ཤར་གོང་ལའི་ཕུག་ལམ་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་ལས་བཞིན་པ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 07-28
བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་དུ་ཆགས་པའི་ཤར་གོང་ལའི་ཉག་ཁའི་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་5298ཡོདཅིང་། རི་ངོས་གཟར་ཞིང་། གནམ་གཤིས་སྡུག་པས། ལོ་ལྟར་གྱི་ཟླ་11པ་ནས་ཕྱི་ལོའི་ཟླ་5པའི་བར། ཤར་གོང་ལའི་ལམ་བུའི་ཐོག་གངས་ཆེན་པོ་བབས་ནས་ལམ་བཀག་པ་རེད།
2018ལོའི་ཟླ་10པར། རྒྱལ་ལམ་349ཡི་དཔལ་འབར་ནས་ལྷ་རི་བར་གྱི་དུམ་བུ་བསྐྱར་སྐྲུན་ལས་གྲྭ་སྐྲུན་འགོ་ཚུགས་པ་དང་། རྣམ་གྲངས་ཀྱི་ལམ་ཐིག་གཙོ་བོའི་རིང་ཚད་ལ་སྤྱི་ལེ་112.892ཟིན་ཞིང་། རིང་ཚད་སྤྱི་ལེ་4.3ཙམ་ཡོད་པའི་ཤར་གོང་ལའི་ཕུག་ལམ་ནི་དེའི་ཁྲོད་ཀྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་རེད། མིག་སྔར། ཤར་གོང་ལའི་ཕུག་ལམ་ལས་གྲྭ་འཛུགས་སྐྲུན་70%ལེགས་གྲུབ་ཟིན་པ་དང་། སྔོན་དཔག་བྱས་ན་2022ལོར་ལས་མཇུག་འགྲིལ་རྒྱུ་རེད།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1