རིག་གནས་ཀྱིས་མཐོ་སྒང་ལ་འཕེལ་ཁའི་གསོན་ཉམས་སྟེར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-28



རིག་གནས་ཀྱིས་མཐོ་སྒང་ལ་འཕེལ་ཁའི་གསོན་ཉམས་སྟེར།

སྤྱི་ཟླ་དྲུག་པའི་དགེ་བཅུ་འཛོམས་པའི་སྡེ་དགེ་ནི་ཕྲ་རྒྱན་བཀོད་པའི་མུ་ཏིག་བཞིན་དུ་མཛེས་ཤིང་ཡིད་དུ་འོང་བ། འདིར་གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ཨ་ཕྱུག་རྩྭ་ཐང་དང་སྡེ་དགེ་པར་ཁང་། ཁམས་པའི་རིག་གནས་གསུང་རབ་རྒྱ་མཚོའི་གླིང་ཁུལ་སོགས་ཕུན་སུམ་ཚོགས་པའི་ས་གནས་མཚོན་རྟགས་ཀྱི་གསོན་ཉམས་མངོན་བཞིན་ཡོད་པ་རེད།ཉེ་བའི་ཉིན་འདི་དག་གི་རིང་ལ་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ལས་གཞིའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་ཨ་ནིང་སྡེ་དགེ་རྫོང་གེ་སར་རིག་གནས་མཐུན་ཚོགས་འཛུགས་རྒྱུའི་གྲ་སྒྲིག་ལས་ཀར་བྲེལ་བར་ཕུད། ཁོང་གིས་ད་དུང་སྡེ་དགེ་རྫོང་སློབ་འབྲིང་གི་དགེ་སློབ་ཚོར་གེ་སར་རིག་གནས་སློབ་ཁྲིད་བྱས་དང་བྱེད་བཞིན་མཆིས། ཨ་ཉིད་ཀྱིས་བསམ་བློ་གཏོང་བཟོ་བྱས་ནས་སྨྱུག་འཛིན་པར་བཤད་དོན། རང་ཁུལ་གྱི་རིག་གནས་ལས་སྒྲུབ་མི་སྣ་ཚོ་རླབས་ཆེ་བའི་དུས་རབས་སུ་འཚོ་བ་རོལ་བཞིན་ཡོད་ཅིང་། ཁྱད་པར་དུ་ཏང་གི་སྐབས་བཅོ་བརྒྱད་པ་ནས་བཟུང་རང་ཁུལ་གྱི་རིག་གནས་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངག་སེམས་ལ་བརྟན་པོ་བཅངས་ནས་མི་དམངས་གྱིས་ལྟེ་གནས་བྱས་པའི་བརྩམས་ཆོས་རྩེ་གྲ་ཅན་ཆར་རྗེས་ཀྱི་ཤ་མོང་བཞིན་ཐོན་པར་བརྟེན། རིག་གནས་སྒྱུ་རྩལ་གྱི་མེ་ཏོག་མཐོ་སྒང་དུ་དྲི་ངད་འཐུལ་ནས་བཞད་པ་རེད།།

གླུ་ཡི་མིང་།

གླུ་ཚིག།

《པེ་ཅིང་ཕྱོགས་ལ་གསེར་གྱི་ཉི་མ་ཤར།》

པེ་ཅིང་ཕྱོགས་ལ་གསེར་གྱི་ཉི་མ་ཤར།

ས་གཞི་ཆེན་པོར་འོད་འཚེར་

གསལ་ལྷང་ལྷང་།

ཨེ། རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞི།

ང་ཚོའི་སེམས་ནང་གི་གསེར་གྱི་ཉི་མ་རེད།

པེ་ཅིང་ཉི་མའི་འོད་ཟེར་འཕྲོ་འོད་ཟེར་འཕྲོ།

མི་དམངས་སེམས་པ་གུང་

ཁྲན་ཏང་ལ་འཁོར།

ཨེ། རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞི།

ང་ཚོར་དབུ་ཁྲིད་མཛད་ནས་ཡར་

ལངས་བཅིངས་འགྲོལ་ཐོབ།

མའོ་ཀྲུའུ་ཞིའི་དགོངས་པའི་གཟི་

འོད་བྱིན་གཟི་འོད་བྱིན།

མི་རིགས་སོ་སོས་མཉམ་གླུ་ལེན་

མཉམ་གླུ་ལེན།

ཨེ། རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞི།

གསར་བརྗེའི་ལམ་ཕྱོགས་ངེད་

ཅག་མདུན་སྐྱོད་ལམ་བུ་སྟོན།

གསར་བརྗེའི་ལམ་ཕྱོགས་ངེད་

ཅག་མདུན་སྐྱོད་ལམ་བུ་སྟོན།

པེ་ཅིང་ཉི་མའི་འོད་ཟེར་འཕྲོ་

འོད་ཟེར་འཕྲོ།

མི་དམངས་སེམས་པ་གུང་ཁྲན་

ཏང་ལ་འཁོར།

ཨེ། རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞི།

ང་ཚོར་དབུ་ཁྲིད་མཛད་ནས་ཡར་

ལངས་བཅིངས་འགྲོལ་ཐོབ།

ང་ཚོར་དབུ་ཁྲིད་མཛད་ནས་ཡར་

ལངས་བཅིངས་འགྲོལ་ཐོབ།

གླུ་ཚིག་བརྩམས་པའི་ལོ་རྒྱུས།

རུའུ་ཡིས་དཀྲོལ་འཁྲབ་བྱས་རྗེས། ཀུན་གྱིས་ཡིད་སྨོན་བྱེད་སའི་གླུ་གཞས་སུ་གྱུར་ཡོད། ཡོངས་ཁྱབ་ཏུ་དར་ཁྱབ་བྱུང་བའི་གླུ་གཞས་འདི་གཞས་གདངས་འཕེལ་རིམ་དང་ཚིག་སྦྱོར་འགྲོ་སྟངས་ཐད་ནས་བཤད་ན། ཐོག་མཐའ་བར་གསུམ་དུ་བོད་རིགས་རོལ་དབྱངས་ཀྱི་ཉམས་འགྱུར་འཆུག་མེད་བཟུང་ནས་བོད་རིགས་མི་དམངས་ཀྱིས་ཏང་ལ་དགའ་ཞེན་གྱི་བརྩེ་དུང་མཚོན་པ་རེད།

