ཡུས་ཧྲུའུ་ཡི་དུས་སྟོན་ཆེན་མོ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 08-05



        ཁ་སང་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པ་དང་ཁམས་པའི་རིགས་གནས་སྒྱུ་རྩལ་དུས་ཆེན་སྐབས12པའི་བྱ་འགུལ་མགོ་བརྩམས་རྗེས་ཀྱི་ཉིན་གསུམ་པ་རེད། ཉིན་དེའི་ལེ་ཚན་ལ《སྤྲོ་ཉམས་དོད་པའི་ཁམས་པ》ཟེར་ཞིང་། ཡུས་ཧྲུའུ་གྲོང་ཁྱེར་གྱི་བགྲོད་ལམ་གཙོ་བོར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྲོང་ཁྱེར་གཅིག་དང་རྫོང་ལྔ་ནས་ཡོང་བའི་ཁམས་པའི་ཕོ་སར་དང་སྨན་ཤར3000གིས་གྲུབ་པའི་རུ་སྟར་གྲུ་བཞི37གྱིས་ཡུས་ཧྲུའུ་ས་ཡོམ་རྗེས་ཤུལ་དྲན་གསོ་ཁང་ནས་མགོ་བརྩམས་ཏེ་དར་དམར་སློབ་ཆུང་བར་སྐོར་སྐྱོད་འཁྲབ་སྟོན་བྱས། ཡུས་ཧྲུའུ་ཁུལ་བཙུགས་ནས་ལོ་འཁོར70རིང་གི་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་ཡུས་ཧྲུའུ་ཡི་དམངས་སྲོལ་རིག་གནས་ཕུན་སུམ་ཚོགས་པོའི་སྒོ་ནས་མངོན་ཡོད།








དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1