ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བའི་རྟེན་འབྲེལ་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས།

སྒྲོལ་མ་ཚེ་བརྟན་སོགས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-07


སྤྱི་ཟླ་7པའི་ཚེས་1ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་དང་། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ལི་ཁེ་ཆང་གིས་རྟེན་འབྲེལ་ཚོགས་ཆེན་གཙོ་སྐྱོང་གནང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན། ཧུའུ་ཅིན་ཐའོ་བཅས་ཚོགས་ཆེན་ལ་ཞུགས།

སྤྱི་ཟླ་7པའི་ཚེས་1ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། ཞི་ཅིན་ཕིང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན། ཧུའུ་ཅིན་ཐའོ་བཅས་ཚོགས་ཆེན་ལ་ཞུགས།

ལོ་བརྒྱའི་རྒྱང་སྐྱོད་བརྗིད་ཉམས་ལྷག་ཏུ་ཆེ། ལོ་བརྒྱའི་བསམ་འདུན་གཡོ་འགུལ་ཡེ་ནས་བྲལ། སྤྱི་ཟླ་7པའི་ཚེས་1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་དང་། ལས་རིགས་ཁག་གི་འཐུས་མི་ཁྲི་བདུན་ལྷག་ལྷན་དུ་འཛོམས་ནས་གཟབ་རྒྱས་ངང་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་དགའ་སྟོན་རྟེན་འབྲེལ་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང། ཁོང་གིས། འདས་ཟིན་པའི་ལོ་བརྒྱའི་ནང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་ཕུལ་དུ་བྱུང་བའི་དྲིས་ལན་བཏབ་ཡོད། ད་ལྟ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་སླར་ཡང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་རྒྱུགས་གཉིས་པ་སྤྲོད་པའི་ལམ་གསར་ཐོག་སྐྱོད་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བྱ་གཞག་ཆེད་འབད་པ་ལྷུར་ལེན་གནང་མུས་དང། ལོ་བརྒྱའི་འཁྲུངས་སྐར་དེ་ལང་ཚོའི་དཔལ་འབར་བའི་དུས་ལ་འཁེལ་ཡོད། འདས་པའི་ལོ་ཟླར་ཕྱི་མིག་བལྟ་བ་དང་། མ་འོངས་པར་རྒྱང་བལྟ་བྱེད་དུས། ཀྲུང་གོ་གུང་ཁྲན་ཏང་གི་སྟོབས་ཆེའི་འགོ་ཁྲིད་ཡོད་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོ་མཐུན་སྒྲིལ་དམ་ཟབ་ཡོད་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་ཐུབ་ངེས་རེད་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་ཡིན་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་ཏང་དང་མི་དམངས་ཀྱི་ཚབ་ཞུས་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱུན་མཐུད་ངང་འབད་འཐབ་བྱས་པ་བརྒྱུད། རང་རེའི་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་གྱུར་བྱུང་ནས། ཀྲུང་ཧྭའི་ས་གཞི་ཆེན་པོའི་ཐོག་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཟིན་པ་དང་། ལོ་རྒྱུས་རང་བཞིན་གྱི་ཐོག་ནས་ལྟོས་མེད་དབུལ་ཕོངས་གནད་དོན་ཐག་གཅོད་བྱས་ཤིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་བློ་སྟོབས་ཆེར་སྐྱེད་ཀྱིས་སྐྱོད་བཞིན་ཡོད། འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་རླབས་པོ་ཆེ་དང་། འདི་ནི་ཀྲུང་གོ་མི་དམངས་ཀྱི་གཟི་བརྗིད་རླབས་པོ་ཆེ། འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་གཟི་བརྗིད་རླབས་པོ་ཆེ་བཅས་ཡིན་ཞེས་རྔམ་བརྗིད་ལྡན་པའི་ངང་ཁྱབ་བསྒྲགས་གནང།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་གིས་རྟེན་འབྲེལ་ཚོགས་ཆེན་གཙོ་སྐྱོང་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧེན་ཀྲེང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་བཅས་རྟེན་འབྲེལ་ཚོགས་ཆེན་དུ་ཞུགས།

ཀྲུང་ཧྭའི་ས་གཞི་ཆེན་མོར་དབྱར་གྱི་དཔལ་ཡོན་རྒྱས་ཤིང་། རྒྱལ་ས་པེ་ཅིང་དུ་མེ་ཏོག་རྣམ་པར་བཞད་ཅིང་མཁའ་དབྱིངས་སུ་དར་དམར་ལྷབ་ལྷུབ་ཏུ་གཡོ། རླབས་ཆེའི་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག །ཉེ་རབས་ཀྱི་ཚུན་དུ་དཀའ་སྡུག་མང་པོ་བརྒྱུད་མྱངས་པའི་ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་འབྱོར་ཕྱུག་ཏུ་གྱུར་པ་དང་དེ་ནས་སྟོབས་ཆེར་གྱུར་པའི་བར་རླབས་ཆེ་བའི་འཕོ་འགྱུར་བྱུང་ཞིང་། ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་ཙམ་སྤོབས་པ་ཆེར་བསྐྱེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་བརྗིད་ཆེའི་རྒྱང་སྐྱོད་ལམ་བུའི་ཐོག་སྐྱོད་བཞིན་ཡོད།

གནམ་བདེ་སྒོ་མོ་ཆེའི་ཐོག་མཁར་བརྗིད་ཉམས་ཆེ་ཞིང་། མཁར་གྱང་དམར་པོའི་དབུས་སུ་མའོ་ཙེ་ཏུང་གི་ཚོན་ལྡན་སྐུ་པར་བཀལ་ཡོད། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་རྔམ་བརྗིད་ཆེ་ཞིང་ཀྲོང་ངེར་འགྱིང་ཡོད། དྲན་གསོའི་རྡོ་རིང་གི་བྱང་ངོས་སུ་མཐོ་ཚད་ལ་སྨི་7.1དང་།
ཞེང་ཚད་ལ་སྨི་7.1ཅན་གྱི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས་དང་1921དང་2021གི་ཡིག་རྟགས་གསལ་ལེེར་འཚེར། ཐང་ཆེན་གྱི་ཤར་ནུབ་གཉིས་སུ་ཡོད་པའི་དར་དམར་100རླུང་དང་འགྲོགས་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།