《པེ་ཅིང་ཕྱོགས་ལ་གསེར་གྱི་ཉི་མ་ཤར》ཞེས་པ་འདི་མ་གཞི་བོད་རིགས་ཀྱི་དམངས་ཁྲོད་གླུ་གཞས་ཤིག་ཡིན་ཞིང་། ཧོ་ཡུས་ཀྱི་ཚིག་དང་གདངས་བརྩམས་ནས་ཅང་ཚུའེ་རུའུ་ཡིས་དཀྲོལ་འཁྲབ་བྱས་རྗེས།ཀུན་གྱིས་ཡིད་སྨོན་བྱེད་སའི་གླུ་གཞས་སུ་གྱུར་ཡོད།ཡོངས་ཁྱབ་ཏུ་དར་ཁྱབ་བྱུང་བའི་གླུ་གཞས་འདི་གཞས་གདངས་འཕེལ་རིམ་དང་ཚིག་སྦྱོར་འགྲོ་སྟངས་ཐད་ནས་བཤད་ན།ཐོག་མཐའ་བར་གསུམ་དུ་བོད་རིགས་རོལ་དབྱངས་ཀྱི་ཉམས་འགྱུར་འཆུག་མེད་བཟུང་ནས་བོད་རིགས་མི་དམངས་ཀྱིས་ཏང་ལ་དགའ་ཞེན་གྱི་བརྩེ་དུང་མཚོན་པ་རེད།

རྩོམ་པ་པོ་དང་གླུ་འདི་ཐོག་མར་ལེན་མཁན་གྱི་ལོ་རྒྱུས།

《པེ་ཅིང་ཕྱོགས་ལ་གསེར་གྱི་ཉི་མ་ཤར》ཞེས་པ་འདི་ཧོ་ཡུས་ཀྱིས་ཚིག་དང་གདངས་བརྩམས་ནས་ཅང་ཚུའེ་རུའུ་ཡིས་དཀྲོལ་འཁྲབ་བྱས་པ་རེད། ཧོ་ཡུས(མིང་གཞན་ལ་ཏོན་སུའུ་རུང་ཟེར)། ཀྲུང་གུང་ཏང་ཡོན། འཇང་ས་དམ་གྱི་མི་ཡིན་ཞིང་། ཀྲུང་གོའི་སྐད་གྲགས་ཡོད་པའི་གཞས་གདངས་རྩོམ་པ་པོ།མི་རིགས་རོལ་དབྱངས་ཀྱི་སློབ་གསོ་རིག་པ། སློབ་གྲྭའི་སྐད་གྲགས་ཡོད་པའི་དགེ་རྒན་ཕུལ་བྱུང་ཅན་ཞིག་ཡིན་པ་རེད།

ཅང་ཚའེ་རུའུ།སི་ཁྲོན་ཁྲེང་ཏུའུ་ཡི་མི་ཡིན་ཞིང་། དེང་སང་ཆུ་ཚད་ཆེས་མཐོ་ཤོས་ཀྱི་རྒྱུད་གཉིས་པི་ཝང་དཀྲོལ་འཁྲབ་པའི་ཡ་གྱལ་ཡིན། ལོ་དེ་གའི་ནང༼ བྱང་ཅང་ལྷོ་མིང ༽ཞེས་པའི་མཚན་སྙན་ཡོད་པ་རེད། དམག་དར་རིག་རྩལ་ཚོགས་པའི་སྙན་གྲགས་ཆོད་པའི་དཀྲོལ་འཁྲབ་པ་དང་།རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་ཡིན་པ་རེད།།

རིག་གནས་ཀྱིས་མཐོ་སྒང་ལ་འཕེལ་ཁའི་གསོན་ཉམས་སྟེར།

ཀ། གཅེས་ནོར་རིག་གནས་ཁམས་པའི་ས་གཞིར་ཁྱབ།

མཐོ་སྒང་གི་དབྱར་གཞུང་མཛེས་ལྗོངས་ཀྱིས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་འགྲུལ་པའི་ཡིད་དབང་འགུག་ཤུགས་འཕེལ། ལྕགས་ཟམ་ཁའི་གསར་བརྗེའི་རིག་གནས་དང་དར་རྩེ་མདོའི་མཛའ་གཞས་རིག་གནས། རོང་བྲག་གི་རྒྱལ་རོང་རིག་གནས། སྡེ་དགེ་དང་དཀར་མཛེས། གསེར་ཐར་གྱི་གེ་སར་རིག་གནས་ལ་སོགས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པའི་ཁམས་པའི་རིག་གནས་ལ་ཉམས་སུ་མྱོང་ཆོག་ཆོག་ཡིན་པ་རེད།

