སྐེད་པ་ཉག་ལ་རྡོ་རྗེ་རྒྱལ། གྲོག་མ།
རྐང་ལག་མེད་པའི་གནམ་ལྡིང་མ། ལྒང་ལི།
འགྲམ་ཡས་མེད་པའི་རྩྭ་གཟན། ཟོར་བ།
རྟ་ར་ར་རྒྱ་ཕིབས་སེར་པོ་ཅན། ཞོ།
ཨ་ཡེ་བརྒྱ་རིས་མས་བྲོ་འཁྲབ།།སེམས་ཅན་ཐམས་ཅད་དེར་དགོད།།
ཡོས་བརྔོས་པ།
བུ་ཆུང་རེ་ལ་ཁང་ཆུང་རེ།།ཁང་ཆུང་རེ་ལ་དར་ལྕོག་རེ།།། སྙེ་མ།
རྐང་བ་མེད་པའི་འགྲོ་མཁན་མ།།ལག་པ་མེད་པའི་ཐང་ཕྱགས་མ།། རླུང།
ཁྱི་མོ་དམར་མོ་ཚང་ལ་ཉལ།།
གཡང་དཀར་སུམ་ཅུས་མཐའ་ནས་བསྐོར།།། ལྕེ་དང་སོ།
སྨད་རྒྱ་ནག་ཡུལ་ནས་མཛོ་ཞིག་ཉོས།།
མཛོ་སྣ་ཚར་ཤ་ལེར་ད་རུང་ཡོད།། ཁབ།
ཁ་ལ་འདམ་རྩྭ་སེར་པོ་སྐྱེས།། ནང་དུ་མཚོ་ཆུ་དམར་པོ་འཁྱིལ།།
ཇ་ཁར་མར་འཕངས་པ།
གད་ཐོག་ན་ལུ་གུ་རྩེད་རྩེད།།གད་ཡོག་ན་ཁངས་སྐྱ་འབབ་འབབ།།
རང་འཐག
སྐྱ་ཀ་ཁྲ་མོ་ཁུང་ལ་འཛུལ།།རྔ་སྒྲོ་ལེབ་མོས་ཁུང་སྒོ་བཅད།།
མིག་བཙུམ་པ།
གསེར་གྱི་མཚོ་ནང་ན།།བལ་གྱི་སྡོང་མགོ་ན།།
བྱ་འབབ་ལ་ཁད་དང་འཕུར་ལ་ཁད།། མཆོད་མེ།
གུར་དཀར་པོས་གུར་ཞིག་ཕུབ་འདྲ་བོ།།ནང་ཀ་ཐུང་ཞིག་གིས་བཀྱགས་འདྲ་བོ།།
ཕྱི་བསྐོར་ནས་ཆོས་བསྐོར་བརྩིགས་འདྲ་བོ།། ཤ་མོ།