མཁའ་དབྱིངས་ནས་ལྟ་སྐབས། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གྲུ་ཆེན་ལམ་ལ་ཆས་འདྲའི་བཟོ་དབྱིབས་དེ་བརྗིད་ཉམས་རབ་ཏུ་ཆེ་ཞིང་། རླབས་གཤགས་མདུན་སྐྱོད་དང་དཔའ་ངར་ཆེར་སྐྱེད་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་བཞིན་འདུག །

རྟེན་འབྲེལ་ཚོགས་ཆེན་འགོ་མ་ཚུགས་གོང་། ཚོགས་ར་ཡོངས་ཀྱིས《ཏང་ལ་གླུ་ཞིག་འབུལ》《ང་ཚོ་ལམ་ཆེན་ཐོག་ཏུ་སྐྱོད་བཞིན་ཡོད》《གནམ་ས་གསར་པ》《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》ལ་སོགས་པའི་ངོ་མཚར་གླུ་གཞས་རེ་རེ་སྐད་གསང་མཐོན་པོས་བླངས་ནས་ཏང་ལ་དགའ་ཞེན་དང་སྨོན་འདུན་ཞུ་ལུགས་མཚོན་པར་བྱས།

སྔ་དྲོའི་ཆུ་ཚོད་7དང་སྐར་མ་53ཐོག །སྤྲོ་སྣང་ལྡན་པའི་རོལ་མོའི་འགྱུར་ཁུག་ཁྲོད་དུ་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་གནམ་བདེ་སྒོ་མོ་ཆེའི་མཁར་སྒོའི་ཀྲུའུ་ཞི་སྟེགས་བུར་ཕེབས་པས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།

ཐང་དཀར་རྒོད་པོའི་གཤོག་རྩལ། ནམ་མཁའི་དབྱིངས་སུ་ངོམ་སོང། ཆུ་ཚོད་7དང་སྐར་མ་55ཙམ་ལ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་འཐབ་གནམ་གྲུ་71གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཕྱོགས་སུ་འཕུར་ནས་ཏང་དང་། མེས་རྒྱལ། མི་དམངས་བཅས་ལ་གུས་འདུད་ཞུས། བར་སྣང་ཁམས་ཀྱི་དར་སྲུང་རུ་སྟར་གྱིས་འཕུར་སྐྱོད་བྱས་ནས་རྟེན་འབྲེལ་ཞུ་བའི་ཡོལ་བ་ཕྱེས་ཤིང་། ཐད་འཕུར་གནམ་གྲུ་ལྔ་ཡི་ཐོག་ཁག་སོ་སོར་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་དང་།
རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག །རླབས་ཆེན་གྱི་ཀྲུང་གོ་མི་དམངས་ཁྲི་ལོར་བརྟན་པར་ཤོག །རླབས་ཆེན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྲི་ལོར་བརྟན་པར་ཤོག །རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་མོ་ཁྲི་ལོར་བརྟན་པར་ཤོག་ཅེས་བྲིས་པའི་གཞུང་བཀལ་སྦྱར་ཚིག་བསིལ་རླུང་དང་འགྲོགས་ནས་མདུན་ཕྱོགས་སུ་འཕུར། དེ་རྗེས་ཐད་འཕུར་གནམ་གྲུ་དང་། དམག་འཐབ་གནམ་གྲུས་ཁག་སོ་སོར་ཨང་ཀི་100དང་། ཨང་ཀི་71གི་བཟོ་དབྱིབས་ཆགས་པ་བྱས་ནས་མཁའ་དབྱིངས་སུ་འཕུར་བ་དང་། ཅའེན-20རྟགས་ཅན་གྱི་གནམ་གྲུ་15ལས་གྲུབ་པའི་རུ་སྟར་གསུམ་གྱིས་འཕུར་ལྡིང་བྱས། རྩལ་སློབ་གནམ་གྲུས་ཚོན་ཁྲ་ཅན་གྱི་དུ་རིང་10བཟོས་པ་བཅས་ངོ་མཚར་ཆེ་བའི་འཁྲབ་སྟོན་ལ་མི་རྣམས་ཀྱི་དགའ་བའི་འབོད་སྒྲས་ཁྱབ།

གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་གི་གློག་རྡུལ་བརྙན་ཤེལ་ཆེན་པོའི་ཐོག་ཆུ་ཚོད་ཀྱི་གཟུགས་བརྙན་མངོན་ཡོད། 1921 1931 1941 2021བཅས་ཆུ་ཚོད་འགུལ་སྐྱོད་བྱེད་པ་དང་བསྟུན་ནས་ལོ་གྲངས་ཀྱི་གྲངས་ཀ་རིམ་པ་བཞིན་མངོན་ཡོད། ཆུ་ཚོད་8པ་ཏག་ཏག་ཐོག །གྲུ་གཟིངས་ཆེན་མོ་རྡོག་ཐོན་བྱེད་པ་མཚོན་པའི་སྒྲ་གྲགས་པ་དང་ཆབས་ཅིག་རྟེན་འབྲེལ་ཚོགས་ཆེན་འགོ་ཚུགས་ཡོད།

