གཙོ་ངོས།
གསར་འགྱུར།
རིག་གནས།
རྩོམ་རིག
སྒྱུ་རྩལ།
ཤེས་བྱ།
མི་སྣ།
དུས་དེབ།
བརྙན་འཕྲིན།
འཚོལ་བཤེར།
汉文网站
གཙོ་ངོས།
>>
སི་ཁྲོན་གསར་འགྱུར།
རྔ་བ་ཁུལ་ཏོག་གསར་གློ་ཚད་རིམས་ནད་མཁོ་བསྟུན་བཀོད་འདོམས་པུའུ་ཡི་སྤྱི་བསྒྲགས།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 08-03
རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས“ཕྱི་ནས་ནང་འདྲེན་དང་ནང་ནས་བསྐྱར་དུ་མི་འབྱུང་བ་སྔོན་འགོག”གི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་པོའི་བདེ་ཐང་ལ་སྲུང་སྐྱོང་བྱ་ཆེད། རང་ཁུལ་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་དེང་སྐབས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་པའི་འབྲེལ་ཡོད་དོན་ཚན་ཡོངས་བསྒྲགས་བྱས་པ་གཤམ་གསལ་ལྟར་རོ།།
གཅིག རང་ཁུལ་དུ་ཕྱི་རྒྱལ་དུ་ལྗོངས་སྐོར་ཞག་འདུག་དང་བཅའ་སྡོད་བྱས་མྱོང་མཁན་ཡོང་ན་ངེས་པར་དུ(14+7+7+7)གྱི་བདེ་ཐང་དོ་དམ་དང་ལེན་བྱེད་དགོས། ཅི་ཞིག་ལ(14+7+7+7)ཞེ་ན། ཁུལ་དུ་ལོག་སའི་འགག་སྒོ་རུ་གཅིག་སྡུད་ངང་ཉིན་14ལ་ལོགས་སུ་འཇོག་དགོས་པ། དེ་རྗེས་དམིགས་སའི་བཀོད་འདོམས་པུའུ་ཡིས་མི་དང་རླངས་འཁོར་ཆེད་གཏོང་བྱས་ཏེ་བསུ་སྐྱེལ་བྱེད་དགོས་པ། ཉིན་7རིང་གཅིག་སྡུད་བདེ་ཐང་ལྟ་ཞིབ་ཚད་ལེན་བྱེད་པ། ཉིན་7རིང་ཁྱིམ་དུ་བསྡད་ནས་བདེ་ཐང་ལྟ་ཞིབ་བྱེད་པ་བཅས་ལ་ཟེར་རོ།།
གཉིས། ཉེན་ཁ་ཆེ་བའི་ས་ཁུལ་དུ་ལྗོངས་སྐོར་ཞག་འདུག་དང་བཅའ་སྡོད་བྱེད་མྱོང་མཁན་ཕྱིར་ལོག་ན་ངེས་པར་དུ་རང་འགུལ་ངང་དམིགས་སའམ་ཡང་ན་གནས་སའི་སྡེ་ཁུལ(གྲོང་ཚོ་དང་ལས་ཁུངས། སྡེ་ཁུལ)དང་ས་གནས་དེ་གའི་རིམས་ནད་ཚོད་འཛིན་སྡེ་ཁག་ལ་ཡར་ཞུ་བྱས་ཏེ། གནས་སྤོའི་ལོ་རྒྱུས་དང་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ནས་ཉིན་14རིང་གི་ཁྱིམ་དུ་ལོགས་སུ་བཀར་ནས་འདུག་དགོས། ཁྱིམ་དུ་ལོགས་སུ་བཀར་ནས་འདུག་པའི་ཆ་རྐྱེན་མི་འཛོམས་ཚེ་གཅིག་སྡུད་ངང་ལོགས་སུ་འདུག་དགོས།
