རྒྱ་གར་གྱི་རྒྱལ་ས་རྡི་ལི་གསར་པ་རུ་ཚེས་7ཉིན་གྱི་ཐོ་རེངས་ཆུ་ཚོད་5པ་ནས་བཟུང་བཀག་སྡོམ་དེ་ཚད་ངེས་ཅན་གྱི་སྒོ་ནས་མེད་པར་བཟོ་འགོ་བརྩམས་ནས། ཚོང་ཁང་ཕྱེད་ཀ་ཙམ་གྱིས་ཉིན་གཉིས་ལ་ཐེངས་རེར་ཚོང་གཉེར་ཆོག་པ་བྱས་འདུག ཚོང་གཉེར་དུས་ཚོད་ནི་ཆུ་ཚོད་10ནས་ཆུ་ཚོད་20བར་རེད། རྡི་ལི་གསར་པའི་ས་ཁུལ་གྱི་ས་འོག་ལྕགས་ལམ་ཐོག་མགྲོན་པོ་50%སྡོད་ནས་སྐྱེལ་འདྲེན་ཆོག་པའི་སླར་གསོ་བྱས་འདུག རྒྱ་གར་འཕྲོད་བསྟེན་སྡེ་ཁག་གིས་ཚེས་7ཉིན་སྤྱི་བསྒྲགས་བྱས་པའི་གྲངས་གཞི་ལ་གཞིགས་ན། རྒྱལ་ཁབ་དེར་ཉིན་སྔ་མར་ཏོག་གསར་གློ་ཚད་རིམས་ནད་ནད་དཔེ་100636གཏན་འཁེལ་བྱུང་འདུག རིམ་བརྩིས་བྱས་ན་ནད་དཔེ་28909975ཟིན་ཡོད།