དཀར་མཛེས་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-17


        མཛེས་ལྗོངས་སུ་གོམ་འགྲོས་བྱེད་པའི་སྐབས་སུ་མཛེས་རྩལ་མཁན་པོའི་སོན་རྩེ་ནས་ཐོན་པའི་སྒྱུ་རྩལ་རི་མོའི་ཁྲོད་དུ་འགྲོ་སྣང་འཆར་བ་ནི་རང་ཁུལ་དུ་འཚོ་གནས་བྱེད་བཞིན་པའི་གཞིས་མི་ཚོའི་མྱོང་ཚོར་རེད། ཉེ་བའི་ལོ་ཤས་རིང་རང་ཁུལ་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱ་རྒྱུའི་དམིགས་ཡུལ་ཚད་དཔོག་ལ་དམིགས་ནས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་བྱས་ཏེ། སྐྱེ་ཁམས་ཐོན་ཁུངས་ཀྱི་ཁྱད་འཕགས་འདོན་སྤེལ་གང་ལེགས་བྱས་ནས་ནུས་ཤུགས་ཡོད་རྒུས་སི་ཁྲོན་ནུབ་བྱང་དང་དེ་བཞིན་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་དཔེ་སྟོན་མཐོ་སྒང་འཛུགས་སྐྱོང་བྱས་དང་བྱེད་བཞིན་ཡོད་པ་རེད།

        དེང་སང་རང་ཁུལ་གྱི་རི་ཀླུང་མཛེས་ཤིང་ལྟ་ན་སྡུག་པའི་རྣམ་པ་གསར་པ་བཏོད་དེ་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་སྤྱི་ལེ་ངོས་གྲུ་བཞི་མ་ཁྲི6.97དང་། རང་བྱུང་སྲུང་སྐྱོང་ཁུལ83གྱི་གཞི་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ་ཁྲི5.54ལ་ཟིན་པ་དང་། བཅའ་ཁྲིམས་ལྟར་རྒྱུན་རྣམ་དོ་དམ་སྲུང་སྐྱོང་བྱས་པའི་ནགས་ཚལ་ཐོན་ཁུངས་མུའུ་ཁྲི9578 རང་བྱུང་རྩྭ་ཐང་མུའུ་དུང་ཕྱུར1.42བཅས་གཏན་འཁེལ་བྱས་པ་དེ་དག་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། ནགས་ཚལ་ཁྱབ་ཚད་བརྒྱ་ཆ35.02དང་རྩྭ་ཐང་སྔོ་ཁེབས་ཁྱབ་ཚད་བརྒྱ་ཆ84.70ལ་ཟིན་པ། དེང་རབས་འཛུགས་སྐྲུན་གྱི་རྒྱུ་ཆའི་སྲོལ་རྒྱུན་ཤིང་ཁང་ཚབ་བྱས་ནས་སྐྲུན་མཁན་གྱི་དུད་ཚང3478ལ་ཟིན་པརེད།

 

ཨ་ཙི།ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་བཞི་རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱས།

 སྔོན་པོ་གཡུ་ཡི་གོས་བཟང་གིས་བཀླུབས་པའི་མི་རྒོད་མཚོ།

        བྱེད་ཐབས་གསར་གཏོད་བྱས་ནས་ཁྱད་ཆོས་ཀྱི་འཕེལ་རྒྱས་ཐབས་ལམ་སྤྱོད་གོ་ཆོད་པ་བྱས། 

        སྤྱི་ཟླ་དང་པོའི་ཚེས14ཉིན། ནགས་ཁུལ་དུ་སྐྱོད་སྐབས་མེ་འཁྱེར་མི་ཆོག གལ་སྲིད་མེ་ཆ་དང་མེའི་འབྱུང་ཁུངས་ཡོད་ཚེ་ཚང་མ་ཡར་བསྡུ་དགོས་ཞེས་པ་དེས་འབའ་ཐང་རྫོང་མུ་གཏོར་ཡུལ་ཤོག་གསུམ་ལུང་ཤུལ་གྲོང་སྡེའི་ནགས་སྲུང་མེ་ཟོན་ས་ཚུགས་ཀྱི་ལས་སྒྲུབ་མི་སྣ་ཁྲེན་ཞིན་ཡུས་དང་གྲོང་སྡེའི་ནགས་སྲུང་པས་བསྐོར་བསྐྱོད་བྱེད་བཞིན་མཆིས། ལོ་གསར་པའི་ནང་སླར་ཡང་ནགས་ཚལ་དང་རྩྭ་ཐང་གི་མེ་ཉེན་ཆེ་བའི་དུས་སུ་སླེབས་སྐབས། རང་ཁུལ་གྱིས་རིམ་པ་བཞིན་ལྐོག་བཅར་ལྟ་སྐུལ་མཛུབ་ཁྲིད་དང་། མེའི་འབྱུང་ཁུངས་དོ་དམ་ཚོད་འཛིན་ནན་པོ། མེ་གསོད་སྔོན་འགོག་ཤེས་བྱ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བཅོས་སྒྲིག་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་རེད།

ཨ་ཙི།ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་བཞི་རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱས།