གསེར་ཐར་རྫོང་བདེ་ཁམས་གཞིས་ཁུལ་གྱི་མཛེས་ལྗོངས་ལ་ལྟད་མོ་ལྟ་སའི་ཕྱོགས་སུ་སྐྱོད་དུས་དང་ཐོག་མིག་ལམ་དུ་མངོན་པའི་ཚོན་ལྡན་གྱི་གེ་སར་རྡོ་བརྐོས་རི་མོའི་རྡོ་ཕུང་ལ《གླིང་གི་མཛངས་མི》ཞེས་བརྗོད། ཚོན་ལྡན་གྱི་གེ་སར་རྡོ་བརྐོས་རི་མོ་ནི་གསེར་ཐར་རྫོང་གི་རྒྱལ་ཁབ་རིམ་པའི་རིག་གནས་ཤུལ་བཞག་ཡིན་པ་རེད། ཐེངས་དང་པོར་མཛེས་ལྗོངས་འཛུགས་སྐྱོང་བྱེད་སྐབས་གེ་སར་རྒྱལ་པོ་དང་དཔའ་ཐུལ་བདུན་གྱི་ཚོན་ལྡན་རི་མོ་བརྐོས་ནས་རྒྱ་བོད་ཡིག་རིགས་ཤན་སྦྱར་བྱས་ནས་དཔའ་ཐུལ་བདུན་ངོ་སྤྲོད་མདོར་བསྡུས་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན་གསེར་ཐར་རྫོང་གིས་གླིང་སྐོར་མཛེས་ལྗོངས་ཁུལ་རྒྱལ་ཁབ་རིམ་པའིA3རིམ་པའི་མཛེས་ལྗོངས་ཁུལ་ལ་ཡིག་ཐོག་སྙན་ཞུ་འབུལ་བཞིན་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། དར་མདོ་གྲོང་ཁྱེར་གྱིས་གྲོང་ཁུལ་རྙིང་པ་རིམ་སྤོར་ལེགས་བཅོས་བྱས་ནས་མི་རིགས་ཀྱི་གོམས་སྲོལ་སྔོག་འདོན། ལོ་རྒྱུས་ཀྱི་དྲན་གསོའི་ཁུངས་སྣེ་དེད་འཚོལ་བྱས་ནས་མདོ་རྩེ་མདོའི་མཚོན་རྟགས་བསྐྱར་བཟོ་བྱས་ཡོད།དར་རྩེ་མདོའི་གནའ་ཉམས་མངོན་རྒྱུ་གཙོ་གནད་དུ་བཟུང་ནས་བསྐྲུན་པའི་མདོ་གྲོང་དང་རྒྱུན་དྭངས་ཆུ་མིག རྫིང་བྲག་ཁྲོམ་ལམ། ཨ་ལི་བུ་སྒང་ཡུལ་སྐོར་ཁྲོམ་ལམ་ལ་སོགས་པའི་དར་རྩེ་མདོ་གྲོང་རིག་གནས་དང་ཁྲོམ་ལམ་རིག་གནས། རིག་གནས་ལྡེབས་རིས།མདོ་གྲོང་བཅས་ཞིང་ཆེན་ཡོངས་ཀྱི་ཁྱད་ཆོས་ཅན་གྱི་ཚོང་ལས་ཁྲོམ་ལམ་ཆེན་པོ་བཅུའི་གྲས་སུ་དཔྱད་འདེམས་བྱས་པ་དང་ཆབས་ཅིག ཉི་ཁུག་ཁྲོམ་ལམ་སི་ཁྲོན་གྱིས་ཆེས་མཛེས་པའི་ཁྲོམ་ལམ་ལ་འདེམས་འཇུག་བྱུང་བ་རེད།

རོང་བྲག་རྫོང་སྤྲོ་སྣང་ཡུལ་ཤོག་བདེ་སྐྱིད་ཞིང་ཁྱིམ་སྤྲོ་གསེང་ཁང་དུ་ལོ་ན25ལ་སོན་པའི་བདེ་སྐྱིད་ཀྱིས་སྤོབས་པ་སྐྱེད་པའི་ངང་ནས་བཤད་དོན། 1997ལོར་མོའི་ཕ་རྒན་མགོན་པོས་རང་ཉིད་ཀྱི་མཁར་རྫོང་གི་ཁང་མིག20ལྷག་ཙམ་དེ་བཀོལ་སྤྱོད་བྱས་ནས་བདེ་སྐྱིད་ཁྱིམ་གཞིས་སྤྲོ་ཁང་ཞིག་འཛུགས་གཉེར་བྱས་ཡོད། སྔོན་ཆད་ཡུལ་སྐོར་འགྲུལ་པས་མཛེས་ལྗོངས་ཁོ་ན་ལ་ཉམས་སུ་མྱོང་ཆེད་ཙམ་ཡིན་ཞིང་། དེའི་རྗེས་སུ་ས་གནས་དེ་གའི་སྐོར་བྲོ་དང་བཟའ་བཅའི་རིག་གནས་ཞིང་ཁྱིམ་སྤྲོ་གསེང་ཁང་དུ་མཉམ་འདྲེས་བྱས་ཏེ་ཕྱི་ཕྱོགས་ནས་འོང་མཁན་གྱི་ཡུལ་སྐོར་འགྲུལ་པ་ཚོར་ཐུན་མོང་གི་ཁྱད་ཆོས་ཡོད་པའི་བོད་སྡེའི་རིག་གནས་ཉམས་སུ་མྱོང་དུ་བཅུག་པ་རེད། ལོ་གཅིག་ལ་བདེ་སྐྱིད་ཞིང་ཁྱིམ་སྤྲོ་གསེང་ཁང་གིས་ཧྲང་ཧའེ་དང་ཧང་ཀྲུའོ། པེ་ཅིང་ལ་སོགས་པ་ནས་འོངས་པའི་ཡུལ་འགྲུལ་པ་སྣེ་ལེན་བྱེད་ཚད་མི5000ལས་བརྒལ་ཞིང་། ཡུལ་སྐོར་སྣེ་ལེན་ཡོང་འབབ་སྒོར་ཁྲི20ལ་ཟིན་པ་རེད།