ཚང་མ་གུས་སྟབས་ཀྱིས་ལངས་བ་དང་། རྟེན་འབྲེལ་མེ་སྒྱོགས་ཀྱི་སྒྲ་ཐེངས་100བར་སྣང་དབྱིངས་སུ་གྲགས་པ། རྒྱལ་དར་སྲུང་སྐྱོབ་རུ་ཁག་གི་དཔོན་དམག་གིས་སྐར་ལྔའི་དར་དམར་སྲུང་བཞིན་ཤུགས་དང་ལྡན་པའི་གོམ་སྟབས་སྤོ་བཞིན་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་གི་མདུན་ནས་ཐང་ཆེན་བྱང་ངོས་ཀྱི་དར་དམར་སྒྲེང་ཁུལ་དུ་སྐྱོད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཉམ་འབྲེལ་དམག་མིའི་རོལ་ཆ་རུ་ཁག་གིས་རྔམ་བརྗིད་ལྡན་པའི་བློས་བླངས་དམག་གི་མདུན་སྐྱོད་གླུ་དབྱངས་དཀྲོལ་གཏོང་བྱས་པ་དང་། ཚོགས་ར་ཡོངས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བཏང་། དམར་མདངས་འཕྲོ་བའི་སྐར་ལྔའི་དར་དམར་དལ་མོར་བསྒྲེངས་ནས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་བར་སྣང་དབྱིངས་སུ་ལྷབ་ལྷབ་ཏུ་གཡོས།

དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ཚོགས་པ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་མཉམ་འབྲེལ་ཤིས་ཚིག་སྒྲོན་པ་དང་། གོ་མིན་ཏང་གསར་བརྗེ་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཨེ་ཞང་གིས་ཤིས་ཚིག་སྒྲོག་སྦྱངས་གནང་ནས། ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་བྱ་བཞག་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་སྟེ་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ལ་ཆེས་བླ་ན་མེད་པའི་གུས་འདུད་དང་། ཆེས་ལྷག་བསམ་ཟོལ་མེད་ཀྱི་བཀྲ་ཤིས་བདེ་ལེགས་ཞུས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུར་རྒྱལ་ཁ་གསར་པ་ལེན་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས།

གུང་གཞོན་ཚོགས་པའི་ཚོགས་མི་དང་། ན་ཆུང་གདོང་ལེན་རུ་མིའི་འཐུས་མིས་མཉམ་སྡེབ་ཐོག་ཤིས་ཚིག་ཕུལ་ནས་ཏང་ལ་ལང་ཚོའི་གུས་བསྟོད་ཞུས་པ་དང་། ཏང་ཐུགས་བློ་བདེ་པོར་བཞུགས། རྒྱལ་ཁབ་སྟོབས་ཆེར་འགྱུར་བ་བྱེད་མཁན་ང་ཡོད་ཅེས་པའི་ཞུམ་མེད་དམ་བཅའ་མཚོན་པར་བྱས་ཡོད།

སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། ཁོང་གིས། དེ་རིང་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཐོག་དང། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་གལ་འགངས་ཤིན་ཏུ་ཆེ་ལ་རྔམ་བརྗིད་ལྡན་པའི་ཉིན་མོ་ཞིག་རེད། ང་ཚོ་འདི་རུ་འདུ་འཛོམས་གཟབ་རྒྱས་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་ལྷན་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་འབད་འཐབ་ཀྱི་འོད་སྟོང་འཕྲོ་བའི་བརྒྱུད་རིམ་ལ་ཕྱིར་དྲན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འོད་སྟོང་འཕྲོ་བའི་མདུན་ལྗོངས་ལ་རྒྱང་བལྟ་བཅས་བྱ་རྒྱུ་ཡིན་ཞེས་གསུངས། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་གནང་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཡོངས་ལ་སྤྲོ་སེམས་འཁོལ་བའི་ངང་ནས་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས།

ཞི་ཅིན་ཕིང་གིས། ཀྲུང་གོར་གུང་ཁྲན་ཏང་ཐོན་པ་དེ་ནི་གནམ་ས་འབྱེད་པའི་དོན་ཆེན་ཞིག་ཡིན་པ་དང་། དེས་ཉེ་རབས་ཚུན་གྱི་ཀྲུང་ཧྭ་མི་རིགས་ཀྱི་གོང་འཕེལ་ཁ་ཕྱོགས་དང་འཕེལ་རིམ་ལ་འགྱུར་ལྡོག་གཏིང་ཟབ་བཏང་བ་དང་། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འགྱུར་ལྡོག་གཏིང་ཟབ་བཏང་བ། འཛམ་གླིང་གོང་འཕེལ་གྱི་འཕེལ་ཕྱོགས་དང་གནས་སྟངས་ལ་འགྱུར་ལྡོག་གཏིང་ཟབ་བཏང་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག་ནས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བརྩོན་ལེན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་བརྩོན་ལེན་བྱ་རྒྱུ་དེ་རང་ཉིད་ཀྱི་ཐོག་མའི་སེམས་འདུན་དང་འོས་འགན་ལ་གཏན་འཁེལ་བྱས་ཡོད། ལོ་ངོ་བརྒྱ་ཡི་ནང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་ནས་བྱས་པའི་འབད་འཐབ་མཐའ་དག་དང་། བློས་གཏོང་མཐའ་དག །གསར་གཏོད་མཐའ་དག་བཅས་བརྗོད་དོན་གཅིག་ལ་སྒྲིལ་ན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་རེད་ཅེས་བསྟན།

ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས། ཁྲག་འདོན་དམར་འཛིང་བྱེད་པ་དང་།
ལན་བརྒྱར་ཕམ་ཡང་དཔའ་མི་ཞུམ་པར། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་གྲུབ་འབྲས་རླབས་པོ་ཆེ་བཏོད་ཡོད། རང་སྟོབས་རང་སྤེལ་དང་ཡར་རྒྱས་བརྩོན་ལེན་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་རླབས་པོ་ཆེ་བཏོད་ཡོད། བསམ་བློར་བཅིངས་འགྲོལ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ནས། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རླབས་ཆེའི་གྲུབ་འབྲས་བཏོད་ཡོད། རང་ལ་ཡིད་ཆེས་དང་རང་སྤེལ་དང། དྲང་སྲུང་གསར་གཏོད། རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་ལས་གཞི། རླབས་ཆེན་གྱི་བྱ་བཞག །རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་གྲུབ་འབྲས་བཏོད་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཆེར་སྐྱེད་ཀྱི་འབད་འཐབ་བརྒྱུད་ནས་འཛམ་གླིང་ལ་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ཆེར་གྱུར་པའི་བར་གྱི་རླབས་ཆེའི་མཆོང་སྐྱོད་དང་།
ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་སླེབས་ཡོད་པ་བརྗིད་ཉམས་ལྡན་པའི་ངང་ཁྱབ་བསྒྲགས་བྱས་ཡོད་ཅེས་ནན་བསྟན་གནང།

