རྔ་བ་ཁུལ་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་ནུས་ཁུངས་རྒྱལ་མོ་རྔུལ་ཆུ་སྤྱི་གཉེར་ཁང་གིས་རྔ་བ་ཁུལ་གྱི་ནུས་ཁུངས་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་མཉམ་ལས་དྲན་ཐོར་མིང་རྟགས་འགོད་པའི་གན་འཇོག་མཛད་སྒོ་སྤེལ།
ལིའུ་ཕིང་དང་ཐུའུ་དབྱང་ཅུས་ཚོགས་འདུར་ཕེབས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་། ལོ་ཀྲིན་ཧྭ་ཚོགས་འདུར་ཞུགས།
ཉེ་སྔོན། ཁུལ་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་ནུས་ཁུངས་རྒྱལ་མོ་རྔུལ་ཆུ་སྤྱི་གཉེར་ཁང་གཉིས་ཀྱིས་རྔ་བ་ཁུལ་གྱི་ནུས་ཁུངས་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་མཉམ་ལས་དྲན་ཐོར་མིང་རྟགས་འགོད་པའི་གན་འཇོག་མཛད་སྒོ་ཁྲིན་འདུ་རུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་དང་། རྒྱལ་ཁབ་ནུས་ཁུངས་རྒྱལ་མོ་རྔུལ་ཆུ་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི། ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་ཐུའུ་དབྱང་ཅུས་ཚོགས་འདུར་ཕེབས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལུའོ་ཀྲེན་ཧྭ་གན་འཇོག་མཛད་སྒོར་ཞུགས་པ་རེད།
ལིའུ་ཕིང་གིས་གཏམ་བཤད་གནང་སྐབས་ཁུལ་ཨུ་དང་། ཁུལ་སྲིད་གཞུང་། བོད་རིགས་དང་། ཆའང་རིགས། རྒྱ་རིགས་བཅས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་འབུམ་དགུ་དང་ཁྲི་བཞི་ཡི་ཚབ་ཞུས་ནས། དུས་ཡུན་རིང་པོའི་ནང་རྔ་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བའི་རྒྱལ་ཁབ་ནུས་ཁུངས་རྒྱལ་མོ་རྔུལ་ཆུ་སྤྱི་གཉེར་ཁང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས། ཕྱོགས་གཉིས་པོས་དང་ཐོག་འབྲེལ་གཏུག་མཉམ་ལས་ཀྱི་ལམ་སྲོལ་བཟང་པོ་བཙུགས་པ་དང་། དེ་ནས་“ཕན་ཚུན་ཡིད་ཆེས་དང་། གཉིས་ཁེ་མཉམ་ལས་”ཀྱི་རྩ་དོན་གཞིར་བཟུང་ནས། གོ་རིམ་ལྡན་པའི་ངང་མཉམ་ལས་དོན་ཚན་ལ་སྐུལ་འདེད་བཏང་ཡོད། ཐེངས་འདིར་མཉམ་ལས་དྲན་ཐོར་མིང་རྟགས་བཀོད་པ་ཡིས་ཕྱོགས་གཉིས་པོའི་མཉམ་ལས་དེ་དུས་མཚམས་གསར་བ་ཞིག་ཏུ་སླེབས་པ་མཚོན་ཡོད། རྔ་བ་ཁུལ་གྱིས་ཁེ་ལས་ཀྱིས་རང་རེའི་ཁུལ་དུ་མ་འཇོག་བྱ་རྒྱུར་ཁོར་ཡུག་ཡག་པོ་གཏོད་པ་དང་། སྟབས་བདེ་ཆེན་པོ་བསྐྲུན་པ། ཞབས་ཞུ་སྔར་བས་ཡག་པོ་མཁོ་འདོན་བཅས་བྱས་ཏེ། རྔ་བར་མ་དངུལ་གཏོང་འཇོག་བྱེད་པ་དང་། རྔ་བར་བློ་ཡིད་ཚིམ་པ། ཕན་འབྲས་ཆེན་པོ་ཐོན་པ་བཅས་བྱ་རྒྱུ་ཡིན་ཞེས་བཤད།
ཐུའུ་དབྱང་ཅུས་ཀྱིས་གཏམ་བཤད་གནང་སྐབས་རྒྱལ་ཁབ་ནུས་ཁུངས་རྒྱལ་མོ་རྔུལ་ཆུ་སྤྱི་གཉེར་ཁང་གི་ཚབ་ཞུས་ནས། རྔ་བ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཡུན་རིང་པོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས། རྒྱལ་ཁབ་ནུས་ཁུངས་རྒྱལ་མོ་རྔུལ་ཆུ་སྤྱི་གཉེར་ཁང་གིས་ལྷག་བསམ་རྣམ་དག་དང་། མཉམ་ལས་དམ་ཟབ་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས། སྐྱེ་ཁམས་མཛེས་སྡུག་ལྡན་པ་དང་། འཕེལ་རྒྱས་ཆེ་བ། མི་ཆོས་རིག་གནས་དར་བ། འཆམ་མཐུན་མཛེས་སྡུག་ལྡན་པ་བཅས་ཀྱི་“མཛེས་སྡུག་ལྡན་པའི་རྔ་བ་”སྔར་བས་དར་ཞིང་རྒྱས་སུ་བཅུག་ནས། རྔ་བ་ཁུལ་གྱིས་རྒྱལ་ཁབ་རིམ་པའི་ནུས་ཁུངས་གཙང་མའི་རྟེན་གཞི་གང་མགྱོགས་ཀྱིས་བསྐྲུན་རྒྱུ་དང་། “ཁུལ་གཅིག་དང་། ཆུས་གཉིས། ཁྱིམ་གཞིས་གསུམ”གྱི་འཐབ་ཇུས་དམིགས་འབེན་མངོན་འགྱུར་བྱེད་ཆེད་སྟོབས་ཤུགས་གང་ཡོད་འདོན་རྒྱུ་ཡིན་ཞེས་བཤད་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལུའོ་ཀྲེན་ཧྭ་དང་། རྒྱལ་ཁབ་ནུས་ཁུངས་རྒྱལ་མོ་རྔུལ་ཆུ་སྤྱི་གཉེར་ཁང་གི་ཏང་ཨུའི་ཨུ་ཡོན། སྤྱི་ཁྱབ་ལས་འཛིན་གཞོན་པ་ཁྲེན་ཀང་གིས་ཕྱོགས་གཉིས་པོའི་ཚབ་ཞུས་ནས་མཉམ་ལས་དྲན་ཐོར་མིང་རྟགས་བཀོད་པ་རེད།
ཁུལ་གྱི་འགོ་ཁྲིད་ཧྥན་ཅི་གཡོད་དང་། ལིའུ་པོ་ཐའོ། རྒྱལ་ཁབ་ནུས་ཁུངས་རྒྱལ་མོ་རྔུལ་ཆུ་སྤྱི་གཉེར་ཁང་གི་འགོ་ཁྲིད་ཧུའུ་ཝུའེ་དང་ལི་ཕན་ཀོང་། ཧྭ་ཝུའེ་ལག་རྩལ་ཚད་ཡོད་སྤྱི་གཉེར་ཁང་དང་།གློག་ཤུགས་འཆར་འགོད་སྤྱི་ཁྱབ་ཁང་།ཀྲུང་གོ་འཛུགས་སྐྲུན་ལྷོ་ནུབ་གླིང་།རྒྱལ་ཁབ་ནུས་ཁུངས་རྒྱལ་མོ་རྔུལ་ཆུ་སྤྱི་གཉེར་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་གན་འཇོག་མཛད་སྒོར་ཞུགས་པ་རེད།