01 གློག་གསོག་ཞོར་དུ་ཁ་པར་བེད་མ་སྤྱོད།
དུས་རྒྱུན་འཚོ་བའི་ཁྲོད་གྲོགས་པོ་མང་པོ་ཞིག་གིས་གློག་གསོག་ཞོར་དུ་ཁ་པར་བེད་སྤྱོད་བཞིན་ཡོད། དེ་ལྟར་བྱས་ན་གནད་དོན་གཉིས་འབྱུང་སྲིད་པ་སྟེ།
(1)གློག་གསོག་པའི་དུས་ཚོད་འགྱངས་པ། གློག་གསོག་པའི་གློག་རྒྱུན་ནི་སྤྱིར་བཏང་ཁ་པར་གྱིས་མཁོ་འདོན་ཐུབ་པའི་གློག་རྒྱུན་ལས་མཐོ་བ་རེད། དེའི་ཕྱིར། གོ་རིམ་འདིའི་ཁྲོད་ཟད་གྲོན་འགྲོ་བ་ནི་དོན་དངོས་སུ་གློག་གསོག་པའི་གློག་རྒྱུན་གྱི་གློག་ནུས་ཡིན་པ་ལས་གློག་རྫས་ཀྱི་གློག་དེ་མ་རེད།
(2)ཁ་པར་གྱི་བེད་སྤྱོད་ཡུན་ཚད་ལ་གནོད་པ། གློག་གསོག་པའི་གོ་རིམ་ཁྲོད་དུས་ཡུན་རིང་པོ་དང་། ཁ་པར་བེད་སྤྱོད་མང་པོ་བྱེད་ན་ཁ་པར་ཚ་བ་སོགས་ཀྱི་གནས་ཚུལ་འབྱུང་སླ།
ཁ་པར་ལ་གློག་གསོག་པའི་གོ་རིམ་ཁྲོད་དུ། ཡག་ཤོས་ཡིན་ན་རོལ་རྩེད་དང་བརྙན་ལ་ལྟ་བ། པར་རྒྱག་པ། ཁ་པར་གཏོང་བ་སོགས་མ་བྱེད།
02 གློག་ཡོངས་སུ་ཟད་དུ་མ་འཇུག
གྲོགས་པོ་མང་པོ་ཞིག་གིས་གློག་གསོག་པའི་ཐེངས་གྲངས་ཇེ་ཉུང་དུ་གཏོང་ཆེད། “གློག་ཚང་མ་ཟད་དུ་འཇུག”པའི་ཐབས་ཤེས་སྤྱད་ནས། གློག་རྫས་ཀྱི་གློག་ཟད་ཚར་དུས་ད་གཟོད་གློག་གསོག་བཞིན་ཡོད།
དོན་དངོས་སུ། བྱེད་ཐབས་འདི་རིགས་ནི་གློག་རྫས་ལ་གནོད་པ་ཆེན་པོ་ལྡན། མིག་སྔར། ང་ཚོ་མི་མང་ཤོས་ཀྱིས་བེད་སྤྱོད་པ་ནི་རིག་ནུས་ཁ་པར་རེད། ཁ་པར་ནང་དུ་སྒྲིག་སྦྱོར་བྱས་པ་ཚང་ནི་ལི་གློག་རྫས་ཡིན་པས་དེ་ལ“གློག་ཚང་མ་ཟད་དུ་འཇུག”མི་དགོས།
ཁ་པར་གྱི་གློག་ཟད་རྗེས་ད་གཟོད་གློག་གསོག་ན། གློག་རྫས་བེད་སྤྱོད་ཡུན་ཚད་ལ་གནོད་པ་ཡོད་པས་གློག་ཟད་ལ་ཉེ་དུས་གློག་གསོག་ན་དགའ།
03 གློག་གསོག་སྐུད་པ་དང་གློག་གསོག་ཆས་སྤུས་ཞན་རིགས་བེད་མ་སྤྱོད།