ཞི་ཅིན་ཕིང་གིས། ལོ་ངོ་བརྒྱ་ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས། རང་སྲོག་དོར་བའི་བློ་སྟོབས་རབ་ཏུ་སྐྱེད། འཇིག་རྟེན་གསར་པ་ཞིག་ལ་བསྒྱུར་བར་ཕོད་ཅེས་པའི་བློ་སྤོབས་ཀྱི་ཐོག་ནས། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་ཐོག་ཆེས་རླབས་ཆེ་བའི་ལོ་རྒྱུས་སྙན་ངག་ཅིག་བརྩམས་ཡོད། ལོ་ངོ་བརྒྱའི་རིང་། རླབས་ཆེན་གྱི་ལམ་བུ་བཏོད་པ་དང་། རླབས་ཆེན་གྱི་བྱ་བཞག་བཏོད་པ། རླབས་ཆེན་གྱི་གྲུབ་འབྲས་བླངས་པ་བཅས་ཀྲུང་ཧྭ་མི་རིགས་ཀྱི་གོང་འཕེལ་ལོ་རྒྱུས་ཀྱི་དེབ་ཐེར་དང་མིའི་རིགས་ཤེས་དཔལ་གོང་འཕེལ་གྱི་དེབ་ཐེར་ནང་འཁོད་ངེས་ཡིན་ཞེས་བསྟན།

ཞི་ཅིན་ཕིང་གིས། ལོ་བརྒྱ་ཡི་རིང་། ང་ཚོར་ཐོབ་པའི་གྲུབ་འབྲས་མཐའ་དག་ནི་ཀྲུང་གོ་གུང་ཁྲན་ཏང་མི་དང་། ཀྲུང་གོ་མི་དམངས། ཀྲུང་ཧྭ་མི་རིགས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན། བློ་མཐུན་མའོ་ཙེ་ཏུང་དང་། བློ་མཐུན་ཏེང་ཞའོ་ཕིང་། བློ་མཐུན་ཅང་ཙེ་རྨིན། བློ་མཐུན་ཧུའུ་ཅིན་ཐའོ་བཅས་ཀྱིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཆེད་དུ་ཡུན་རིང་ལོ་རྒྱུས་དེབ་ཐེར་ནང་འགོད་རུང་བའི་མཛད་རྗེས་རླབས་པོ་ཆེ་བཞག་ཡོད། ང་ཚོས་ཁོང་རྣམ་པར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས། མཚམས་འདིར། ང་ཚོས་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། བཅོས་བསྒྱུར་བཅས་དང་། ཀྲུང་གོ་གུང་ཁྲན་ཏང་གསར་འཛུགས་དང་། སྲ་བརྟན། འཕེལ་རྒྱས་བཅས་ཀྱི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་མཁན་བློ་མཐུན་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ལིའུ་ཧྲའོ་ཆི། ཀྲུའུ་ཏེ། ཏེང་ཞའོ་ཕིང་། ཁྲེན་ཡུན་སོགས་གསར་བརྗེ་རྒན་རབས་པ་ཚོར་རྗེས་དྲན་གཏིང་ཟབ་ཞུ་རྒྱུ་དང་། ཀྲུང་གོ་གསར་པ་འཛུགས་པ་དང་། སྲུང་སྐྱོབ། འཛུགས་སྐྲུན་བཅས་ཀྱི་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་གནང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་ལ་རྗེས་དྲན་གཏིང་ཟབ་ཞུ་རྒྱུ། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་གནང་མཁན་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་ལ་རྗེས་དྲན་གཏིང་ཟབ་ཞུ་རྒྱུ། ཉེ་རབས་ཚུན་དུ་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་ཆེད་འབད་འཐབ་ལྷོད་མེད་གནང་བའི་མཁྱེན་སྤྱོད་ཡངས་པའི་མི་སྣ་ཚང་མར་རྗེས་དྲན་གཏིང་ཟབ་ཞུ་རྒྱུ་ཡིན། ཁོང་རྣམ་པས་མེས་རྒྱལ་དང་མི་རིགས་ཀྱི་ཆེད་དུ་བཞག་པའི་མཛད་རྗེས་རླབས་པོ་ཆེ་ཇི་སྲིད་བར་དུ་ལོ་རྒྱུས་དེབ་ཐེར་ནང་འཁོད་རྒྱུ་རེད། ཁོང་ཚོའི་བླ་ན་མེད་པའི་སྙིང་སྟོབས་ཇི་སྲིད་བར་དུ་མི་དམངས་ཀྱི་སེམས་ནང་བརྟན་པོར་ངེས་རྒྱུ་རེད་ཅེས་གསུངས།

