སྤྱི་ཟླ་1ཚེས་9ཉིན། ཧྥ་རན་སིའི་ཉེན་རྟོག་པས་འཇབ་རྒོལ་བྱེད་མཁན་གྱི་འཇིགས་སྐུལ་པ་རྗེས་འདེད་བྱེད་པའི་བརྒྱུད་རིམ་ཁྲོད་དུ། ཕར་འགྲོ་ཚུར་འོང་གི་རླངས་འཁོར་ལ་ཞིབ་བཤེར་ཞིབ་མོ་བྱས་ཤིང་། 《ཁྲ་ལི་བདུན་ཚགས།》དུས་དེབ་ཁང་དུ་འཇབ་རྒོལ་བྱེད་མཁན་གྱི་འཇིགས་སྐུལ་རིང་ལུགས་པ་ཁུའུ་ཨ་ཞི་སྤུན་གཉིས་དང་། གཞན་འཇབ་རྒོལ་བ་ཨ་མེ་ཏི་ཁུའུ་ལི་པ་ལི་བཅས་ཉེན་རྟོག་པའི་རྗེས་འདེད་བྱས་འོག་བསད་ཡོད་པ་རེད། དབང་འཛིན་མཁན་དང་སྨྱན་སྦྱོར་མཁན་གྱིས་ཉེན་རྟོག་པས་འཇིགས་སྐུལ་བ་རྗེས་འདེད་བྱས་པའི་གནས་ཚུལ་ཞིབ་མོ་ཁྱབ་བསྒྲགས་བྱེད་འགོ་བརྩམས། གནས་ཚུལ་སྤེལ་བ་ལྟར་ན། ་འཇབ་རྒོལ་པའི་ལུས་ལ་མཚོན་ཆ་སྣ་ཚོགས་ཐོགས་ཡོད་ཅིང་། ཁོང་ཚོས་འཇབ་རྒོལ་བྱས་ནས་བྲོས་པའི་བརྒྱུད་རིམ་ཁྲོད་དུ་ཉེན་རྟོག་པས་ཁོ་ཚོའི་རྗེས་ཤུལ་ལ་བརྟག་དཔྱད་ཞིབ་མོ་བྱས་ནས་འཇབ་རྒོལ་བྱེད་མཁན་གྱི་ཐོབ་ཐང་དང་འགྲོ་ཕྱོགས་ཤེས་རྟོགས་བྱུང་ཡོད། །