གསུམ། རིམས་ནད་བྱུང་སའི་རྫོང(གྲོང་ཁྱེར་དང་ཆུས)དུ་ལྗོངས་སྐོར་ཞག་སྡོད་དང་བཅའ་སྡོད་བྱེད་མྱོང་མཁན་གྱིས་ངེས་པར་དུ་རང་འགུལ་ངང་དམིགས་སའམ་ཡང་ན་གནས་སའི་སྡེ་ཁུལ(གྲོང་ཚོ་དང་ལས་ཁུངས)དང་ས་གནས་དེ་གའི་ནད་ཡམས་ཚོད་འཛིན་སྡེ་ཚན་ལ་ཡར་ཞུ་བྱས་ཏེ་ཆུ་ཚོད་48ནང་ཚུན་གྱི་ཉིང་སྐྱུར་ཞིབ་དཔྱད་སྲིབས་གཤིས་ཀྱི་སྙན་ཞུ་མཁོ་འདོན་བྱེད་དགོས། མཁོ་སྤྲོད་བྱ་མི་ཐུབ་མཁན་བྱུང་ན་མྱུར་དུ་ཉིང་སྐྱུར་ཞིབ་བཤེར་ཚད་ལེན་བྱ་དགོས། ཞིབ་དཔྱད་ཚད་ལེན་བྱས་འབྲས་སྲིབས་གཤིས་ཡིན་ན་སྡེ་ཁུལ་དོ་དམ་བྱེད་ཁོངས་སུ་བཅུག་ནས་རིམས་ནད་བྱུང་ས་ནས་གྱེས་ཏེ་ཉིན་14མ་ལོན་བར་དུ་བདེ་ཐང་ལྟ་ཞིབ་ཚད་ལེན་བྱེད་དགོས།
བཞི། ནད་རྟགས་གཏན་འཁེལ་དང་ནད་རྟགས་མེད་པའི་ནད་པ་དང་ནད་པར་འབྲེལ་གཏུག་དམ་ཟབ་བྱེད་མཁན་འགྲོ་འོངས་བྱེད་སར་སོང་མྱོང་མཁན་རང་ཁུལ་དུ་ལོག་ན་ངེས་པར་དུ་རང་འགུལ་ངང་དམིགས་སའམ་ཡང་ན་གནས་སའི་སྡེ་ཁུལ(གྲོང་ཚོའི་ཚོགས་ཆུང་དང་ལས་ཁུངས)དང་ས་གནས་དེ་གའི་རིམས་ནད་ཚོད་འཛིན་སྡེ་ཚན་ལ་ཡར་ཞུ་བྱེད་དགོས་པར་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་རིམས་མཆེད་ཁུངས་འདེད་དང་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས། ཉིན་14ལ་ཁྱིམ་དུ་ལོགས་སུ་བཀར་ནས་འདུག་དགོས། ཁྱིམ་དུ་ལོགས་སུ་བཀར་ནས་འདུག་པའི་ཆ་རྐྱེན་མི་འཛོམས་ཚེ་གཅིག་སྡུད་ངང་ལོགས་སུ་འཇོག་དགོས།
ལྔ། ཁུལ་དུ་ཕར་འགྲོ་ཚུར་འོང་གི་མི་ཚང་མས་ངེས་པར་དུ་སི་ཁྲོན་ཐེན་ཧྥུའུ་བདེ་ཐང་བགྲོད་ལམ་ཐོ་འགོད་བྱ་དགོས། སྤྱི་བའི་གནས་ཡུལ(རླངས་འཁོར་འབབ་ཚུགས་དང་གནམ་གྲུ་ཐང་། མགྲོན་ཁང་། དམངས་སྤྱོད་མགྲོན་ཁང་། མཛེས་ལྗོངས་ཁུལ། ཞིང་ལས་ཉོ་ཚོང་ཚོང་ར། སྒོ་རྩིས་ཚོང་ཁང། བཟའ་བཏུང་བྱ་ཡུལ། གློག་བརྙན་ཁང་། དྲ་ཁང་། རིག་གནས་ལུས་རྩལ་ཁང་། རོལ་རྩེད་བྱ་ཡུལ། ཚོང་ཁང་། སློབ་གྲྭ། སྨན་བཅོས་ལས་ཁུངས། ལས་ཁུངས་དང་ཁེ་ལས། སྡེ་ཚན། སྲིད་དོན་ཞབས་ཞུ་བྱ་ཡུལ། རྒན་གསོའི་ཕན་བདེའི་ལས་ཁུངས། དངུལ་ཁང་གི་འགན་བཅོལ་ཞབས་ཞུའི་ལས་ཁུངས