ཞི་ཅིན་ཕིང་གིས། མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་དང་དཔའ་བོ་ངོ་མ་ཡིན། ང་རང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་བཟོ་པ་དང་། ཞིང་པ། ཤེས་ཡོན་ཅན། དམངས་གཙོ་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་ཁག །
ལས་རིགས་ཁག་གི་རྒྱལ་གཅེས་མི་སྣ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག །སྤྱི་བདེའི་ལས་བྱེད་ཉེན་རྟོག །མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་བཀོད་འཐབ་པ། སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་ཡོངས། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཐའེ་ཝན་གྱི་སྤུན་ཟླ། དེ་བཞིན་རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། ཀྲུང་གོའི་མི་དམངས་དང་མཛའ་མཐུན་མཉམ་གནས་དང་། ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། བཅོས་བསྒྱུར་བཅས་ཀྱི་བྱ་བཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཁག་གི་མི་དམངས་དང་གྲོགས་པོ་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས། ཐོག་མའི་སེམས་འདུན་འབྱུང་སླ་ཡང་། ཐོག་མཐའ་བར་གསུམ་དུ་སྲུང་བར་དཀའ། ལོ་རྒྱུས་མེ་ལོང་དུ་བཟུང་ཚེ་དར་རྒུད་གནས་ཚུལ་རྟོགས་པར་འགྱུར། ང་ཚོས་ལོ་རྒྱུས་ལ་བལྟས་ནས་ད་ལྟའི་གནས་ཚུལ་ལ་ལྟ་བ་དང་འབྱུང་འགྱུར་ལ་རྒྱང་ལྟ་བྱ་དགོས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད་ནས་དེ་སྔོན་ང་ཚོ་ལེགས་འགྲུབ་བྱུང་དོན་གང་ཡིན་པ་གསལ་པོར་མཐོང་བ་དང་། མ་འོངས་པར་ང་ཚོས་ཇི་ལྟར་བྱས་ཚེ་ད་གཟོད་མུ་མཐུད་ལེགས་འགྲུབ་ཡོང་ཐུབ་པ་གསལ་པོར་རྟོགས་པ་བྱས་ནས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྔར་བས་སྲ་བརྟན་དང་སྔར་བས་རང་རྟོགས་ཀྱི་སྒོ་ནས་ཐོག་མའི་སེམས་འདུན་བློ་ལ་བརྟན་པོར་ངེས་པ་དང་། མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་གཏོད་བྱ་དགོས། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་འབྱུང་འགྱུར་གསར་གཏོད་བྱེད་པར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་སྲ་བརྟན་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་འགོ་ཁྲིད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། ཏང་གིས་ཁྱོན་ཡོངས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་ལྟེ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ངེས་པར་དུ་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བའི་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས། མི་དམངས་ལ་དམ་པོར་བརྟེན་ནས་ལོ་རྒྱུས་གསར་གཏོད་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་ལག་ལེན་བསྟར་བ། བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་གོང་འཕེལ་གཏོང་བ། མིའི་ཁྱོན་ཡོངས་གོང་འཕེལ་དང་མི་དམངས་ཡོངས་ཀྱི་ཐུན་མོང་ཕྱུག་འགྱུར་ལ་དེ་བས་མངོན་གསལ་དོད་པའི་གྲུབ་འབྲས་ངོ་མ་ཐོབ་པ་བྱེད་དགོས། ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་གནས་ལུགས་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། མར་ཁེ་སི་རིང་ལུགས་ཀྱིས་དུས་རབས་ལ་བལྟ་བ་དང་། དུས་རབས་ཁོང་དུ་ཆུད་པ་བྱེད་པ། དུས་རབས་ལ་སྣེ་ཁྲིད་བྱེད་པ་བཅས་ཀྱི་ཐོག་ནས། མུ་མཐུད་དུ་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་21པའི་མར་ཁེ་སི་རིང་ལུགས་གོང་འཕེལ་གཏོང་དགོས། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏང་རྒྱུ་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་བྱེད་ཕྱོགས་བཅས་རྒྱུན་འཁྱོངས་བྱེད་དགོས། རང་ཉིད་ཀྱི་ལམ་བུ་གདམ་པའི་ཐད་གོམ་ཁ་ཆེན་པོས་མདུན་དུ་བསྐྱོད་དགོས། ཀྲུང་གོ་གོང་འཕེལ་ཡར་ཐོན་ཡོང་བ་བྱེད་པའི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས། ངེས་པར་དུ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་རྒྱུ་མགྱོགས་སུ་གཏོང་བ་དང་། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེའི་ལས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་གིས་མི་དམངས་དམག་དཔུང་ལ་ལྟོས་མེད་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་དམངས་དམག་དཔུང་དེ་འཛམ་གླིང་གི་དམག་དཔུང་རྩེ་གྲས་ཤིག་ལ་འཛུགས་སྐྱོང་བྱས་ནས། དེ་བས་སྟོབས་ཆེ་བའི་ནུས་པ་དང་དེ་བས་བློ་འཁེལ་བའི་བྱ་ཐབས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ། ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱ་དགོས། ངེས་པར་དུ་ཞི་བདེ་དང་། གོང་འཕེལ། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་པ། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལས་དོན་སྤུས་ཚད་མཐོན་བའི་སྒོ་ནས་གོང་འཕེལ་འགྲོ་བ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལོ་རྒྱུས་ཀྱི་འཁོར་ལོ་དེ་འོད་སྣང་ལྡན་པའི་དམིགས་འབེན་གྱི་ཕྱོགས་སུ་མདུན་སྐྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་ལྡན་པའི་རླབས་ཆེའི་འཐབ་རྩོད་མང་པོ་བྱེད་པ་དང་། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ། ཐོག་མཐའ་བར་གསུམ་དུ་བདེ་སྡོད་ཉེན་བསམ་བྱེད་པ། རྒྱལ་ཁབ་ཀྱི་སྤྱི་ཡོངས་བདེ་འཇགས་ལྟ་བ་ལག་ལེན་བསྟར་བ། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། རི་དང་ཐུག་ན་ལམ་བུ་བཟོ་བ་དང་། ཆུ་དང་འཕྲད་ན་ཟམ་པ་བཟོ་བའི་ཐོག་ནས་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་བ་བྱེད་དགོས། ངེས་པར་དུ་ཀྲུང་ཧྭའི་བུ་ཕྲུག་གིས་མཐུན་སྒྲིལ་ཆེན་མོར་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚང་མས་བསམ་བློ་ཕྱོགས་གཅིག་ལ་གཏོང་བ་དང་། ནུས་ཤུགས་གཅིག་ཕྱོགས་ལ་འདོན་པའི་གསོན་ཉམས་དོད་པའི་རྣམ་པ་གྲུབ་པ་བྱས་ཏེ། མི་རིགས་བསྐྱར་དར་གྱི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། ངེས་པར་དུ་ཏང་འཛུགས་སྐྱོང་གི་རླབས་ཆེའི་ལས་གཞི་གསར་པར་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ་དང་།
ལྕགས་རྡུང་བར་ཐོ་བ་མཁྲེགས་པོ་དགོས་པའི་གནས་ལུགས་ཡིད་ལ་བརྟན་པོར་ངེས་ནས། ཏང་ནན་གྱིས་སྐྱོང་རྒྱུ་དེ་ནམ་ཡང་ལམ་དུ་ཡོད་པའི་ཆབ་སྲིད་ཀྱི་རང་རྟོགས་ཤུགས་ཆེར་བཏང་ཐོག །དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གོང་འཕེལ་གཏོང་བའི་ལོ་རྒྱུས་འཕེལ་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་ཏང་འདི་ཉིད་སྟོབས་ཆེའི་དབུ་ཁྲིད་སྲོག་ཤིང་དུ་འགྱུར་རྒྱུར་འགན་སྲུང་བྱེད་དགོས་ཞེས་ནན་བསྟན་གནང་།

