སྤྱི་ཟླ7པའི་ཚེས14ཉིན་ལ། གསར་འགོད་པས་ལི་ཐང་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ནས་ཤེས་རྟོགས་བྱུང་དོན། ལི་ཐང་རྫོང་གི་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་བཟོ་གྲྭ་དེ་འདི་ཟླའི་ཚེས10ཉིན་ལ་བསྐྲུན་ཐུབ་ཡོད། དེ་ནི་བོད་འབྲེལ་མཚོ་འཕགས་མཐོ་བའི་ས་ཁུལ་གྱི་རྫོང་རིམ་པའི་གད་སྙིགས་ཏུན་བརྒྱ་གནོད་མེད་ངང་གཙང་སེལ་བྱེད་ཐུབ་པའི་ལས་གཞི་ཨང་དང་པོ་ཡིན་པ་རེད།
ལི་ཐང་རྫོང་གི་མཚོ་འཕགས་མཐོ་ཞིང་འཚོ་བའི་གད་སྙིགས་གཙང་སེལ་གྱི་འབོར་གྲངས་ཆེ། གད་སྙིགས་ཏུན་བརྒྱ་བསྲེགས་པའི་སྒྲིག་ཆས་ཤིག་བཙུགས་པར་ཁོར་སྲུང་དཔྱད་དཔོག་གི་བླང་བྱ་ནན་པོ་ཡིན་ལ། མཐོ་སྒང་ས་ཁུལ་དུ་དཔེར་འོས་པའི་ལས་གཞི་དེ་ལྟར་མེད་པས། ལི་ཐང་རྫོང་གིས་ལག་རྩལ་དང་རེ་ཞུ། ཨར་ལས། མ་རྩ། མི་སྣ་བཅས་ཀྱི་དཀའ་ངལ་ཁྱད་དུ་བསད་དེ་བོད་འབྲེལ་ས་ཁུལ་གྱི་རྫོང་རིམ་པའི་གད་སྙིགས་ཏུན་བརྒྱ་གནོད་མེད་ངང་གཙང་སེལ་བྱེད་ཐུབ་པའི་ཚ་འབྱེད་བཟོ་རྩལ་ལས་གཞི་ཐོག་མ་དེ་བསྐྲུན་ནས་ལམ་ལྷོང་བྱུང་བ་དང་། བཟོ་རྩལ་དང་ཡུལ་དངོས་དོ་དམ། མ་ལག་དོ་དམ་བཅས་སྔོན་ཐོན་གྲས་སུ་ཚུད་ཡོད།
ལས་གཞི་དེར་མ་དངུལ་བསྡོམས་འབོར་སྒོར་ཁྲི5817བཏང་ཡོད་ཅིང་། རྫོང་གི་བུན་འཛིན་མ་རྩ་ཁྲི1000གི་རྨང་གཞིའི་ཐོག་རྫོང་ནོར་སྲིད་ནས་མ་དངུལ་ཁྲི2955བསྡུས་ཡོད་ཀྱང་། ད་དུང་ཁྲི1862འདང་གི་མེད། ལས་གཞི་དེ་བསྐྲུན་ཐུབ་རྗེས་རྫོང་དེས་ས་ཁོངས་ཡོངས་ལ་གད་སྙིགས་མེད་པ་དང་ལི་ཐང་སྔར་ལས་མཛེས་སྡུག་ལྡན་པ་ཞེས་པའི་བྱེད་སྒོ་སྤེལ་བཞིན་ཡོད་པར་སྐུལ་སྤེལ་ཤུགས་ཆེན་ཐེབས་ཐུབ་པ་རེད།།