གནས་བབ་གསར་པའི་འོག་གི་རྒྱང་བསྒྲགས་ལེ་ཚན་ཇི་ལྟར་རྩོམ་སྒྲིག་བྱེད་ཚུལ་སྐོར་རགས་ཙམ་བཤད་པ།
གཅོད་པ་འཚོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-03
དང་པོ། རྒྱང་བསྒྲགས་གསར་འགྱུར་གྱི་ཕན་ནུས་ཇེ་ཆེར་གཏོང་བ།
གསར་འགྱུར་བྱ་བ་གཉེར་མཁན་ཞིག་ལ་མཚོན་ན་དེར་གསར་འགྱུར་གྱི་རིག་ལམ་དང་ཆབ་སྲིད་གོ་རྟོགས་མཐོན་པོ་ཡོད་དགོས། སྤྱིར་ན་གསར་འགྱུར་རྩོམ་སྒྲིག་དེ་དུས་བསྟུན་འདོན་སྤེལ་གྱི་ལས་ཀ་ཞིག་ཡིན་ལ་དོན་དག་བྱུང་སྐབས་ཀྱི་གནས་ཚུལ་དང་བྱུང་རྗེས་ཀྱི་གནས་ཚུལ་ངེས་པར་དུ་འབད་པ་ཆེན་པོས་གསར་སྒྲོག་བྱེད་ཐུབ་དགོས། ཞོགས་པ་སྔ་མོ་ནས་དགོང་མོ་ཆུ་ཚོད་11གི་བར་གསར་འགྱུར་ལེ་ཚན་ལ་གསར་དུ་འབྱོར་བའི་གནས་ཚུལ་ཤིན་ཏུ་མང་པ་དང་སྐབས་སྐབས་སུ་དོན་དག་གལ་ཆེན་གསར་སྒྲོག་བྱེད་དགོས་ཚེ་ལེ་ཚན་གཞན་དག་གི་སྒོ་རྒྱབ་ཏེ་རྒྱུན་གཏོང་བྱེད་ཆོག་ལ་དེ་ལྟར་བྱས་ན་ཉན་མཁན་དག་གིས་གལ་ཆེན་གྱི་འཕྲིན་གསར་གོ་ཐུབ། དེ་དང་སྦྲགས་འཕྲིན་སྦྱོར་ལས་ཀའི་ཕྱོགས་ཀྱི་འགྲན་རྩོད་དང་ནུས་པ་འདོན་སྤེལ་བྱེད་པར་ཕན་ཐོགས་ཡོད་དོ།
གཉིས་པ། གོང་འགོད་གསར་འགྱུར་གྱི་མཛུབ་སྟོན་རང་བཞིན་ཤུགས་ཆེ་རུ་གཏོང་བ།
གསར་འགྱུར་ལེ་ཚན་ཁྲོད་ནས་འགོ་བའི་བྱེད་སྒོ་དང་གྲོས་ཚོགས་གསར་སྒྲོག་བྱེད་པ་རྒྱུན་ལྡན་གྱི་སྤེལ་གཏོང་ཡིན་ལ། འོན་ཀྱང་བྱེད་སྒོ་དང་གྲོས་ཚོགས་ཡོད་ཚད་ལ་གོང་འགོད་གསར་འགྱུར་གྱི་རིན་ཐང་ཡོད་པ་མ་ཡིན་པར་གོང་འགོད་གསར་འགྱུར་བདམ་གསེས་བྱེད་པ་ལ་ཡང་བསམ་གཞིགས་བྱེད་ཐབས་ཕྱོགས་བཞི་ཡིས་སྟེང་ནས་དག་ཐེར་བྱེད་དགོས།
1.ཐལ་ཆེ་བའི་སྒོ་ནས་དཀྱིལ་སྙིང་བྱ་བའི་མཛུབ་སྟོན་ལ་ནན་བཤད་བྱེད་པ། དཀྱིལ་སྙིང་བྱ་བའི་ཕན་ཆད་ཀྱི་མཛུབ་སྟོན་སྣང་མེད་བྱེད་པ།
2.བལྟས་རུང་ཙམ་གྱིས་བསམ་བློའི་རང་བཞིན་ལ་མཐོང་ཆེན་བྱེད་ཀྱི་ཡོད་ནའང་དོན་གྱིས་ད་དུང་བྱེ་བྲག་གི་བྱེད་སྒོས་མཛུབ་སྟོན་ཡིན།
3.གུ་དོག་པོའི་ཁྱབ་ཁོངས་ཀྱི་མཛུབ་སྟོན་ལ་མཐོང་ཆེན་བྱེད་པ་དང་ཁྱབ་ཆེ་བའི་དོན་སྙིང་སྟེང་གི་མཛུབ་སྟོན་སྣང་ཆུང་བྱེད་པ།