ཞི་ཅིན་ཕིང་གིས། ང་ཚོས་ཁྱོན་ཡོངས་དང་གནད་ལ་འཕིགས་པའི་སྒོ་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། ཞང་ཀང་པས་ཞང་ཀང་སྐྱོང་བ། ཨའོ་མོན་པས་ཨའོ་མོན་སྐྱོང་བ། ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་།
ཀྲུང་དབྱང་ནས་ཞང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ལ་ཁྱོན་ཡོངས་ནས་དོ་དམ་བཅོས་སྐྱོང་བྱེད་དབང་དོན་འཁྱོལ་བྱས་ནས། ཞང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་བརླིང་ཡོང་རྒྱུ་རྒྱུན་འཁྱོངས་བྱ་དགོས། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”རྒྱུན་འཁྱོངས་བྱས་ནས་མེས་རྒྱལ་གོང་བུ་གཅིག་གྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླ་ཚུད་པའི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་མདུན་སྐྱོད་བྱས་ནས། ཐའེ་ཝན་རང་བཙན་ཞེས་པའི་ལྐོག་གཡོ་ངན་ཇུས་མཐའ་དག་གཙང་སེལ་བྱེད་པ་དང་།
མི་རིགས་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས། མི་སུ་ཞིག་གིས་ཀྱང་ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་སྲུང་སྐྱོབ་བྱེད་པའི་སྲ་ཞིང་བརྟན་པའི་སེམས་ཤུགས་དང་། བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས། སྟོབས་དང་ལྡན་པའི་ནུས་པ་བཅས་ལ་སྣང་ཆུང་བྱ་རྒྱུ་མེད་ཅེས་ནན་བསྟན་གནང་།

ཞི་ཅིན་ཕིང་གིས། འབྱུང་འགྱུར་ནི་གཞོན་ནུར་དབང་བ་དང་། རེ་བ་གཞོན་ནུར་བཅོལ་ཡོད། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩི་བ་དང་། ཀྲུང་གོ་བ་ཅིག་བྱེད་པའི་སྤོབས་པ་དང་ལ་རྒྱ། གདིང་ཤུགས་བཅས་ཆེ་རུ་བཏང་ནས། དུས་རབས་དང་དུས་ཚོད་ཆུད་ཟོས་སུ་མི་གཏོང་བ་དང་། ཏང་དང་མི་དམངས་ཀྱི་རེ་བ་ནན་པོ་ཆུད་ཟོས་སུ་གཏོང་མི་རུང་ཞེས་ནན་གསུང་གནང།

ཞི་ཅིན་ཕིང་གིས། འདས་ཟིན་པའི་ལོ་བརྒྱའི་ཁྲོད། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་གཡུར་ཟའི་དྲིས་ལན་ཕུལ་ཡོད། ད་ལྟ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སླར་ཡང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་བསྐྱོད་བཞིན་ཡོད་ཅེས་ནན་བསྟན་གནང་བ་དང་། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་གནང་ནས་ཀྲུང་གོ་གུང་ཁྲན་ཏང་ཡོན་ཡོངས་ཀྱིས་ཐོག་མའི་སེམས་འདུན་མི་བརྗེད་པ་དང་ཕུགས་འདུན་དད་སེམས་བརྟན་དུ་གཏོང་བ། ཏང་གི་དམིགས་འབེན་ལག་བསྟར་བྱེད་པ། ནམ་ཡང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། སྔ་ཕྱི་བར་གསུམ་དུ་མི་དམངས་དང་བསམ་བློ་གཅིག་པ་གཏོང་བ་དང་།
ལས་ཀ་མཉམ་དུ་སྒྲུབ་པ། ཕྱར་བ་གྲུ་འདེགས་དང། སྐྱིད་སྡུག་མཉམ་མྱོང་བཅས་བྱས་ནས། མུ་མཐུད་དུ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་མངོན་འགྱུར་བྱེད་པའི་ཕུགས་འདུན་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་པ་དང་། འབད་བརྩོན་ཆེན་པོས་ཏང་དང་མི་དམངས་ལ་གཟི་བརྗིད་སྔར་བས་ཆེ་བ་བརྩོན་ལེན་བྱ་དགོས་པའི་འབོད་སྐུལ་གནང་།

ཞི་ཅིན་ཕིང་གི་གསུང་བཤད་མཇུག་སྒྲིལ་སྐབས། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་པ་དང་། སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས།

ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་སྤྱིའི་གླུ་དབྱངས་ཀྱི་ཁྲོད་མཇུག་བསྒྲིལ།