། སྡེ་ཁུལ། གྲོང་ཚོ། དགོན་སྡེ་སོགས་དང་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་(གནམ་གྲུ་དང་འགྲུལ་སྐྱེལ་རླངས་འཁོར། གླ་གཏོང་རླངས་འཁོར། སྤྱི་སྤྱོད་རླངས་འཁོར། དྲ་ཐོག་རླངས་འཁོར་སོགས)ལ་སྡོད་སྐབས་ཚང་མས་ངེས་པར་དུ་ཁ་རས་བརྒྱབ་ནས་སི་ཁྲོན་ཐེན་ཧྥུའུ་བདེ་ཐང་བགྲོད་ལམ་ཐོ་འགོད་བྱ་དགོས། ཨང་རྟགས་དམར་པོ་བཀག་སྡོམ་དང་ཨང་རྟགས་སེར་པོ་ཚོད་འཛིན། ཨང་རྟགས་ལྗང་ཁུ་ཤར་བགྲོད་བྱེད་པ་ལྟར་ལག་བསྟར་བྱ་དགོས། ཨང་རྟགས་དམར་པོ་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་འགོག་སྲུང་དང་འགྲོ་སྐྱོད་བཀག་སྡོམ་བྱས་ཏེ་ས་གནས་དེ་རུ་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་དགོས་པར་མ་ཟད། མྱུར་དུ་གནས་སའི་སྡེ་ཁུལ་དང་རིམས་ནད་སྔོན་འགོག་ཚོད་འཛིན་སྡེ་ཚན་ལ་ཡར་ཞུ་བྱེད་དགོས་པ་དང་། བརྒྱུད་འདྲེན་དོ་དམ་བྱ་རྒྱུར་སྒུག་ནས་སྡེ་ཁུལ་དང་རིམས་ནད་སྔོན་འགོག་ཚོད་འཛིན་སྡེ་ཚན་ལ་སྙན་སེང་འབྱོར་རྗེས་མྱུར་འཕྲལ་དུ་ཁོངས་གཏོགས་ཀྱི་བཀོད་འདོམས་པུའུ་ལ་ཡར་ཞུ་བྱེད་དགོས། བཀོད་འདོམས་པུའུ་ཡིས་འཕྲལ་མར་ཉེ་འགྲམ་དུ་གཅིག་སྡུད་ངང་ལོགས་བཀར་བྱ་ཡུལ་དུ་བསྒྱུར་དགོས་པར་མ་ཟད། དེའི་ཐད་ཀྱི་ཞིབ་དཔྱད་ཚད་ལེན་དང་གསོ་རིག་ཐད་ཀྱི་རིམ་བཤེར་དང་རིམས་ནད་བརྟག་དཔྱད་སོགས་བདེ་ཐང་དོ་དམ་བྱེད་དགོས། ཨང་རྟགས་སེར་པོའི་མི་སྣས་འགོག་སྲུང་ཡག་པོ་བྱེད་པ་དང་ས་ཆ་དེ་རང་དུ་ལྟ་ཞིབ་བྱེད་པ། འཁོར་སྐྱོད་ལ་ཚོད་འཛིན་བཅས་བྱེད་དགོས་པར་མ་ཟད། འཕྲལ་དུ་གནས་སའི་སྡེ་ཁུལ་དང་རིམས་ནད་ཚོད་འཛིན་སྡེ་ཚན་ལ་ཡར་ཞུ་བྱས་ནས་སྡེ་ཁུལ་དང་རིམས་ནད་ཚོད་འཛིན་སྡེ་ཚན་གྱིས་སྙན་སེང་འབྱོར་རྗེས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དང་རིམ་བཤེར་དོ་དམ། བདེ་ཐང་ལྟ་ཞིབ་ཚད་ལེན་བཅས་བྱེད་དགོས་སོ།།