4.ཐད་ཀར་བསམ་བློ་ཅི་ཞིག་ཕྱིར་མཚོན་བྱེད་པའི་མཛུབ་སྟོན་སྤྱོད་པར་ཅུང་གོམས་ཡོད་པ་དང་། རིམ་བཞིན་འཇམ་ཁྲིད་བྱེད་པའི་མཛུབ་སྟོན་སྣང་མེད་དུ་གཏོང་བ།
གསུམ་པ། གསར་འགྱུར་གནད་བསྡུས་ཀྱི་གསར་པའི་ཆ་འདོན་པ།
ཁ་བྱང་ནི་གསར་འགྱུར་གྱི་མིག་ལྟ་བུ་ཡིན་ལ། ཚིག་རྒྱན་བཀོད་པ་ཆ་འགྲིག་ཡིན་ན་ཁ་བྱང་གི་རྩོམ་ཉམས་དང་བློ་འགུགས་ཀྱི་ནུས་པ་མཐོར་འདེགས་བྱེད་ཐུབ། རྒྱང་བསྒྲགས་ཀྱི་གནད་བསྡུས་ལེགས་པོ་འཁྱོངས་ན་ཉན་མཁན་གྱི་བློ་འགུགས་པ་དང་གསར་འགྱུར་ལེ་ཚན་གྱི་ཁྱོན་ཡོངས་ཀྱི་རིན་ཐང་མངོན་འགྱུར་བྱེད་པར་ནུས་པ་གལ་ཆེན་ཐོན་ཐུབ། ཁྱོན་ཡོངས་ནས་བལྟས་ཏེ་ཆེས་གལ་ཆེ་བ་དང་ཆེས་གསར་པ། ཆེས་བློ་འགུགས་ཐུབ་པ་དང་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་གསར་འགྱུར་འདེམས་ཏེ་གསར་འགྱུར་དེའི་གནད་བསྡུས་ཏེ་འབྲི་སྐབས་ཡང་དག་རང་བཞིན་དང་མངོན་གསལ་རང་བཞིན། གསོན་ཉམས་རང་བཞིན། ཟོར་ཡང་རང་བཞིན། གསལ་དག་རང་བཞིན་སོགས་ཀྱི་སྟེང་ཤུགས་རྒྱག་དགོས། ཉན་མཁན་གྱིས་འདི་ལྟ་བུའི་གསར་འགྱུར་གནད་བསྡུས་ཉན་རྗེས་འཕྲལ་དུ་གསར་འགྱུར་གྱི་བརྗོད་བྱ་གོ་བ་ལེན་ཐུབ་པ་དང་། རྒྱང་བསྒྲགས་ཁང་གིས་གསར་འགྱུར་དོན་རྐྱེན་འདིའི་ཐད་ལ་འཛིན་པའི་ལྟ་ཚུལ་དང་ལངས་ཕྱོགས་རྒྱུས་ལོན་བྱེད་ཐུབ། དེའི་སྟབས་ཀྱིས། གསར་འགྱུར་གནད་བསྡུས་ལེགས་པོ་ནི་སྐད་ཆ་ཚིག་གཅིག་གི་དཔྱད་བརྗོད་ཡིན་ཞེས་བཤད་སྲོལ་ཡོད།
བཞི་པ། འཕེལ་ཕྱོགས་གསར་པ་དང་མཐུན་པའི་གསར་གཏོད་སྙིང་སྟོབས་ལྡན་པ།
གསར་གཏོད་ནི་འཕེལ་རྒྱས་ཀྱི་བླ་སྲོག་དང་གསར་གཏོད་རྒྱུན་མ་ཆད་པར་བྱས་ན་ད་གཟོད་འགྲན་རྩོད་ཀྱི་ནུས་པ་བསྐྱེད་ཐུབ། གསར་གཏོད་ལ་ཕྱོགས་མང་བའི་བླང་བྱ་འདུས་ཡོད་དེ། དང་པོ། ནང་དོན་གསར་སྐྲུན་ཡིན་ན་རྒྱང་བསྒྲགས་གསར་འགྱུར་སྒྲིག་བཟོ་ཤུགས་ཆེ་རུ་བཏང་ནས་གསར་སྒྲོག་བརྗོད་དོན་དེ་མི་དམངས་གི་འཚོ་བ་དང་ཡོངས་འབྲེལ་གྱི་ནང་དོན་བདམས་དགོས། བསྒྲགས་གཏོང་ཆེས་གསར་པ་དང་ཆེས་ཞིབ་ཕྲའི་ཕྱོགས་བརྩོན་ལེན་བྱེད་པ། མི་སེར་གྱི་འདུ་ཤེས་ཡོད་དགོས་པ་དང་མི་དམངས་ཀྱི་འཚོ་བ་དང་ཉེ་བར་