བདེ་སྐྱིད་ཀྱིས་ལས་ཀ་བསྐྱུར་ནས་ཕ་ཡུལ་ལ་ལོག་སྟེ་རང་ཉིད་ཀྱི་གནས་ཚང་མགྲོན་ཁང་འཛུགས་གཉེར་བྱ་རྒྱུའི་གྲ་སྒྲིག་བྱས་པ་དང་ཆབས་ཅིག མོ་ཡིས་རང་ཉིད་ཀྱི་ཁང་ས་བཀོལ་སྤྱོད་བྱས་ནས་གནས་ཚང་མགྲོན་ཁང་ཇུས་འགོད་བྱེད་མགོ་བཙུགས་ཡོད། “ཁང་པའི་ཕྱིའི་བཀོད་པའི་ཐོག་རྒྱལ་རོང་རིག་གནས་སོར་གནས་དང་མཚོན་པ་བྱེད་གང་ཐུབ་བྱས་ཡོད”ཅེས་བདེ་སྐྱིད་ཀྱིས་དེ་ལྟར་ངོ་སྤྲོད་བྱས་པ་རེད། ཐང་ག་ལ་སོགས་པའི་མཛེས་རྩལ་རི་མོ་ཕུད་ཁ། ཡུལ་སྐོར་མགྲོན་པ་ཚོས་ད་དུང་རྒྱལ་རོང་གི་བོད་ལུགས་གཉེན་སྟོན་དང་གནའ་ཉམས་སོར་གནས་ཀྱི་སྐོར་བྲོ།དེ་བཞིན་དུ་རྒྱལ་རོང་བོད་ཟས་བཅས་ལ་ཉམས་སུ་མྱོང་ཆོག་པ་རེད།

བདེ་སྐྱིད་ཀྱིས་བསམ་ཚུལ་ལ། ཡུལ་སྐོར་ཞེས་པ་འདི་དངོས་གནས་བཤད་ན་ཉམས་སུ་མྱོང་ཆེད་ཡིན་པ་རེད། “ངའི་གནས་ཚང་མགྲོན་ཁང་འདིས་རྒྱལ་རོང་རིག་གནས་རྒྱུན་འཛིན་བྱེད་གང་ཐུབ་བྱ་རྒྱུའི་རེ་བ་ཡོད་ལ། ཡུལ་སྐོར་འགྲུལ་པ་ཚོས་རྒྱལ་རོང་བོད་ཀྱི་རིག་གནས་ཉམས་སུ་མྱོང་ཐུབ་རྒྱུའི་རེ་བའང་ཡོད”ཅེས་བཤད་པ་རེད།

མཛེས་སྡུག་རྣམ་པ་བཀྲ་བའི་དཀར་མཛེས་ཁུལ་གྱི་ས་གནས་རིག་གནས་འདི་གྲོང་ཁྱེར་འཛུགས་སྐྱོང་དང་འཛུགས་སྐྲུན་གྱི་བཟོ་བཀོད། གླུ་གར་སོགས་ཀྱིས་འདེགས་སྐྱོར་བྱས་ཏེ་དུས་རབས་གསར་པའི་ཡིད་དབང་འགུག་ཤུགས་འཕེལ་བ་བྱས་མཐར། ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་འདི་ཡུལ་སྐོར་ལ་བརྟེན་ནས་ཁྱབ་རྒྱ་དེ་བས་ཆེན་པོ་བྱས་ཏེ་ས་གནས་ཀྱི་རིག་གནས་གསོན་ཉམས་དེ་བས་ལྡན་པ་བྱས་དང་བྱེད་བཞིན་ཡོད་པ་རེད།།

ཁ། རིག་གནས་ཐོན་ལས་ཀྱིས་སྒུལ་ཤུགས་གསར་པ་འཕེལ།

དཀར་མཛེས་རྫོང་གེ་སར་མཁར་རྫོང་ནི་བརྗིད་ཉམས་ཆེ་ལ་ངོ་མཚར་ཆེ་བ། འགྲོ་བ་མིའི་ལོ་ངོ་སྟོང་གི་ཤེས་རིག་འདུས་པའི་རིག་གནས་ཀྱི་བང་མཛོད་ལྟ་བུ་ཞིག་དང་འཛུགས་སྐྲུན་གྱི་ལོ་རྒྱུས་དང་སྒྱུ་རྩལ་གྱི་རིན་ཐང་ཧ་ཅང་མཐོ་བའི་མཁར་རྫོང་ཞིག་ཡིན་ཞིང་།མཁར་རྫོང་འདིའི་ནང་དུ་གླིང་སྒྲུང་གི་ལོ་རྒྱུས་བཀོད་པར་མ་ཟད་རླབས་ཆེའི་དཔའ་བོའི་ལོ་རྒྱུས་སོགས་ཀྱི་རྣམ་པ་ཆ་ཚང་མངོན་ཐུབ་པ་ཞིག་རེད།

ལོ་གཉིས་ལྷག་ཙམ་རིང་ལ་འབད་བརྩོན་བྱས་པར་བརྒྱུད། 2019ལོའི་སྤྱི9པར་གེ་སར་མཁར་རྫོང་གི་ཨར་ལས་མཇུག་བསྒྲིལ་ནས་མི་ཚང་མའི་གཟུགས་འཛིན་དབང་པོའི་དགའ་སྟོན་དུ་གྱུར་ཡོད། མཁར་རྫོང་དེ་ནི་སེང་འབྲུག་སྟག་རྩེ་རྒྱལ་པོའི་ཕོ་བྲང་དང་དེ་བཞིན་དམག་དཔོན་སུམ་ཅུའི་སོ་སོའི་ཡུལ་སྡེ་ལས་གྲུབ། མཁར་རྫོང་དུ་གླིང་སྒྲུང་གིས་བཟོས་པའི་འཁྲབ་ཚན་ཐུང་ངུ1000ལྷག་ཙམ་མྱོང་རོལ་ཐུབ་པ་དང་།ཁྲོམ་གཞུང་གི་མིང་དང་མཁར་རྫོང་གི་སྒྲིག་བཀོད་སོགས་ལས་སྔར་གྱི་འགུལ་མེད་ལོ་རྒྱུས་སྙན་ངག་ལ་འགུལ་རྣམ་ངང་སླར་གསོ་བྱས་པར་མཐོང་ཐུབ།

