འཕན་བུ།
ལོ་རྒྱུས་སྲིད་པའི་གླེགས་བམ་སྟེང་། །
ལོ་རབས་གསར་པའི་དབུ་ཁྱུད་བྲིས། །
ལོ་ཟླ་ཞག་གི་འཕོ་འགྱུར་གྲངས། །
ལོ་ངོ་བརྒྱ་ཡི་རུ་མར་ཆགས། །
མར་ལེ་རིག་པའི་གཞུང་ལུགས་ཀྱིས། །
ཡང་དག་ཏང་གི་དབུ་ཁྲིད་བྱས། །
རྒྱལ་གཅེས་དཔའ་བོའི་སྙིང་སྟོབས་ཀྱིས། །
ལོ་ངོ་བརྒྱ་ཡི་རྡོ་རིང་བཞེངས། །
ང་དྲུག་མི་རིགས་མཐུན་སྒྲིལ་གྱིས། །
ཀྲུང་ཧྭའི་སྲིད་འབྱོར་རིག་གསུམ་བསྐྲུན། །
ཚན་རྩལ་དར་ཆ་མཐོར་བསྒྲེངས་ནས། །
ལོ་ངོ་བརྒྱ་ཡི་དཔལ་ཡོན་བསུ། །