སྤྱི་ཟླ་1པོའི་ཚེས་11ཉིན། ཧྥ་རན་སིའི་རྒྱལ་ས་ཕེ་རིས་ནས་ཧྥ་རན་སིའི་སྲིད་གཞུང་དཔོན་པོ་དང་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་དག་གིས་མང་ཚོགས་དང་མཉམ་དུ་འཇིགས་སྐུལ་རིང་ལུགས་པར་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་རྒྱ་ཆེན་པོ་ཞིག་བྱས། ཉིན་དེར། ཧྥ་རན་སིའི་སྲིད་གཞུང་གིས་ཕེ་རིས་གྲོང་ཁྱེར་དུ་འཇིགས་སྐུལ་རིང་ལུགས་པར་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་རྒྱ་ཆེན་པོ་སྤེལ་ཞིང་། ཧྥ་རན་སིའི་སྲིད་འཛིན་ཨའོ་ལང་ཏའེ་དང་གཞན་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་མང་པོ་ཞིག་ཐེངས་འདིའི་ཁྲོམ་སྐོར་ནང་མཉམ་ཞུགས་བྱས་པ་མ་ཟད། ཉེ་ཆར་འཇིགས་སྐུལ་པའི་མེ་མདའི་འོག་ཏུ་ཚེ་ལས་འདས་པ་རྣམས་ལ་གུས་འདུད་ཞུས། །