མཛེས་ལྗོངས་ཁུལ་དེ་དཀར་མཛེས་རྫོང་གི་ད་སྔའི་ཐོན་ལས་དབུལ་སྐྱོར་ལས་གཞི་དང་རིག་གནས་ཡུལ་སྐོར་ལས་གཞི་ཆེ་ཤོས་དེ་ཡིན་ཞིང་།དེར་གླིང་སྒྲུང་རིག་གནས་ལ་མྱོང་རོལ་བྱ་ཡུལ་དང་ལོ་རྒྱུས་མཚོན་པའི་སྙན་ངག་ལྟ་སྐོར་ཁུལ།སྤྲོ་གསེང་བག་ཕེབས་གླིང་། རྩྭ་ཐང་མཛེས་ལྗོངས་ལ་ལྟ་ས། བོད་ཀྱི་ཡུལ་སྲོལ་གྱིས་ཕྱུག་པའི་མགྲོན་ཁང་སོགས་ཡོད་པར་མ་ཟད། རྟ་རྒྱུག་མདའ་འཕེན་དང་གླུ་ལེན་གར་འཁྲབ། གསོལ་སྟོན་ཁང་སོགས་སྒྲིག་སྦྱོར་གྱ་ནོམ་པར་བྱས་ཡོད།

མཛེས་ལྗོངས་ཁུལ་འདི་སྒོ་ཕྱེ་ནས་ལས་གཉེར་བྱས་པ་ནས་བཟུང་། ཁེར་རྐྱང་བཟོ་སྐྲུན128ཚང་མ་བོགས་གཏོང་བྱས་ཟིན་པ་དང་།འདིར་དྲྭ་གྲགས་རྒྱ་ཁོག་དང་རྒྱ་གར་ཡུལ་སྲོལ་གྱི་བོད་ཟས།པའོ་ལའེ་ཝུའུ་རོལ་དབྱངས་ཟ་ཁང་བཅས་ཡོད་པར་མ་ཟད།ཁྱད་ཆོས་ལྡན་པའི་འཇིམ་བརྙན་དང་བོད་གྲི།དངུལ་ཆས་སོགས་ཚོང་ཁང302མཁར་རྫོང་དུ་སྤེལ་ནས་གྲོང་སྡེ་དབུལ་པོ129ཡིས་ཐད་ཀར་ཡོང་འབབ་སྒོར་ཁྲི1100ལྷག་རག་གིན་ཡོད། རྫོང་ཡོངས་ཀྱི་མི་འབོར་དབུལ་པོ་ཁྲི1.5ལྷག་གི་དབུལ་ཐར་ཕྱུག་འགྱུར་ཐད་ལ་འདེགས་སྐྱོར་ནུས་ལྡན་ཐུབ་པ་དང་ཡུལ་སྡེ་དར་རྒྱས་གཏོང་བའི་ལྟེ་བའི་ཐོན་ལས་ལ་སྐུལ་འདེད་བཏང་ཡོད།

དཀར་མཛེས་རྫོང་ཁ་ལུང་ཡུལ་ཤོག་གི་ཚོགས་ཆུང་དྲུག་པའི་གྲོང་སྡེ་དང་པོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལུང་ཆིང་གིས་གྲོང་སྡེ་དེས་གེ་སར་མཁར་རྫོང་གི་ཁེར་རྐྱང་ཚོང་ཁང་བོགས་མར་བཏང་བར་བརྟེན་ནས་ཡོང་འབབ་སྒོར་ཁྲི20ལས་བརྒལ་བར་མ་ཟད་གྲོང་མིར་ལས་ཞུགས་ཀྱི་གོ་སྐབས་ཀྱང་ཐོབ་ཡོད་ཅེས་བཤད།

སྡེ་དགེ་རྫོང་དགོན་ཆེན་གྲོང་རྡལ་བརྒྱད་གཅིག་གྲོང་སྡེའི་གཟི་མིག་གླིང་ཚིག་ཇ་ཁང་དང་དུང་དཀར་གླིང་ཟློས་གར་ཁང་།སྦྲ་གུར་བརྗོད་དོན་ལྡན་པའི་ཆང་ཁང་སོགས་ནི་ཁམས་པའི་རིག་གནས་དངོས་མང་སྟོན་གླིང་དུ་འཛུགས་སྐྲུན་གྱི་ཁྱད་ཆོས་ལྡན་ལ་དཀར་མཛེས་གེ་སར་མཁར་རྫོང་གི་ཁྱད་ཆོས་རིག་གནས་ཐོན་ལས་གཞན་ཞིག་ཀྱང་རེད།

ཁམས་པའི་རིག་གནས་དངོས་མང་སྟོན་ཚོགས་གླིང་དེ་ཡུལ་སྐོར་བ་འདུ་འགྲེམས་ལྟེ་གནས་དང་།འགྲེམས་སྟོན་ལྟེ་གནས།ཚོང་དོན་ལྟེ་གནས།ཁམས་པའི་རིག་མཛོད།དམངས་སྲོལ་གོམས་འདྲིས་ཁྲོམ་ལམ།འགྲེམས་ཁང་ཁུལ།སྡེ་དགེ་དུད་ཚང་། འཁྲབ་སྟོན་ལྟེ་གནས།རིག་གནས་གསར་གཏོད་ལྟེ་གནས།ཁྲིད་སྦྱོང་རྟེན་གཞི་བཅས་སུ་དབྱེ་ཡོད། ཡུལ་སྐོར་ལྟ་སྐོར་དང་།རིག་གནས་འགྲེམས་ཚོགས།རིག་གནས་རྒྱུན་འཛིན།ཚོང་དོན་འགྲེམས་ཚོགས།གསོ་སྦྱོང་སློབ་སྦྱོང་།ཚོགས་འདུའི་ཞག་སྡོད།དམངས་སྲོལ་མྱོང་ཚོར་སོགས་ནུས་པ་སྣ་ཚོགས་གཅིག་ཏུ་འདུས་པའི་རིག་གནས་ཕྱོགས་བསྡུས་རང་བཞིན་གྱི་ལས་གཞི་ཞིག་ཀྱང་རེད།

