སི་ཁྲོན་ཞིང་ཆེན་རྔ་བ་རྫོང་གི་མཛོད་ཁོག་ཕྱུགས་རའི་འབྲོག་པ་ཚོས་ཁྱིམ་ནང་དུ་བརྙན་འཕྲིན་ལེ་ཚན་ལ་ལྟ་བཞིན་པ།
ཉེ་ཆར། ཆོས་རྗེ་མ་ཡུལ་ཤོག་ནི་རྔ་བ་རྫོང་གི་ཆེས་ཐག་རིང་བའི་ཡུལ་ཤོག་ཅིག་ཡིན། ཀན་སུའུ་དང་མཚོ་སྔོན་གྱི་ས་མཚམས་སུ་གནས་ཡོད་ལ། དཔེ་མཚོན་རང་བཞིན་ཅན་གྱི་གློག་མེད་ཁུལ་ཡང་ཡིན། ཞིང་འབྲོག་མང་ཚོགས་ཀྱིས་གློག་བེད་སྤྱོད་བྱ་མི་ཐུབ་པའི་གནད་དོན་སེལ་ཆེད། ཆོས་རྗེ་མ་ཡུལ་ཤོག་གི་ལས་གཞིའི་རྣམ་གྲངས་ཐད་མ་དངུལ་སྒོར་ཁྲི་7500ལྷག་བཏང་ནས། ཁྱིམ་ཚང་396གིས་གློག་བེད་སྤྱོད་ཐུབ་པ་བྱས་ཡོད། གློག་ཤུགས་སྤྱི་གཉེར་ཁང་གི་ལས་བཟོ་བ་ཞིག་གིས་གསར་འགོད་པར་ལས་གཞི་འདིའི་མ་དངུལ་མཐོ་ལ་ལས་ཚེགས་ཆེ་བ། དེ་བཞིན་ཁེ་ཕན་ཡང་ཆུང་བ་ཞིག་ཡིན་མོད། འོན་ཀྱང་བོད་ཁུལ་མི་དམངས་ཀྱིས་གློག་བེད་སྤྱོད་བྱ་ཐུབ་པའི་ཆེད་དཀའ་ངལ་ཁྱད་དུ་བསད་ཡོད་ལ། ཞིང་འབྲོག་མང་ཚོགས་ཀྱིས་བཅོས་བསྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་ལ་མཉམ་རོལ་ཡང་བྱ་ཆོག་ཅེས་བཤད། །