འཚོ་བའི་ནང་། གྲོགས་པོ་ཁ་ཤས་ཀྱིས་ཡིད་གཟབ་མི་བྱེད་པར་ཁ་པར་རང་གི་གློག་སྐུད་དངོས་མ་བོར་བརླག་ཤོར་རྗེས། གང་མོས་ངང་གློག་སྐུད་སྤུས་ཞན་པ་ཞིག་ཉོས་ནས་ཚབ་བྱས་པ་རེད། གློག་སྐུད་འདི་རིགས་ནི་སྤུས་ཞན་པའི་ཐོན་རྫས་སམ་ཁ་པར་གྱི་བཟོ་དབྱིབས་ཨང་གྲངས་དང་མི་མཐུན་པས། གློག་སྙིང་བརྟན་བརླིང་མིན་པ་དང་། གློག་གསོག་གློག་རྒྱུན་བརྟན་པོ་མིན་པ་སོགས་ཀྱི་གནད་དོན་བཟོ་སྲིད། ཁྱད་པར་དུ་བདེ་འཇགས་ཐད་ཀྱི་དོན་རྐྱེན་བཟོ་སླ་བ་ཡོད།
ཁ་པར་གྱི་གློག་སྐུད་དམ་གློག་གསོག་ཆས་བོར་བརླག་སོང་བའམ་སྐྱོན་ཤོར་སོང་ན། ཁ་པར་དེའི་གཞུང་གི་དྲ་བ་ནས་དེ་མཐུན་གྱི་སྒྲིག་ཆས་ཉོས་ན་ཁ་པར་གྱི་གློག་རྫས་བེད་སྤྱོད་པའི་ཡུན་ཚད་རིང་དུ་གཏོང་བར་ཕན་ནུས་ལྡན།
04 དུས་ཡུན་རིང་པོར་གློག་མ་གསོག
གྲོགས་པོ་མང་པོ་ཞིག་ལ་དགོང་མོ་ཁ་པར་རྩེད་ཚར་རྗེས་གློག་གསོག་ནས་གཉིད་ཉལ་བའི་གོམས་གཤིས་ཆགས་ཡོད། མ་ཟད་མཚན་གང་ལ་གློག་གསོག་པར་བྱེད། བྱེད་ཐབས་འདི་ཡིས་རང་གི་གཉིད་ལ་གནོད་པ་ཆེ་བ་མ་ཟད། ད་དུང་གློག་རྫས་འདང་ཚད་ལ་གནོད་པ་ལྷག་ཏུ་ཆེ།
ཁ་པར་ལ་གློག་གསོག་པའི་གོམ་རིམ་ཁྲོད་དུ་གལ་ཏེ་སྔར་བཞིན་དྲ་སྦྲེལ་བ་དང་། ཆ་འཕྲིན་བསྐུར་བ་སོགས་ཀྱི་ནུས་པ་ཕྱེ་ཡོད་ན། ཁ་པར་ལ་གློག་གང་བ་དང་གློག་རྒྱུན་བཅད་རྗེས་སླར་གློག་གསར་པ་ཞིག་བེད་སྤྱོད་ཀྱིན་ཡོད་པས། གློག་རྫས་ནི་གློག་བེད་སྤྱོད་ཚད་མང་བའི་རེས་སྐོར་ནང་ཚུད་པ་རེད།
མཚན་གང་བོར་གློག་མ་གསོག དུས་རྒྱུན་དུས་ཚོད་གཏན་འཁེལ་ཞིག་ནང་ཁ་པར་ལ་གློག་གསོག་པར་གོམས་གཤིས་སུ་ཆགས་ན་དགའ།
05 དྲོད་ཚད་མཐོ་དུས་གློག་མ་གསོག
དྲོད་ཚད་མཐོ་བའི་གནམ་གཤིས་ནི་རིག་ནུས་ཁ་པར་ལ་གློག་གསོག་པའི“འགྲན་སློང”ཞིག་རེད། གང་ཡིན་ཟེར་ན། ཁ་པར་གྱི་གློག་རྫས་ནི་དྲོད་ཚད་མཐོན་པོར་ཚོར་བ་སྐྱེན་པོ་ཡོད། ཁ་པར་ལ་གློག་གསོག་ན་གློག་རྫས་ནང་ཁུལ་དུ་དངོས་རྫས་མཉམ་འདུས་བྱེད་པ་ལས་མ་གཞི་ནས་ཚ་པོ་རེད། དྲོད་ཚད་མཐོ་བའི་སྐབས་ཁ་པར་གློག་གསོག་པར་མི་འཚམ།
ཁ་པར་ལ་གློག་གསོག་ན་འོས་ཤིང་འཚམ་པའི་ཁོར་ཡུག་བདམས་དགོས། གལ་ཏེ་གློག་གསོག་པའི་གོ་རིམ་ཁྲོད་དུ་ཁ་པར་ཚ་མོར་གྱུར་ན། ཁ་པར་གྱི་ཤུབས་ཕུད་ནས་ཚ་དྲོད་ཡལ་བར་འཇུག་དགོས།