འཇར་འགོག་དྲག་པོའི་མཚོན་ཆའི་འཁོར་ལོ་ཡིས།།
ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་བསྒྱུར།།
རླབས་ཆེན་ཏང་གི་དམག་གི་རུ་མཚོན་གྱིས།།
རྒྱལ་ཁའི་དར་དམར་གནམ་གྱི་ཀ་བ་བཙུགས།།
བཟོ་ལས་ཐོན་རྫས་ཐབས་འཕྲུལ་ཐོ་བས་བསྐྲུན།།
ཞིང་ལས་ལོ་ལེགས་སྙེ་མ་ཟོ་བས་བསྡུད།།
དམར་དམག་དཔའ་བོས་རྒྱལ་ཁའི་དར་དམར་སྒྲེང་།།
ལོ་བརྒྱའི་ཡབ་མེས་བཟོ་ཞིང་དམག་གསུམ་ཡིན།།
ཕྱི་དགྲ་འགོག་རྒོལ་དྲག་པོའི་དཔུང་གིས་བཅོམ།།
ནང་གི་རུལ་སུང་ཁྲིམས་ཀྱིས་གཉའ་བར་མནན།།
ཉམས་ཆུང་སེམས་ལ་རིག་པའི་མཚོན་ཆ་སྤྲས།།
དཔའ་ངར་ཆེར་སྐྱེད་ཏང་འཛུགས་ལམ་དུ་སྐྱོད།།
གྲོང་སྟོང་སྦས་སྡེའི་འགག་སྒོ་ཡངས་པོར་བྱས།།
གྲོགས་མེད་ཁེར་རྐྱང་ཁྱིམ་ཐབས་ཆོ་ག་བསྐྲུན།།
སྤྲོ་བ་དང་ལེན་རྒྱལ་ཁམས་རིག་པས་སྐོར།།
དུས་ཀྱི་འཕོ་འགྱུར་གནམ་ས་བླ་འོག་ཐེབས།།
གོ་ལ་ཧྲིལ་པོའི་ཏང་གི་བྱས་རྗེས་ལ།།
ཟབ་གསལ་རྗེས་དྲན་སེམས་ཀྱི་རི་མོ་ཞིག།།
སྙན་འགྱུར་དགེ་མཚན་འབུམ་གྱི་རྡུང་ལེན་གྱིས། །
ཏང་གི་ལོ་བརྒྱའི་འཁྲུངས་སྐར་བསུ་མར་བྲེལ།།