༄༅།།ལོ་བརྒྱའི་མཚར་སྡུག་གི་གཏམ་རྒྱུད།

མགོན་པོ་དབང་ཕྱུག རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-23




མགོན་པོ་དབང་ཕྱུག  

སྐྱེས་ཆེན་ཉི་ཟླའི་པང་དུ་བཞད། །
མཛད་འཕྲིན་རླབས་པོའི་དཔའ་རྩལ་རྒྱས། །
དབྱར་ཟླ་ར་བ་ཏང་དབུ་བརྙེས། །
དམངས་གཙོའི་བཅོས་བསྒྱུར་ཨེ་མ་རྨད། །

ཚན་རྩལ་རྗེས་འབྲངས་ཆད་མེད་བརྩོན། །
ལོ་རྒྱུས་པོད་ཆེན་བསྙོན་མེད་བཀྲམས། །
ཆབ་དཔལ་རིག་སྟོབས་ཏང་གིས་བསྐྲུན། །
ཀྲུང་གོ་གསར་བའི་སྙན་གྲགས་འཕྱོ། །

བཅོས་བསྒྱུར་ཆེན་མོའི་དཔལ་འབྱོར་རྒྱས། །
དེང་རབས་ཅན་བཞིའི་གཤོག་རྩལ་ངོམས། །
ཀྲུང་གོའི་ཕུགས་བསམ་སྙིང་དབུས་འཛིན། །
ལོ་བརྒྱའི་གཏམ་རྒྱུད་སྤྲོ་བས་བསྔགས། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1