རི་རྒན་ཆོའི་དམར་དམག་རྒྱང་སྐྱོད་དྲན་གསོའི་རྗེས་ཤུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 06-29




        རི་རྒན་ཆོ་ནི་ཧུང་ཡོན་རྫོང་སྦྲ་ཆེན་གྲོང་རྡལ་གྱི་བྱང་ཕྱོགས་སུ་གནས་ཤིང་། ཤར་ནི་ཟུང་ཆུ་དང་འབྲེལ་བ་དང་ནུབ་ནི་རྔ་བ་རྫོང་དང་འབྲེལ། བྱང་ནི་མཛོད་དགེ་རྫོང་དང་འབྲེལ་ནས་ཡོད། ས་ཁྱོན་ལ་མུའུ་ཁྲི་250ཡོད། སྦྲ་ཆེན་གྲོང་རྡལ་གྱི་སྲིད་གཞུང་དང་བར་ཐག་སྤྱི་ལེ་2ཡོད། མཚོ་ངོས་ལས་མཐོ་ཚད་སྨི་3400ལྷག་ཡོད། རི་རྒན་ཆོའི་ན་འདམ་ནི་དམར་དམག་གཉིས་པ་དང་བཞི་བའི་གཡོན་ལམ་རུ་ཁག་བྱང་ཕྱོགས་སུ་སྐྱོད་སྐབས་གནས་འདིར་བརྒྱུད་པ་རེད། ལོ་ངོ་85སྔོན་དུ། རི་རྒན་ཆོའི་ན་འདམ་ནི་མི་མེད་ལུང་སྟོང་ཞིག་ཡིན་པར་མ་ཟད། གནམ་གཤིས་ཀྱི་འགྱུར་ལྡོག་ཧ་ཅང་ཆེ་བས། སྐམ་སའི་ནང་གི་འཆི་བདག་གི་མཚོ་ཞེས་འབོད
        1936་ལོའི་ཟླ་8པའི་ཟླ་སྟོད་དུ། དམར་དམག་གི་དམག་དཔུང་གཉིས་པ་དང་བཞི་བ་གཡོན་ལམ་རུ་ཁག་གི་དམར་དམག་ཁ་ཤས་རྔ་བ་ནས་ལམ་ལ་ཆས་ཏེ། ཧུང་ཡོན་བརྒྱུད་དེ་སྐ་ཆུ་བརྒལ་བ་ནས་དཀའ་བ་ཡོད་ཚད་རྒྱབ་ཏུ་བསྐྱུར་ནས་མུ་མཐའ་བྲལ་བའི་ན་འདམ་རྡོག་པས་བརྫིས། ན་འདམ་རྡོག་པས་བརྫིས་པའི་ལམ་བར་དུ་ལམ་རྒྱགས་དང་སྨན་རྫས་སོགས་ཀྱིས་མ་འདང་བའི་རྐྱེན་གྱིས། དམར་དམག་མང་པོ་ལྟོགས་གྲི་དང་གྲང་གྲི་ཡིས་ལྔ་ལམ་དུ་བརྫངས། 2000ལོར། རི་རྒན་ཆོ་ནི་ཁུལ་རིམ་པའི་ན་འདམ་རང་བྱུང་སྲུང་སྐྱོང་ཁུལ་དུ་བདམས་པ་དང་སྲུང་སྐྱོང་བྱེད་པའི་ས་ཁྱོན་སྤྱི་ཆིང་ཁྲི་12ཡོད་ཅིང་། སྲུང་སྐྱོང་ཁུལ་དུ་རྩྭ་ཆུ་འཛོམས་ཤིང་སྐྱེ་ཁམས་ངོ་མཚར་ཆེ་བས། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཡིན། 2004ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རི་རྒན་ཆོ་ནི་རྒྱལ་ཡོངས་ཀྱི་གསར་བརྗེའི་ལྗོངས་ཁུལ་གལ་ཆེན་ཞིག་ཡིན་པ་ཐག་གིས་བཅད་པ་དང་། དམར་དམག་རྒྱང་སྐྱོད་སྐབས་སུ་རྩྭ་ཐང་བརྒལ་བའི་མཚོན་རྟགས་རང་བཞིན་གྱི་དྲན་གསོའི་རྗེས་ཤུལ་ཞིག་ཡིན།  
        རི་རྒན་ཆོའི་ན་འདམ་རྗེས་ཤུལ་ནི་རྒྱལ་ཡོངས་ཀྱི་གསར་བརྗེའི་ལྗོངས་སྐོར་100ཁྲོད་ཀྱི་གཅིག་ཡིན། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཡིན་པར་མ་ཟད། དམར་དམག་གི་བརྙན་ལེན་སའི་རྟེན་གཞི་གཙོ་བོ་ཞིག་ཀྱང་ཡིན་ནོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1