དྲུག སྤྱི་བའི་གནས་ཡུལ་དུ་ངེས་པར་དུ་གཙང་སྦྲ་དང་དུག་སེལ། རླུང་རྒྱུག་པ། ལས་སྒྲུབ་མི་སྣའི་བདེ་ཐང་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ནས་ནང་དུ་ཡོང་མཁན་ལ་ངེས་པར་དུ་གཟུགས་པོའི་དྲོད་ཚད་ཞིབ་དཔྱད་ཚད་ལེན་དང་ཨང་གསལ་ཨང་བཤེར། ཕན་ཚུན་འབྲེལ་འདྲིས་བྱེད་སྐབས་བར་ཐག་ངེས་ཅན་འཇོག་པ་རྒྱུན་འཁྱོངས་བྱེད་དགོས། མྱུར་སྐྱེལ་སྦྲག་སྲིད། མྱུར་སྐྱེལ། གཙང་སྦྲ། སྒོ་རྩིས་ཚོང་ཁང་། སྤྱི་པའི་འགྲིམ་འགྲུལ། མགྲོན་ཁང་། ཞིང་ཞོར་ཉོ་ཚོང་ཁྲོམ་ར་སོགས་ཀྱི་ལས་དོན་མི་སྣས་ངེས་པར་དུ་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ནས་སྔ་ཕྱི་དགོང་ལ་དྲོད་ཚད་འཇལ་བ་སོགས་ཀྱི་བདེ་ཐང་ལྟ་ཞིབ་ཚད་ལེན་བྱེད་པའི་ཉིན་རེའི་ཡར་ཞུའི་ལམ་ལུགས་ལག་བསྟར་བྱེད་དགོས།
བདུན། ཁུལ་ཡོངས་སུ་མང་ཚོགས་རང་བཞིན་གྱི་རྟེན་འབྲེལ་མཛད་སྒོ་དང་གཅིག་སྡུད་རང་བཞིན་གྱི་ཆོས་ལུགས་བྱེད་སྒོ། དམངས་སྲོལ་བྱེད་སྒོ། འགྲེམས་ཚོང་བྲིན་ཚོང་སོགས་ཀྱི་བྱེད་སྒོ་སྤེལ་མཚམས་འཇོག་རྒྱུ། ཁྱིམ་ཚང་ལྷན་འཛོམས་གསོལ་སྟོན་མི་10ལས་མི་བརྒལ་བ། གཉེན་སྟོན་ཕྱིར་འགྱངས་དང་གཤིན་ཆོས་སྟབས་བདེ་གཉེར་བ། གསོལ་སྟོན་མི་སྒྲུབ་པ་བཅས་བྱེད་དགོས།
བརྒྱད། ཁུལ་ཡོངས་ཀྱི་ཏང་སྲིད་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པས་ངེས་པར་དུ་ཚོགས་འདུ་དང་བྱེད་སྒོ་ཆེ་གྲས་ལ་ཚོད་འཛིན་ནན་པོ་བྱས་ནས་མི་འཚོག་པ་དང་མི་གཉེར་བ། ཡུལ་དངོས་སུ་གཞི་ཁྱོན་ཆེ་བའི་ཚོགས་འདུ་དང་གསོ་སྦྱོང་། ཞིབ་བསྡུར་གྲོས་མོལ། གླེང་སྟེགས། རིག་རྩལ་འཁྲབ་སྟོན། ལུས་རྩལ་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་རྩ་འཛུགས་བྱེད་མི་ཆོག
དགུ། གྲོང་སྡེའི་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ས་ཚིགས། སྒེར་གྱི་སྨན་བཅོས་ཁང་། སྒོ་བསྟེན་སྨན་བཅོས་ཁང་བཅས་སུ་ཚ་རྒྱག་པ་དང་སྐམ་ལུ་བྱེད་པ། ཤུགས་མེད་པ། མིད་པ་ན་བ། དྲི་ཚོར་ཉམས་པ་སོགས་གློ་ཚད་གསར་བའི་ནད་རྟགས་ཡོད་པའི་ནད་པར་སྨན་བཅོས་བྱེད་མི་ཆོག