ཚེ་དབང་ཆོས་འཕེལ་ནི་ཁམས་པའི་རིག་གནས་དངོས་མང་སྟོན་ཚོགས་གླིང་ཀརྨ་སྒར་འབྲི་ཐང་ག་ཉམས་ལེན་ཁང་གི་ཐང་ག་བཞེངས་མཁན་ཞིག་ཡིན་ཞིང་།ཁོང་གིས་གསར་འགོད་པར་ཐང་ག་དཀྱུས་མ་ཞིག་བྲིས་ན་སྒོར་སུམ་སྟོང་ཙམ་རག་གི་འདུག ཉེ་ཆར་ཉམས་ལེན་ཁང་དུ་མངགས་ཐོ་མང་པོ་ཞིག་འབྱོར་བྱུང་བས་ལས་སྒྲུབ་མི་སྣ་བརྒྱད་ཀྱིས་རྒྱུན་དུ་ལས་སྣོན་བྱེད་ཀྱི་ཡོད། ཉམས་ལེན་ཁང་དུ་ཐང་ག་བྲིས་ཚེ་ཡོང་འབབ་མང་དུ་ཕྱིན་པར་མ་ཟད།ཐང་གའི་རིག་གནས་དེ་བས་ལེགས་པའི་སྒོ་ནས་རྒྱུན་འཛིན་ཐུབ་རྒྱུ་རེད་ཅེས་བཤད།

ཁམས་པའི་རིག་གནས་དངོས་མང་སྟོན་ཚོགས་གླིང་གི་འགན་འཁུར་བ་ཡོན་ཏན་འགྱུར་མེད་ཀྱིས་ཁམས་པའི་རིག་གནས་དངོས་མང་སྟོན་ཚོགས་གླིང་གི་དགེ་མཚན་སྐོར་གླེང་སྐབས་རྒྱུན་གཏན་གྱི་གཉེར་སྐྱོང་གནས་ཚུལ་འོག་གླིང་ཁུལ་དུ་ཐོན་ལས་གཅིག་སྡུད་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས། ཁྱད་ཆོས་མི་འདྲ་བའི་ཐོན་ལས་ཀྱི་མཐོ་གནས་ཤིག་ཆགས་པ་བྱས་ཏེ་ཐོན་ལས་ཀྱི་གྲུབ་ཆ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ནུས་ལྡན་བཏང་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་དང་རིག་གནས།སྤྱི་ཚོགས་བཅས་ཀྱི་ཁྱབ་ཁོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད་རེད་ཅེས་བཤད། ཁོང་གིས་གླིང་ཁུལ་དེ་རང་ཁུལ་གྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པའི་ཁྱད་ཆོས་བཀྲག་མདངས་འཚེར་ས་ཞིག་ཏུ་འགྱུར་རྒྱུ་དང་གླིང་ཁུལ་བེད་སྤྱོད་བྱས་རྗེས་རིག་གནས་མི་སྣ་དེ་བས་མང་པོ་ཞིག་གི་ཡིད་དབང་བཀུག་སྟེ་དཀར་མཛེས་ཁུལ་གྱི་རིག་གནས་ཇི་ལྟར་བྱས་ནས་དར་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་དཔྱད་བསྡུར་བྱ་རྒྱུ་རེད་ཅེས་གསུངས་པ་རེད།།

ག། རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱིས་འགུག་ཤུགས་ཕྱོགས་བཞིར་མཆེད།

མུན་རུབ་ལ་ཉེ་དུས་ལྕགས་ཟམ་ཁར་སྔར་བཞིན་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་མཚན་མོའི་ལྕགས་ཟམ་ཟམ་པར་ལྟད་མོ་ལྟ་བཞིན་འདུག ད་ལོ་ནི་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བ་ཡིན་པར་བརྟེན། ལྕགས་ཟམ་རྫོང་ནི་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་ས་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དྲྭ་གྲགས་འབྱོར་ཐོ་འགོད་ས་ཞིག་ཏུ་གྱུར་པ་རེད། ད་ལོའི་ལྔ་གཅིག་གུང་གསེང་སྐབས་སུ་ལྕགས་ཟམ་རྫོང་གིས་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི9སྣེ་ལེན་བྱས་ནས་ན་ནིང་གི་དུས་མཚུངས་ལས་རྒྱ་ཆ513འཕར་ཡོད། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི9000ལྷག་ཙམ་ལ་ཟིན་ནས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ482.1འཕར་ཡོད་པ་རེད།

རིག་གནས་ནི་ཡུལ་སྐོར་གྱི་བླ་སྲོག་ལྟ་བུ་ཡིན་ཞིང་།རིག་གནས་ཀྱི་གཞི་རྐྱེན་མེད་ན་ཡུལ་སྐོར་ནི་སྟོང་བཤད་ཆུ་ཐོག་གི་ལྦུ་བར་གྱུར་ངེས་རེད། ཉེ་བའི་ལོ་ཤས་རིང་རང་ཁུལ་གྱིས་རིག་གནས་ཐོན་ཁུངས་ཀྱི་རང་སྤུས་བཀྲག་མདངས་འཚེར་བ་དེ་བེད་སྤྱོད་བྱས་ཤིང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཡིད་དབང་འཕྲོག་ཤུགས་ཆེ་རུ་བཏང་ཡོད། ནུས་པ་ལྡན་པ་བཅས་ཀྱི་སྒོ་ནས་དཀར་མཛེས་ཁུལ་གྱི་རིག་གནས་བཏོད་པ་དང་རིག་གནས་དཀར་མཛེས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་དང་གཏོང་བཞིན་ཡོད་པ་རེད།

