དཀར་མཛེས་ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ལི་ཁང་ཉག་ཆུ་རྫོང་དུ་ཕེབས་ནས་གྲྭ་བཙུན་རྣམས་ལ་འཚམས་འདྲི་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-19


          སྤྱི་ཟླ་1པོའི་ཚེས་6ནས་ཚེས་8ཉིན་གྱི་བར། དཀར་མཛེས་ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ལི་ཁང་ཉག་ཆུ་རྫོང་གཙང་ཤུལ་དགོན་དང་ཇོ་མོ་དགོན་གཉིས་ལ་ཕྱིན་ནས་དགོན་པའི་གྲྭ་བཙུན་ལ་འཚམས་འདྲི་གནང་ཞིང་། དགོན་པ་གཉིས་ཀྱི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་གྲྭ་བཙུན་རྣམས་ཀྱིས་བཞུགས་མོལ་ཚོགས་འདུ་འཚོགས་ཡོད་ལ། ཁོང་ཚོར་སྲིད་ཇུས་ཁྱབ་བསྒྲགས་པ་དང་འབྲེལ་ཁ་བརྡ་མང་པོ་བྱས། དེ་མིན་ཁོང་ཚོའི་བསམ་འཆར་ལ་ཉན་པ་བཅས་བྱས་ཏེ། སེམས་ཐག་གཙང་བཅད་ཀྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ་དང་། ཏང་ཨུ་དང་སྲིད་གཞུང་གི་རེ་བ་སྟོང་ཟད་དུ་མི་གཏོང་བར་བྱ་དགོས་ཞེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1