གལ་ཏེ་གོང་གི་ནད་རྟགས་ཡོད་པ་ཤེས་ཚེ་ངེས་པར་དུ་ས་ཆ་དེ་རང་དུ་བསྡད་ནས་བལྟ་བ་དང་ཡུལ་ཚོ་དང་གྲོང་སྡེའི་འཕྲོད་བསྟེན་ཁང་ངམ་ཡང་ན་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ལ་ཡར་ཞུ་བྱེད་དགོས་པ་དང་མཆེད་ནད་རིགས་པའི་བརྟག་ཐབས་དང་ནད་པའི་གཞི་རྩའི་ཆ་འཕྲིན་ཐོ་འགོད་ཡག་པོ་བྱེད་དགོས། རིམས་ནད་རིག་པའི་ལོ་རྒྱུས་ཡོད་མཁན་བྱུང་ན་ས་གནས་འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་དམིགས་འཛུགས་བྱས་པའི་སྒྲིག་གཞི་དང་120མྱུར་སྐྱོབ་རླངས་འཁོར་གྱིས་ཚ་བརྟག་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱེལ་དགོས།
བཅུ། ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ངེས་པར་དུ་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ནས་ཁ་རས་རྒྱག་པ་དང་ལག་པ་འཁྲུ་བ། རྒྱུན་དུ་རླུང་རྒྱུག་པ། བར་ཐག་གོམ་པ་གང་འཇོག་པ། སྤྱི་པའི་ཆེད་བཀོལ་ཐུར་མ་སྤྱོད་པ། རུབ་འདུས་མི་བྱེད་པ། འདུ་འཛོམས་མི་བྱེད་པ་སོགས་ཀྱི་གོམས་གཤིས་བཟང་པོ་འཇགས་པར་བྱས་ཏེ་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ནང་ཧུར་ཐག་ཞུགས་དགོས། གལ་ཏེ་གློ་ལུ་བ་དང་ཚ་བ་རྒྱས་པར་བྱེད་པ་སོགས་ཀྱི་ནད་རྟགས་བྱུང་ཚེ། ངེས་པར་དུ་ཁ་རས་བརྒྱབ་ནས་དུས་ལྟར་ཉེ་འགྲམ་གྱི་གཏན་འཁེལ་སྨན་ཁང་དུ་ཕྱིན་ནས་ཚ་བ་རྒྱག་པའི་སྒོ་བསྟེན་སྨན་ཁང་ངམ་ཡང་ན་སོ་ལྟའི་སྨན་བཅོས་ཁང་དུ་སོང་ནས་སྨན་བཅོས་བྱེད་དགོས།
བཅུ་གཅིག ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཁུངས་བཙན་སྒྲིག་གཞིས་ཁྱབ་བསྒྲགས་བྱས་པའི་ཉེན་ཁ་ཆེ་བའི་ས་ཁུལ་གྱི་ལེགས་སྒྲིག་ཆ་འཕྲིན་ལ་དུས་ཐོག་ཏུ་དོ་ཁུར་བྱས་ནས་ཉེན་ཁ་ཆེ་བའི་ས་ཁུལ་དུ་ལྗོངས་སྐོར་དང་འཁོར་ཞག་ལ་འགྲོ་བའམ་ཡང་ན་གཞུང་དོན་དུ་མི་སྐྱོད་པ་སོགས་བྱེད་དགོས། གནས་སྐབས་གཏན་འཁེལ་ནད་པ(ནད་རྟགས་མེད་པའི་ནད་པ)ཡོད་སར་འགྲོ་མི་རུང་།
བཅུ་གཉིས། ཁུལ་ཡོངས་ཀྱིས་ལོ་12ཡན་ལ་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་དགོས། ཆ་རྐྱེན་དང་འཚམས་ཡང་ཏོག་གསར་རིམས་ནད་རིམས་འགོག་སྨན་ཁབ་བརྒྱབ་མེད་མཁན་གྱིས་རང་འགུལ་དུ་སྔ་སེ་ནས་འགོག་ཁབ་རྒྱག་དགོས།