ལོ40ཡི་སྔོན་དུ་ལྕགས་ཟམ་རྫོང་གི་གྲོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1ལ་ཡང་ཟིན་གྱིན་མེད། ད་ལྟ་གྲོང་ཁྱེར་འཆར་འགོད་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ6.8ཀྱི་ཐོག་ཏུ་རྒྱ་སྐྱེད་བྱུང་ཡོད་པ་དེ་ནི་སྔོན་ཆད་ཀྱི་ལྡབ་ལོག7ཡིན་པ་རེད།ལྕགས་ཟམ་གྱིས་ལྟེ་གནས་བྱས་པའི་མཐའ་སྐོར་གྱི་ཁྲོམ་ལམ་དང་མགྲོན་ཁང་།ཟ་ཁང་། ཐོག་ཁང་མཐོན་པོ་བཅས་རིམ་པ་སྟར་ཆགས་ནས་ཡོད་ཅིང་། རུའེ་ཅིན་ཁྲོམ་ལམ་དང་། ཁྲེང་ཝུའུ་ཁྲོམ་ལམ། དམག་སྤྱི་ཁྲོམ་ལམ་ལ་སོགས་པའི་ཁྲོམ་ལམ་རེ་རེ་ནི་དེའི་སྐབས་སུ་དམར་དམག་གིས་ལྕགས་ཟམ་འཕྲོག་ལེན་བྱེད་མཁན་དཔའ་བོ་དང་རྒྱང་སྐྱོད་མི་སྣ། རྒྱང་སྐྱོད་དུས་སྐབས་སུ་དམར་དམག་གིས་འཐབ་འཛིང་བྱས་མྱོང་བའི་ས་ཆར་གཞིགས་ནས་མིང་བཏགས་པ་དང་། གསར་བརྗེ་དེ་ལྕགས་ཟམ་ཁའི་མིའི་ཁྲག་རྒྱུན་ནང་འདྲེས་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། ལྕགས་ཟམ་རྫོང་གིས་ལྕགས་ཟམ་དེA4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བཏོད་རྒྱུར་བརྩོན་ལེན་ཧུར་ཐག་བྱས་ཤིང་། དེའི་སྐབས་སུ་དམར་དམག་སྐྱོད་པའི་ལམ་ཐིག་བརྒྱུད་ནས་དམར་དམག་རྒྱང་སྐྱོད་ཀྱི་རྗེས་ཤུལ་སོགས་མཛེས་ལྗོངས་ཁུལ་མང་པོ་ཞིག་བཏོད་དེ་ཡུལ་སྐོར་བ་གྲངས་ལས་འདས་པ་ཡོང་གི་ཡོད། ལྕགས་ཟམ་ཟམ་པ་དང་ཧ་ལམ་སྤྱི་ལེ10རྒྱང་བའི་མཚོ་གཉིས་གྲོང་སྡེའི་ནང་ཞིང་ཁྱིམ་སྤྲོ་གསེང་ཁང་དང་། ཁྱིམ་གཞིས་མགྲོན་ཁང36ཡོད་ཅིང་། ལོ་འཁོར་རེའི་ནང་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི20སྣེ་ལེན་བྱས་ནས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི4000ལྷག་ལ་ཟིན་གྱིན་ཡོད་པ་རེད།

ལྕགས་ཟམ་རྫོང་ཨུ་ཧྲུའུ་ཅི་སུང་ཞའོ་ཅུན་གྱིས་ཉེ་བའི་ལོ་ཤས་རིང་ལྕགས་ཟམ་རྫོང་གིས“གསར་བརྗེའི་མཛེས་ལྗོངས་དང་འབྱུང་འཕྲོད་མཛེས་ལྗོངས་མཉམས་འདྲེས”ཀྱི་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་གསར་བརྗེ་དང་ཡུལ་སྡེ་དར་རྒྱས་གཏོང་རྒྱུའི་སྐྱེ་ཁམས་ཡུལ་སྐོར་དམ་འཛིན་བྱས་ཡོད། དམར་དམག་གིས་ལྕགས་ཟམ་ཟམ་པ་འཕྲོག་ལེན་བྱས་པའི་དྲན་གསོ་ཁང་དེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་ཁག་དྲུག་པའི་ནང་བཞག་ཡོད་པ་རེད། ལྕགས་ཟམ་ཟམ་པའི་མཛེས་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱི་གསར་བརྗེའི་ཡུལ་སྐོར་རྩེར་སོན་གྱི་སྤུས་རྟགས་སུ་བཅུག་ཡོད་པ་རེད་ཞེས་ངོ་སྤྲོད་བྱས། ལྷག་པར་དུ་ཉེ་བའི་ལོ5རིང་ལྕགས་ཟམ་མི་དམངས་ཀྱིས་འབད་འབུངས་ཡར་བརྩོན་བྱས་ཏེ་རྒྱལ་ཁབ་རིམ་པའི་དབུལ་ཕོངས་རྫོང་གི་དབུལ་ཞྭ་ཕུད་པ་རེད།

