ཞི་ཅིན་ཕིང་གིས་ཧྥེ་ལི་པིན་གྱི་དམག་སྤྱོད་སྐྱེལ་འདྲེན་གནམ་གྲུ་ལྷུང་བའི་ཐད་ཧྥེ་ལི་པིན་གྱི་ཙུང་ཐུང་ཏུའུ་ཐེར་ལ་འཚམས་འདྲིའི་གློག་འཕྲིན་བཏང་བ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 07-07
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་7པའི་ཚེས་6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་ཧྥེ་ལི་པིན་གྱི་དམག་སྤྱོད་སྐྱེལ་འདྲེན་གནམ་གྲུ་ཞིག་ལྷུང་པའི་ཐད་ཧྥེ་ལི་པིན་གྱི་ཙུང་ཐུང་ཏུའུ་ཐེར་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་ཡོད། ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་། ཧྥེ་ལི་པིན་གྱི་དམག་སྤྱོད་གནམ་གྲུ་ཞིག་སར་བབས་སྐབས་སྟབས་མ་ལེགས་པར་ལྷུང་ནས་མི་སྣ་ཤི་རྨས་ཚབས་ཆེན་བཟོས་པའི་ཐད། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་རྒྱུ་དང་། རྨས་མ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ཁྱིམ་མིར་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།