བཅུ་གསུམ། རང་ཁུལ་བརྒྱུད་ས་ཆ་གཞན་དུ་བསྐྱོད་མཁན་གྱིས་དམིགས་སའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱར་དུས་ཐོག་ཏུ་དོ་ཁུར་བྱེད་དགོས་པ་དང་གལ་ཏེ་ཉིང་སྐྱུར་ཞིབ་དཔྱད་བྱེད་དགོས་ཚེ་ཐག་ཉེ་སར་ས་གནས་དེ་གའི་འོས་བབ་ཐོབ་ཐང་ལྡན་པའི་སྒྲིག་གཞིར་ཉིང་སྐྱུར་ཞིབ་དཔྱད་བྱས་ནས་འཁེག་པ་དང་ལུས་པའི་གནས་ཚུལ་མི་ཐོན་པ་བྱེད་དགོས།
བཅུ་བཞི། རིམས་ནད་སྔོན་འགོག་ཚོད་འཛིན་ཐད་མི་ཚང་མར་འགན་འཁྲི་ཡོད། ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚང་མས་ངེས་པར་དུ་རིམ་པ་ཁག་གི་རིམས་ནད་མཁོ་བསྟུན་བཀོད་འདོམས་པུའུ་དང་གཞོགས་འདེགས་བྱས་ནས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་དགོས། རང་འགུལ་ངང་ཡར་ཞུ་མི་བྱེད་པའམ་ཡང་ན་རྐང་བཙུགས་ནས་གནས་ཚུལ་སྦ་གསང་བྱེད་མཁན་ལ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་གཏོང་དགོས།
བཅོ་ལྔ། སྤྱི་བསྒྲགས་འདི་དཔར་འགྲེམ་བྱས་ཉིན་ནས་ལག་བསྟར་བྱེད་དགོས།
རྔ་བ་ཁུལ་ཏོག་གསར་གློ་ཚད་རིམས་ནད་མཁོ་བསྟུན་བཀོད་འདོམས་པུའུ་ནས།
2021ལོའི་ཟླ་8ཚེས་1ཉིན།
རྩོམ་ཡིག་སྔོན་མ།
དཀར་མཛེས་ཁུལ་ཁམས་པའི་མཐོ་སྒང་རྩི་ཤིང་གླིང་གི་སྒོ་ཕྱེས་པ།
རྩོམ་ཡིག་རྗེས་མ།
ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་གཉིས་པ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ།
ཕུན་ཚོགས་མཛའ་འབྲེལ།
ཀྲུང་གོའི་བོད་ཀྱི་དྲ་བ།
ཀྲུང་གོའི་བོད་ལྗོངས་དྲ་བ།
ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཁམས་པའི་བརྙན་འཕྲིན།
ཁམས་པའི་དྲ་བ།
གུང་ཁྲན་ཏང་གི་གསར་འགྱུར་དྲ་བ།
སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
མཚོ་སྔོན་པོ་དྲ་བ།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་།
བོད་ཡིག་ཡིག་བསྒྱུར་ལྷུ་ལག
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།
蜀ICP备14009601号-1