རིག་གནས་དང་ཡུལ་སྐོར་པུའུ་ཡིས་རྨ་ཆུ་བརྗོད་དོན་ཡིན་པའི་རྒྱལ་ཁབ་རིམ་པའི་ཡུལ་སྐོར་ལམ་ཐིག་བཅུ་ཁྱབ་བསྒྲགས་བྱས།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 06-07
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཚེས3ཉིན་རྨ་ཆུ་བརྗོད་དོན་གྱི་རྒྱལ་ཁབ་རིམ་པའི་ཡུལ་སྐོར་ལམ་ཐིག10ཁྱབ་བསྒྲགས་བྱས་པ་དང་། དམིགས་ཡུལ་ནི་རྨ་ཆུའི་རིག་གནས་རྒྱུན་འཛིན་དར་སྤེལ་དང་། རྒྱལ་སྤྱིའི་ཤན་ཤུགས་ལྡན་པའི་རྨ་ཆུའི་རིག་གནས་ཡུལ་སྐོར་གསར་སྐྲུན་བྱས་ཏེ། རྨ་ཆུ་དེ་མི་དམངས་ཀྱི་བདེ་སྐྱིད་ཆུ་བོར་འགྱུར་བར་བྱེད་པ་དེ་ཡིན།
རིག་གནས་དང་ཡུལ་སྐོར་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སོགས་ཀྱིས་གཙོ་སྒྲུབ་བྱས་པའི་རྨ་ཆུའི་རིག་གནས་ཡུལ་སྐོར་ཁུལ་འཛུགས་སྐྲུན་སྐུལ་འདེད་བྱ་འགུལ་ཚེས3ཉིན་ཧྲན་ཏུང་ཆི་ཧུ་རུ་སྤེལ། ཚོགས་འདུའི་སྟེང་ཁྱབ་བསྒྲགས་བྱས་པའི་ཀྲུང་ཧྭའི་དཔལ་ཡོན་མགོ་ཁུངས་འཚོལ་ཞིབ་ཡུལ་སྐོར་དང་། རྨ་ཆུའི་འཛམ་གླིང་གཟུགས་འདས་ཤུལ་བཞག་ཡུལ་སྐོར། རྨ་ཆུའི་སྐྱེ་ཁམས་རིག་གནས་ཡུལ་སྐོར། གསར་བརྗེའི་གཞི་རྟེན་རྒྱུན་འཛིན་ཡུལ་སྐོར། རྨ་ཆུའི་གྲོང་གསེབ་དར་སྤེལ་ཡུལ་སྐོར་སོགས་ཀྱི་བརྗོད་དོན་ལམ་ཐིག10ཁྱབ་བསྒྲགས་བྱས།
མཚམས་སྦྱོར་བྱས་པ་ལྟར་ན། ལམ་ཐིག་ཡོད་ཚད་ས་ཁོངས་ཡོངས་ཀྱི་ཁྱོན་ཡོངས་ལ་རྐང་བཙུགས་ཏེ། འབུར་ཐོན་གྱི་དོན་སྙིང་དང་ཤན་ཤུགས་གལ་ཆེན་ལྡན་པའི་རྨ་ཆུའི་རིག་གནས་ཡུལ་སྐོར་ཐོན་ཁུངས་གནད་དུ་བཟུང་བ་དང་། “རིག་གནས་རྒྱབ་ལྗོངས་ཅན་དང་རྒྱབ་ལྗོངས་བརྗོད་དོན་ཅན། བརྗོད་དོན་ལམ་ཐིག་ཅན”གྱི་འཆར་འགོད་བརྒྱུད་དེ། “ཀྲུང་གོའི་རྨ་ཆུའི”སྣང་བརྙན་བཞེངས་སྐྲུན་བྱེད་རྒྱུ་རེད།
ཚོང་རའི་དགོས་མཁོར་མཐུད་སྦྲེལ་བྱེད་པ་དང་། ཡུལ་སྐོར་གྱི་དོན་དངོས་དགོས་མཁོ་བསྐོང་ཆེད། ཚོགས་འདུའི་སྟེང་ད་དུང《རྨ་ཆུ་རིག་གནས་ཡུལ་སྐོར་ལམ་ཐིག་གི་སྤུས་ལེགས་ལམ་ཡིག》ཁྱབ་བསྒྲགས་བྱས་པ་དང་། དེར་ལམ་བར་གྱི་འཆར་འགོད་དང་ལམ་གྱི་གནས་ཚུལ ལམ་བར་གྱི་གྲོང་ཁྱེར་དང་ལྗོངས་ཁུལ། ཡུལ་སྐོར་ལམ་ཡིག་སོགས་ཀྱི་ཡུལ་སྐོར་ཆ་འཕྲིན་འདུ་ཞིང་། ཡུལ་སྐོར་ལ་དགའ་མཁན་ཚོས་རྨ་ཆུའི་རིག་གནས་དང་རང་བྱུང་མཛེས་པ་འཚོལ་ཞིབ་བྱེད་པར་ནང་འགུག་བྱས་ནས། མི་སྔར་ལས་མང་པོའི་ཞིག་རྨ་ཆུ་དང་ཉེ་བར་བཅར་ཏེ། རྨ་ཆུར་རྒྱུས་ལོན་དང་རྨ་ཆུར་དགའ་བར་བྱེད་རྒྱུ་རེད། །