 རྫ་འདབས་གསོམ་ཤིང་གིས་ཁེངས་པའི་འབའ་ཐང་རྫོང་གི་མཚོ་ཕུ་ལུང་།

        2018ལོ་ནས་བཟུང་། རང་ཁུལ་གྱིས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ཚད་དཔོག་ལ་གཞི་ཚུགས་པ་དང་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མཐོང་ཆེན་བླ་ན་མེད་པར་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་མགོ་ཚུགས་ཡོད། ཁུལ་ཨུའི་ཧྲུའུ་ཅི་དང་ཁུལ་དཔོན“ཚོགས་ཆུང་གི་མགོ་འཛིན་གཉིས”ཀྱི་འགན་བཞེས་པའི་གསར་གཏོད་ལས་དོན་མགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་ཁྱོན་ཡོངས་ནས་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་དང་བྱེད་བཞིན་ཡོད་པ་རེད།

ཨ་ཙི།ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་བཞི་རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱས།

 མཐོ་སྒང་གི་མུ་ཏིག་བྲག་མགོའི་མཁར་གསུམ་མཚོ།

        རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་གསར་གཏོད་བྱས་པའི་བརྒྱུད་རིམ་ཁྲོད། རང་ཁུལ་གྱིས་ལམ་སྲོལ་གསར་གཏོད་ལ་མཐོང་ཆེན་བྱས་ཏེ་ཚད་གཞི་མཐོ་བའི་འཆར་འགོད་དང་ཚད་གཞི་མཐོ་བའི་བླང་བྱ་ལྟར་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་གཏན་འབེབས་དང་ལག་བསྟར་བྱས་ཡོད། 《དཀར་མཛེས་ཁུལ་གྱི་ལྗང་མདོག་དམིགས་ཚད་དང་སྐྱེ་ཁམས་དཔལ་ཡོན་དཔྱད་ཞིབ་ཀྱི་དམིགས་ཚད་མ་ལག》དང་།《དཀར་མཛེས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དམིགས་ཚད་གདེང་འཇོག་དཔྱད་ཞིབ་བྱེད་ཐབས》《དཀར་མཛེས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་ཏང་སྲིད་ཀྱིས་ལས་གནས་གཅིག་ལ་འགན་འཁྲི་གཉིས་འཁུར་གྱི་དཔྱད་ཞིབ་བྱེད་ཐབས》《དཀར་མཛེས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་ལས་ཀའི་འགན་འཁྲི་བདའ་འདེད་བྱེད་ཐབས》སོགས་སྲིད་ཇུས་ཡིག་ཆ13བཏོན་ཡོད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལས་ཀའི་ཏང་སྲིད་ཀྱི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་བྱེད་པའི་ཁྲོད་ཀྱི་བསྡུར་ཚད་ཆེ་རུ་བཏང་སྟེ། བཅོས་བསྒྱུར་ཀྱི་ཉམས་མྱོང་འཚོལ་ཞིབ་ཧུར་ཐག་དང་གསོག་འཇོག་བྱས་ཡོད།

ཨ་ཙི།ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་བཞི་རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱས།

 དགེ་བསྙེན་མཚེའུ།

        2019ལོར་འདབ་པ་རྫོང་ནི་རྒྱལ་ཁབ་ཀྱི་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་གསར་གཏོད་རྟེན་གཞིའི་འཛུགས་སྐྲུན་ལེགས་སུ་ནས་རྔ་བ་ཁུལ་གྱི་གཟི་ཚ་སྡེ་དགུ་རྫོང་དང་པ་ཀྲུང་གྲོང་ཁྱེར་ཨེན་དབྱང་ཆུས་ཀྱི་རྗེས་སུ་ཞིང་ཆེན་ཡོངས་སུ་མཚན་སྙན་འདི་ཡོད་མཁན་གྱི་རྫོང་ཨང་གསུམ་པར་གྱུར་ཡོད། 2020ལོར་ལྕགས་ཟམ་རྫོང་གིས་རྒྱལ་ཁབ་ཀྱི་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་ལག་ལེན་རྟེན་གཞི་གསར་སྐྲུན་བྱས་ནས་རྒྱལ་ཁབ་ཀྱི་ཡུལ་དངོས་སུ་ཞིབ་བཤེར་རྩིས་ལེན་བྱས་ནས་ཚད་མཐུན་བྱུང་བ་རེད།

ཨ་ཙི།ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་བཞི་རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱས།

 འདམ་རའི་གླིང་ག།

        Aརིམ་པའི་མཛེས་ལྗོངས་ཁུལ་གྱི“ལོ་ལྔའི་འཆར་འགོད་བཅུ་གཉིས་པའི”དུས་མཇུག་གི4ནས“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་མཇུག་ལ81གི་ཐོག་འཕར་ནས་བསྡོམས་འབོར་དེ་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད་པ་རེད། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ1དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ3 ཞིང་ཆེན་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ2 ས་གཤིན་ཐོན་རྫས་བཟང་པོའི་ཡུལ་སྐོར་གྲགས་ཅན་རྫོང2བཅས་འཛུགས་སྐྱོང་བྱས་ཡོད་པ་རེད། ཞིང་ཆེན་རིམ་པའི་ཁམས་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་ལ་ཆོག་མཆན་ཐོབ་ནས་ཁུལ་རིམ་པའི་རིག་གནས་ཐོན་ལས་གླིང་ཁུལ་4བཙུགས་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1