག་གི་སྲིད་ཇུས་དང་ཐབས་ལམ་མང་བའི་མ་དངུལ་གྲབས་གསོག་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་གཅོག་ཆེད་དགོས་ངེས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས།
        ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ཀྱི་འགྱུར་ལྡོག་དུས་བབ་ལ་གཞིགས་ནས་སྔ་རྗེས་སུ་བུ་གཅིག་མ་ཕྲུ་གུ་གཉིས་སྐྱེ་ཆོག་པ་དང་ཕྱོགས་ཡོངས་ནས་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་སོགས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱས་པར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། དེ་དང་ཆབས་ཅིག་རང་རྒྱལ་གྱི་མི་འབོར་བསྡོམས་འབོར་མང་བ་དང་ཉེ་ལམ་ལོ་ཤས་རིང་མི་འབོར་ན་རྒས་ཅན་དུ་འགྱུར་ཚད་མང་དུ་ཕྱིན་ཡོད། བུ་བཙའི་སྲིད་ཇུས་སྔར་བས་ལེགས་འགྱུར་བྱེད་པ་དང་། བཟའ་ཚོ་གཅིག་གིས་ཕྲུ་གུ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་དང་ལྷན་སྦྱར་རྒྱབ་སྐྱོར་བྱེད་ཐབས་ལག་བསྟར་བྱས་པ་དེ་རང་རྒྱལ་གྱི་མི་འབོར་གྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་། མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་བྱེད་པ། རང་རྒྱལ་གྱི་མི་འབོར་ཐོན་ཁུངས་ཁྱད་ཆོས་ཀྱི་ལེགས་ཆ་རྒྱུན་འཁྱོངས་བྱ་རྒྱུ་བཅས་ལ་ཕན་ཐོགས་ཡོད།
        ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་འདོམས་འཆར་འགོད་དང་། སྲིད་ཇུས་མཐུན་སྦྱོར། ལས་དོན་དོན་འཁྱོལ་བཅས་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་ལྟར་ཕྲུ་གུ་གསུམ་བཙའ་བའི་སྲིད་ཇུས་སྒྲིག་འཛུགས་ལག་བསྟར་བྱེད་པ། བུ་བཙའི་སྲིད་ཇུས་དང་འབྲེལ་ཡོད་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྲིད་ཇུས་ལེ་ལག་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྲིད་ཇུས་གལ་ཆེན་གྱིས་མི་འབོར་ལ་ཤུགས་རྐྱེན་བཟོ་བའི་ཚོད་སྐོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། གཉེན་སྒྲིག་དང་། བུ་བཙའ། གསོ་སྐྱོང་། སློབ་གསོ་བཅས་སྡེབ་གཅིག་ལ་བསམ་བློ་བཏང་སྟེ་གཉེན་སྒྲིག་འཚམ་མཐུན་བྱུང་བའི་གཞོན་ནུའི་གཉེན་སྒྲིག་གི་མཛའ་འབྲེལ་ལྟ་བ་དང་ཁྱིམ་ཚང་ལྟ་བའི་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། གཉེན་སྒྲིག་གི་གོམས་སྲོལ་ངན་པ་དང་རིན་གོང་མཐོ་བའི་གཉེན་རྟེན་སོགས་སྤྱི་ཚོགས་ཀྱི་གོམས་སྲོལ་ངན་པ་བཅོས་སྒྲིག་བྱེད་པ། ལེགས་བཙའ་ལེགས་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ཀུན་ཕན་བཅོལ་གསོའི་ཞབས་ཞུའི་མ་ལག་འཕེལ་རྒྱས་གཏོང་བ། སློབ་གསོ་གཞུང་དྲང་དང་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་ལ་སྐུལ་འདེད་གཏོང་བ། ཁྱིམ་ཚང་གི་སློབ་གསོའི་འགྲོ་གྲོན་ཆུང་དུ་གཏོང་བ་བཅས་བྱེད་དགོས། བུ་བཙའི་འཁོར་ཞག་དང་བུ་བཙའི་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲལ་བསྡུ་དང་སྡོད་ཁང་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ལ་ཤུགས་སྣོན་བརྒྱབ་ནས་བུད་མེད་ཀྱི་ལས་ཞུགས་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་དགོས། ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ལེགས་སྒྲིག་མ་བྱས་གོང་གི་ཕྲུ་གུ་གཅིག་ལས་མེད་པའི་ཁྱིམ་ཚང་དང་གྲོང་གསེབ་ཀྱི་འཆར་ལྡན་བུ་བཙའི་ཕྲུ་གུ་གཉིས་ཀྱི་ཁྱིམ་ཚང་ལ་ད་ལྟ་ལག་བསྟར་བྱེད་བཞིན་པའི་བྱ་དགའ་སྤྲད་ནས་རོགས་སྐྱོར་བྱེད་པའི་ལམ་ལུགས་དང་གཟིགས་སྐྱོང་སྲིད་ཇུས་ཁག་མུ་མཐུད་ལག་བསྟར་བྱེད་དགོས། འཆར་ལྡན་བུ་བཙའི་དམིགས་བསལ་ཁྱིམ་ཚང་ལ་ཕྱོགས་ཡོངས་ནས་རོགས་སྐྱོར་དང་འགན་སྲུང་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་རྩ་འཛུགས་ཞུགས་པའི་རོགས་སྐྱོར་གཟིགས་སྐྱོང་གི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་འཆར་ལྡན་བུ་བཙའི་ཁྱིམ་ཚང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱེད་དགོས། རྒྱལ་ཁབ་ཀྱི་མི་འབོར་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཐབ་ཇུས་དང་ས་ཁོངས་ཀྱི་མི་འབོར་འཕེལ་རྒྱས་འཆར་འགོད་ཞིབ་འཇུག་གཏིང་ཟབ་བྱས་ནས་མི་འབོར་ཡུན་རིང་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
        ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1