ལིའུ་ཕིང་གིས་རྔ་བའི་ལས་རིགས་སློབ་གླིང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཏང་གི་སློབ་ཚན་གྱི་སྙན་ཞུ་ཕུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་ཉིན་རེའི་ཚགས་པར་ཁང་། སྤེལ་དུས། 07-06


    ཟླ་7ཚེས་3ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་རྔ་བའི་ལས་རིགས་སློབ་གླིང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཏང་གི་སློབ་ཚན་གྱི་སྙན་ཞུ་ཕུལ།  ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གི་གསུང་བཤད་གལ་ཆེན་དེ་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་དང་ལོ་བརྒྱ་གཉིས་ཀྱི་ལོ་རྒྱུས་འབྲེལ་མཚམས་ཀྱི་འགག་ཞིག་ཡིན་ལ། འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་ཕྱིར་མིག་ལྟ་བ་དང་འཆར་འགོད་བྱེད་པ་ནི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་དང་། དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཞིག་ཀྱང་ཡིན། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་མ་འོངས་ཀྱི་ལམ་ཁ་གཏོད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཡིན་པས། ང་ཚོས་ལས་དོན་སོ་སོ་ཡག་པོ་བསྒྲུབ་པར་ཁ་ཕྱོགས་གསལ་བོ་བསྟན་པ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཁུལ་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། འདུ་ཤེས་བཞི་ཇེ་ཟབ་དང་། ཡིད་ཆེས་བཞི་ཇེ་བརྟན། སྲུང་སྐྱོང་གཉིས་ཐུབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་ཉིན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་འཛིན་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་དང་ཟུང་འབྲེལ་བྱེད་དགོས། དྲིལ་བསྒྲགས་སྒྲོག་འགྲེལ་དང་སློབ་སྦྱོང་ལག་བསྟར་བྱེད་པར་བྱེད་སྒོ་སྣ་ཚོགས་ཏན་ཏིག་གིས་སྤེལ་ནས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ལ་གསུང་བཤད་ཀྱི་དོན་སྙིང་གལ་ཆེན་དང་ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་སྟངས་འཛིན་བྱ་རྒྱུའི་ཁྲིད་སྟོན་བྱས་ཏེ་བསམ་བློ་དང་བྱ་སྤྱོད་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ནས་ལུས་སེམས་གཅིག་མཐུན་གྱིས་ཀྲུང་དབྱང་དང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་མེ་ཏོག་བཞད་ནས་འབྲས་བུ་ཐོན་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཁོང་གིས་ཁུལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་སློབ་མ་ཚོར་གཏམ་བཤད་གནང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་དུས་རབས་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ནས་མི་རིགས་བསྐྱར་དར་དང་མདུན་སྐྱོད་བྱས་ཏེ་ཉམས་པ་མེད་པའི་ལང་ཚོའི་ཟིལ་ཤུགས་མངོན་པ་དང་ཁུལ་གཅིག གླིང་གཉིས་ཁྱིམ་གཞིས་གསུམ་འཛུགས་སྐྲུན་གྱི་ལམ་བུ་ནས་རྒྱལ་ཁབ་ཀྱི་བརྩེ་སེམས་མཚོན་པར་བྱེད་དགོས།
    ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ལི་ཝེ་གོ་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུར་ཞུགས།

    སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་མ་འཚོག་གོང་ལིའུ་ཕིང་རྔ་བའི་ལས་རིགས་སློབ་གླིང་གི་གཞུང་དོན་ཐོག་ཁང་དང་ཐང་གའི་ལས་དོན་ཁང་། སློབ་མའི་ཉལ་ཁང་བཅས་སུ་ཕེབས་ནས་སློབ་གླིང་གི་འཆར་འགོད་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གནས་ཚུལ་རྒྱུས་ལོན་གནང་བ་དང་། སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་རྗེས་ལིའུ་ཕིང་གིས་སློབ་གླིང་གི་སློབ་གཉེར་ཆ་རྐྱེན་དང་སློབ་མའི་ཞག་སྡོད་གནས་ཚུལ། གསར་དུ་བསྐྲུན་པའི་སློབ་མའི་ཉལ་ཁང་། སློབ་ཁུལ་ཤར་མའི་ས་གནས་འདེམས་པ་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་མཛད།


        རང་ཁུལ་གྱི་འགོ་ཁྲིད་དབྱང་ཞིང་དང་ཡི་དམ་མཚོ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཞིང་ཨུའིསྐོར་སྐྱོད་མཛུབ་ཁྲིད་ཚན་ཆུང་ལྔ་བའི་ཁོངས་མི་ལི་ཁེ་སོགས་ཚོགས་འདུར་ཞུགས་། རྔ་བའི་ལས་རིགས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ཐན་ཁེས་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུའི་གཙོ་འགན་བཞེས། མའོ་རྫོང་གི་རྫོང་ཨུ་དང་རྫོང་སྲིད་གཞུང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུར་ཞུགས།

    མའོ་རྫོང་གི་ཞིང་ཆེན་གྱི་ཕུལ་བྱུང་ཏང་དོན་ལས་དོན་པ་དང་། ཁུལ་གྱི་བརྩེ་སེམས་གཅིག་ཏུ་གཏད་པའི་ཁྱིམ་ཚང་གི་སྔོན་ཐོན་མི་སྒེར། ཁུལ་དང་རྫོང་གི་ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་གི་འཐུས་མི། རྔ་བའི་ལས་རིགས་སློབ་གླིང་གི་ལས་བྱེད་ལས་བཟོ་བ་དང་དགེ་རྒན། སློབ་མའི་འཐུས་མི་བཅས་ཀྱིས་སྒྲོག་འགྲེལ་དང་ཏང་གི་སློབ་ཚན་གྱི་སྙན་ཞུར་ཉན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1