སྤྲོ་ཉམས་འཕེལ་བའི་རོལ་དབྱངས་གྲགས་པ་དང་ཆབས་ཅིག །ཚོགས་ར་ཡོངས་ཀྱི་མི་རྣམས་ཀྱིས་སྐད་གསང་མཐོན་པོས《མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པའི་གླུ་གཞས་བཏང་། ཞི་བདེའི་ཕུག་རོན་ཆིག་འབུམ་བར་སྣང་ཁམས་སུ་འཕུར་བ་དང་། ཚོན་ཁྲ་ཅན་གྱི་ལྒང་བུ་ཆིག་འབུམ་མཁའ་དབྱིངས་སུ་བཏང། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་གི་ལས་རིགས་ཁག་གི་མང་ཚོགས་ཀྱིས་གནམ་བདེ་སྒོ་མོ་ཆེའི་མཁར་ཐོག་ལ་ཁ་ཕྱོགས་ཏེ་དགའ་འབོད་གུས་འདུད་ཞུས་པ་དང་། ཞི་ཅིན་ཕིང་སོགས་ཀྱིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་། མཁར་གྱི་སྟེང་འོག་ཚང་མར་ཟོལ་མེད་བརྩེ་སེམས་གཅིག་ཏུ་འབྲེལ་བ་དང་ཐང་ཆེན་གྱི་ཕྱི་ནང་ཀུན་ཏུ་དགའ་སྤྲོའི་རྣམ་པས་ཡོངས་སུ་ཁེངས་ཤིང་། ཚང་མས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ་དང་། མེས་རྒྱལ་དང་འཛམ་གླིང་གི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པའི་སྨོན་འདུན་ཞུས།

གཟིགས་མོ་གཟིགས་མཁན་གྱི་གྲས་སུ་ད་དུང་ཏིང་ཞུའེ་ཞང་དང་། ཝང་ཁྲེན། ལིའུ་ཧོ། ཞུས་ཆི་ལེའང་། སུན་ཁྲུན་ལན། ལི་ཆང་། ལི་ཧུང་ཀྲུང་། ཡང་ཅེ་ཁྲེ། ཡང་ཞའོ་ཏུའུ། ཀྲང་ཡིའུ་ཞ །ཁྲེན་ཞི། ཁྲེན་ཆོན་གོ །ཁྲེན་རྨིན་ཨར། ཧུའུ་ཁྲུན་ཧྭ། ཀུའོ་ཧྲེང་ཁུན། ཧོང་ཁུན་མིང་། ཚའེ་ཆི། ཧུའུ་ཅིན་ཐའོ། ལི་རུའེ་ཧོན། ཝུའུ་པང་གོ ཝུན་ཅ་པའོ། ཅ་ཆིང་ལིན། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། སུང་ཕིང་། ལི་ལན་ཆིང་། ཙེང་ཆིང་ཧུང་། ཝུའུ་ཀོན་ཀྲེང་། ལི་ཁྲང་ཁྲུན། ཧོ་གོ་ཆང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི། ཡིའུ་ཆོན། ཚའོ་ཅན་མིང་།
ཀྲང་ཁྲུན་ཞན། ཧྲེན་ཡུའེ་ཡུའེ། ཅི་པིང་ཞོན། ཨེ་ལི་ཀེན་དབྱི་མིང་པ་ཧའེ། ཁྲེན་ཀྲུའུ། ཝང་ཏུང་མིང་།
པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཝུའུ་ཝེ་ཧྭ། ཝེ་ཧྥེང་ཧོ། ཝང་ཡུང་། ཝང་དབྱི། ཞའོ་ཅེ། ཀྲའོ་ཁེ་ཀྲེ། ཀྲོའུ་ཆང་། ཀྲང་ཅུན། ཀྲང་ཆིང་ལི། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀུང་། མ་པིའོ། ཁྲེན་ཞའོ་ཀོང་། ལེའང་ཀྲེན་དབྱིང་། ཞ་པའོ་ལུང་། ལི་པིན། པ་ཐེར། ཝང་ཡུང་ཆིན། ཧོ་ལི་ཧྥེང་།
སུའུ་ཧུའེ། ཀྲན་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཞིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། ཁྲེ་ཧའོ་ཐན། ཅང་ཁྲུན་ཡུན། ཝང་ལེ་ཆོན། ཝང་ཀྲའོ་གོ ཧུའེ་ལེང་ཡུས། ལིའུ་ཆི། ཝུའུ་དབྱི། ཚའོ་ཀང་ཁྲོན། ཙེང་ཕེ་ཡན། ཝང་ཀང་། ལིའུ་ཡན་ཏུང་། ལི་ཡོན་ཁྲའོ། མ་ཁའེ། ལི་ཅན་གོ །ཧྥན་ཁྲང་ལུང་། མེང་ཅན་ཀྲུའུ། ཀུའོ་ཅིན་ལུང་། ཝང་ཧན་པིན། ཧོ་ཡུང་། ཏུའུ་ཆིང་ལིན། ཀྲའོ་ཧུང་ཀྲུའུ། ཕེང་ཕེ་ཡུན། ལི་ཐེ་དབྱིང་། ཧོ་ལུའུ་ལི། ཅང་ཀྲེང་ཧྭ། ཀུའུ་ཞིའུ་ལན། རག་སྡིས། ཝུའུ་ཡུན་ཆི་མུའུ་ཀེ། ཁྲེན་ཀྲི་ལི། ཀྲོའུ་ཐིའེ་ནུང་། ཅང་ཧྲུའུ་ཧྲེང་།
སང་གོ་ཝེ། ཝང་ཧྲེང་ཅུན། ཁྲེན་ཁྲང་ཀྲི། ཡན་ཅུན་ཆི། ཀྲང་ཕིང་། བྱམས་པ་ཕུན་ཚོགས། ཏའེ་པིང་གོ ཁྲང་ཝན་ཆོན། ཧན་ཀྲུའུ་པིན། ཅ་ཁྲུན་ཝང་། སུང་ཅན། ཧུའུ་ཆི་ལི། ཝང་ཀྲུང་ཡུས། ཧའོ་ཅན་ཞིའུ། ཞུས་ཁོང་ཏི། ཀྲང་ཧོའེ་ཞི། ལི་མོང་། ལིའོ་ཧུའེ། པའེ་ལི་ཁྲེན། ཁྲེན་ཁུའེ་ཡོན། ཨ་པུའུ་ལའེ་ཐི་ཨ་པུའུ་ཏུའུ་རེ་ཞི་ཐི། ལི་ཀྲའོ་ཀྲུའོ། ཧོང་མེང་ཧྥུ། ཀྲང་མེ་ཡིང་། ཀྲང་རུང་མིང་། ཆན་ཡུན་ལུའུ། སུན་ཅ་ཀྲེང་། ལི་ཅིན་ཧྭ། ཀྲེང་ཝན་ཐུང་། ཏེང་ཕུའུ་ཧྥང་། ཁྲེན་ཙུང་ཤིང་། ཝང་ཀྲེ་ཀྲན། ཧན་ཆི་ཏེ། ལུའོ་ཕུའུ་ཧོ། ལི་ཧའེ་ཧྥེང་། ཁྲེན་ཡོན། ཀྲོའུ་ཞའོ་ཁྲོན། ཝང་ཅ་རུའེ། ཆི་ཞུས་ཁྲུན། མ་ཕེ་ཧྭ། ལིའུ་ཞའོ་ཧྥེང་། ཝང་ཆིན་རྨིན། དེ་བཞིན་ལི་ཙུའོ་ཁྲེང་དང་། མིའོ་ཧྭ། ཀྲང་ཧྲེང་རྨིན། ཧྥུའུ་ཆོན་ཡིའུ། ཡུས་ཡུང་པོ། ཝང་ཁེ། ཁྲེན་པིན་ཏེ། ལི་ཅི་ནའེ། ཆའོ་ཆིང་ཁྲེན། ཅིང་ཀྲི་ཡོན། ཀྲའོ་ཁེ་ཧྲི། ཝུའུ་ཧྲེང་ལི། མ་ཞའོ་ཐེན། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་ཡུའེ་ཨེ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་བཅས་ཡོད།

པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་གི་ཏང་སྲིད་དམག་དམངས་ཀྱི་སྡེ་ཁག་ཁག་གི་འགན་འཁུར་བློ་མཐུན་དང་། བློ་མཐུན་རྒན་གྲས་ཀྱི་འཐུས་མི། པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་དོ་དམ་དངུལ་རྩའི་ལས་ཁུངས་དང་། ཁེ་ལས། མཐོ་རིམ་སློབ་གྲྭ། ཚན་རིག་ཞིབ་འཇུག་ལས་ཁུངས་སོགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ། པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་ཨུ་ཡོན་དང་།
རྗེས་སྣོན་ཀྲུང་དབྱང་ཨུ་ཡོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀང་ཨའོ་ཐའེ་ཡི་སྤུན་ཟླ། ཕྱིར་སྡོད་སྤུན་ཟླའི་འཐུས་མི། པེ་ཅིང་དུ་ཡོད་པའི་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་གི་ཨུ་ཡོན། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་པེ་ཅིང་དུ་ཡོད་པའི་ལག་བསྟར་ཨུ་ཡོན། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། པེ་ཅིང་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན། རྒྱལ་ཡོངས་དབུལ་གྲོལ་འགག་སྒྲོལ་གྱི་མིག་དཔེའི་གཟི་བརྗིད་མཚན་སྙན་ཐོབ་མཁན། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས། འཇིག་རྟེན་མཁའ་སྐྱོད་དཔའ་བོ། མཁའ་སྐྱོད་དཔའ་བོའི་མཚན་སྙན་ཐོབ་མཁན། རྒྱལ་ཡོངས་ཀྱི་སྔོན་ཐོན་དཔེ་བཟང་མི་སྣའི་འཐུས་མི། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་འཁུར་བ་གཙོ་བོ། པེ་ཅིང་དུ་ཡོད་པའི་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི། ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་མེས་རྒྱལ་དུ་ཕྱིར་ལོག་པའི་ཕུལ་བྱུང་ཤེས་ལྡན་མི་སྣའི་འཐུས་མི། སྐུ་འདས་ཟིན་པའི་བློ་མཐུན་རྒན་གྲས་ཁག་གཅིག་གི་གཉེན་ཉེ། སྔོན་གཤེགས་དཔའ་བོ་དང་གཞུང་དོན་ཆེད་དུ་སྐུ་གཤེགས་པའི་མི་སྣའི་ཁྱིམ་མི། གཟི་བརྗིད་ལྡན་པའི་ངང་ཏང་ནང་ཞུགས་ནས་ལོ་ངོ་50ཕྱིན་པའི་དྲན་གསོའི་རྟགས་མ་ཐོབ་མཁན་གྱི་འཐུས་མི། སྤྱི་ལོ་2021ལོར་གསར་དུ་ཏང་ནང་ཞུགས་པའི་ཏང་ཡོན་གྱི་འཐུས་མི། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་འཐུས་མི། རྒྱལ་ཡོངས་ཀྱི་གཙོ་གནད་གཟིགས་སྐྱོང་བྱ་ཡུལ། རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི། པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མི་སོགས་ཚོགས་ཆེན་ལ་ཞུགས།

པེ་ཅིང་དུ་ཡོད་པའི་ཀྲུང་གོར་བཅའ་སྡོད་བྱས་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཕོ་ཉ་དང་། ཀྲུང་གོར་བཅའ་སྡོད་བྱས་པའི་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འཐུས་མི། ཕྱི་རྒྱལ་གྱི་རིགས་གཅིག་མཁས་པ་བཅས་ཀྱང་གདན་ཞུས་ལྟར་ཚོགས་ཆེན་དུ་ཞུགས་ཡོད་པ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1