འགྲན་སློང་གིས་ཁེངས་པའི་མྱུལ་དཔྱད་ངོ་མཚར་ཅན་དང་བསམ་ཚོད་ལས་འདས་པའི་ལོ་རྒྱུས། ཐུན་མོང་མ་ཡིན་པའི་ཉི་སྟེན་གྱི་ཡུལ་སྲོལ་གོམས་གཤིས། སྤྱི་ཟླ6པའི་ཚེས1ཉིན་ཉི་སྟེན་གསང་རྟགས་ཉེན་མཆོང་ཐོག་མའི་འཁྲབ་སྟོན་ཆེན་མོ་དེ་འདབ་པ་རྫོང་ཤམ་བྷ་ལ་གྲོང་རྡལ་ཉི་སྟེན་གསང་རྟགས་ཟློས་གར་ཁང་ཆེན་མོ་ནང་སྤེལ་བ་རེད། རྒྱལ་ཡོངས་ཀྱི་བོད་ཀྱི་ཉེན་མཆོང་སྟེགས་བུ་ཐོག་མ་ཡིན་པའི་ཆ་ནས་ཉི་སྟེན་གསང་རྟགས་ནི་འདབ་པའི་ཉི་སྟེན་མཛེས་ལྗོངས་ཁུལ་ཡུལ་སྐོར་གསར་སྤེལ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་དང་ཡུལ་ཧྲང་ཧོ་མེད་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་ཐོག་བསྐྲུན་པར་མ་ཟད་ཉིན་དེའི་དགོང་མོར་འཁྲབ་སྟོན་བྱས་པ་རེད།

ལོ་མང་རིང་དཀར་མཛེས་ཁུལ་གྱིས་ས་གནས་རིག་གནས་ཡུལ་སྐོར་བཏོད་པས་དཀར་མཛེས་ཁུལ་གྱི་རི་ཁུལ་རིག་གནས་ཡུལ་སྐོར་དུས་སྟོན་ནི་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་སུ་ཤུགས་རྐྱེན་ཡོད་པའི་རིག་གནས་ཡུལ་སྐོར་གྱི་རྟེན་འབྲེལ་བྱེད་སྒོ་དང་རི་ཁུལ་གྱི་ཡུལ་སྐོར་སྤུས་རྟགས་བྱེད་སྒོ་ཞིག་ཏུ་གྱུར་ཡོད། རང་ཁུལ་གྱི་སྔོན་ལ་མཉམ་སྦྲེལ་དྲོད་ལེན་དང་སྐས་རིམ་གསར་སྤེལ། ཇུས་འགོད་བཅས་རྒྱལ་སྤྱིར་ཤུགས་རྐྱེན་ལྡན་པའི་ཁམས་བོད་སྦས་ལུང་དང་ལྷོ་རྒྱུད་ཀྱི་དར་གོས་ལམ་བུའི་རིག་གནས་ཡུལ་སྐོར་ཐོན་རྫས་བཏོན་པ། དེ་དང་ཆབས་ཅིག་རང་ཁུལ་གྱིས་ད་དུང་ནང་དོན་ཞིབ་ཅིང་ཟབ་པའི་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ནས་འཛིན་ཏེ་ཐང་ག་དང་། ཁ་ལྕགས་རིགས་ཀྱི་གྲུབ་རྫས། རྫ་མ། ཤིང་སྐུ་པར་འདེབས། ཚོན་རིས། ནོར་ལུག་གི་བལ་འཐག་སོགས་རིག་གནས་ཡུལ་སྐོར་གྱི་ཚོང་ཟོག་མང་པོར་ཕྱིར་རྒྱལ་ཁབ་དང་ས་ཁུལ་མང་པོར་བཙོངས་མཐར། ལོ་རེའི་བྲིན་ཚོང་ཡོང་འབབ་སྒོར་དུང་ཕྱུར12ལ་ཟིན་ཡོད་པ་རེད།

རིག་གནས་ཀྱི་ཡུལ་སྐོར་ལ་སྐུལ་འདེད་བཏང་འོག་རང་ཁུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་འདོན་སྤེལ་གང་ལེགས་ཐུབ་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། 2020ལོར་ཁུལ་ཡོངས་སུ་ཡུལ་སྐོར་ལས་དོན་ཁང་བཞི་གསར་སྣོན་བྱས་ཡོད། ཡུལ་སྐོར་ལས་དོན་ཁང་། སྤྱི་ཚོགས་ཁང་དང་དྲྭ་ཚུགས་བཅས་དུད་ཚང34ལ་ཟིན་པ། ཡུལ་སྐོར་ཡོང་འབབ་དང་དེ་བཞིན་འབྲེལ་ཡོད་དཔལ་འབྱོར་དམིགས་ཚད་ཚང་མ་འཕར་བའི་རྣམ་པ་ཐོན་ཡོད།

ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་ཅན་གྱི་སྒོ་ནས་འཕོ་འགྱུར་དང་གསར་སྐྲུན་བྱེད་པ། འཕེལ་རྒྱས་གསར་པར་སྐུལ་འདེད་བཏང་སྟེ་དུས་རབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་འགྱུར་ལྡན་གསོན་ཤུགས་ལ་སྐུལ་སློང་བྱས་ཡོད།དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པར་རང་ཁུལ་གྱི་རིག་རྩལ་ལས་སྒྲུབ་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་རབ་དང་རིམ་པའི་སྐོར་ལ་སློབ་སྦྱོང་གཏིང་ཟབ་བྱས་ཤིང་། བློ་བདེ་བག་ཕེལ་ངང་ནས་ལེགས་ཐོག་ལེགས་འཚོལ་གྱིས་གསར་གཏོད་དང་། ཡག་ཤོས་ལེགས་ཤོས་ཀྱི་སྙིང་སྟོབས་དེ་མི་དམངས་ལ་འབུལ་རྒྱུ་དང་། རིག་རྩལ་གྱི་འོད་ཟེར་དེ་ཁམས་པའི་ས་གཞི་ལ་འཕྲོས་བཅུག་ངེས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1