བཅར་བ། ཆ་འཕྲིན་གྱི་ཡོང་ཁུངས་དང་རིམ་པ་རྒྱ་བསྐྱེད་དེ་རྒྱ་ཆེ་ཉན་མཁན་མང་ཚོགས་ཀྱི་ཉིན་རེ་བཞིན་རྙོག་འཛིང་སྣ་མང་དང་རིམ་པ་མི་འདྲ་བའི་འདོད་མོས་དང་རེ་བ་སྐོང་བ། གཉིས་པ་ནི། རྣམ་པ་གསར་གཏོད་ཡིན་ཏེ། སྒྲ་ཙམ་གོ་བ་ལས་གཟུགས་མཐོང་རྒྱུ་མེད་པ་ནི་རྒྱང་བསྒྲགས་ཀྱི་ཞན་ཆ་ཞིག་ཡིན། དེའི་སྟབས་ཀྱིས་ལེགས་པའི་ཆ་གཞན་བེད་སྤྱོད་གང་ལེགས་བྱེད་དགོས། དཔེར་ན། མདོ་འཛིན་པ་དང་གསར་འགོད་པ་གཉིས་ཁ་པར་གྱི་སྐུད་ལམ་སྦྲེལ་ཏེ་ལེ་ཚན་གཙོ་སྐྱོང་བྱེད་པ་དང་ཡང་མདོ་འཛིན་པས་ཉན་མཁན་གྲོགས་པོར་ཁ་པར་གྱིས་འབྲེལ་གཏུགས་བྱས་ཏེ་གསར་འགྱུར་གཙོ་གནད་གྲོས་བསྡུར་བྱེད་པ་ལྟ་བུ། གསུམ་པ་ནི་ཇུས་འགོད་གྱི་གསར་གཏོད་ཡིན་ཏེ། རྒྱང་བསྒྲགས་གསར་འགྱུར་གྱིས་ཉན་མཁན་མང་ཚོགས་ཀྱི་བློ་འགུགས་དགོས་ན་ངེས་པར་དུ་ལེ་ཚན་གྱི་ཇུས་འགོད་གསར་གཏོད་གཙིགས་སུ་འཛིན་དགོས་པ་དང་གསར་འགྱུར་གལ་ཆེ་ཤོས་དག་སྔོན་ལ་འཇོག་དགོས། རྒྱུ་མཚན་ནི་རིན་ཐང་ཆེ་བའི་གསར་འགྱུར་གྱིས་ཉན་མཁན་གྱི་བློ་ཡིད་འདྲེན་ཐུབ་པས་ཡིན། དེ་དང་ཆབས་གཅིག་ཏུ་ཇུས་འགོད་བྱེད་དུས་ཉན་མཁན་གྱི་དགོས་མཁོ་ནས་འགོ་རྩོམ་དགོས།
ལྔ་པ། གཏམ་བརྗོད་ཀྱི་ཡིད་དབང་འགུགས་ནུས་ཤུགས་སྣོན་བྱེད་པ།
རྒྱང་བསྒྲགས་གསར་འགྱུར་རྩོམ་སྒྲིག་ཆོས་ཉིད་ངེས་ཅན་ཞིག་ཆགས་ཚར་ཡོད་ནའང་། ཤེས་དགོས་པ་ཞིག་ནི་ཆོས་ཉིད་འདི་ཡང་འཕེལ་རྒྱས་དང་འགྱུར་ལྡོག་རྒྱུན་མ་ཆད་པར་བྱུང་གིན་ཡོད། རྒྱང་བསྒྲགས་གསར་འགྱུར་རྩོམ་སྒྲིག་གི་བྱ་བར་རྩོམ་སྒྲིག་བྱེད་པར་རང་རྐྱ་ཐུབ་པའི་སྒོ་ནས་བྱ་བ་བསྒྲུབས་པའི་ནུས་པ་ངེས་ཅན་ཞིག་དང་བསམ་གཞིགས་ཀྱི་ནུས་པ་ཅུང་ལེགས་པོ་ཞིག་ཡོད་དགོས་པའི་བླང་བྱ་ཡོད་པ་མ་ཟད། དེ་མིན་ད་དུང་རྩོམ་སྒྲིག་པའི་སྤྱི་ཚོགས་ཀྱི་འབྲེལ་བ་དང་སྤྱི་འབྲེལ་གྱི་ནུས་པ། གསར་གཏོད་གསར་སྤེལ་གྱི་ནུས་པ་དང་ཚན་རིག་གི་དོ་དམ་ནུས་པ་མཐོར་འདེགས་དང་གསོ་སྐྱོང་བྱེད་པའི་བླང་བྱ་ཡོད། འགལ་ཟླའི་འབྲེལ་བ་སྣ་ཚོགས་ཐག་གཅོད་བྱེད་མཁས་པར་བྱས་ན་ད་གཟོད་རྩོམ་སྒྲིག་གི་ལས་ཀ་རིགས་སོ་སོ་གོང་དུ་སྤེལ་ཐུབ། །