ཀྲུང་ཧྭའི་དབང་རྩའི་སྐྱུར་སྡོང་(སྒོག་རིལ་འབྲས་བུ)ནི་ཤིང་ལྕགས་སྔོན་ཚན་ཁག་གི་ཀྲུང་ཧྭའི་དབང་རྩའི་སྐྱུར་སྡོང་(སྒོག་རིལ་འབྲས་བུ)གི་ཁོངས་སུ་གཏོགས། རང་རྒྱལ་ལ་དམིགས་བསལ་དུ་ཡོད་པའི་སྟོངས་ལ་ཉེ་ཞིང་དཀོན་པའི་རྩི་ཤིང་ཞིག་ཡིན། འཛམ་གླིང་གི་ཁྱབ་ཁོངས་ནས་ཆ་ན། ཀྲུང་ཧྭའི་དབང་རྩའི་སྐྱུར་ཤིང་(སྒོག་རིལ་འབྲས་བུ་)ཐོན་པ་མང་བ་ནི་ཀོང་ནན་ཡུལ་དུ་ཡིན། ཀོང་ནན་རྫོང་གི་མངའ་ཁོངས་ནང་བྲང་ཞེང་CM5ཡན་གྱི་རི་སྐྱེས་ཀྲུང་ཧྭའི་དབང་རྩའི་སྐྱུར་སྡོང་(སྒོག་རིལ་འབྲས་བུ)ཁྱབ་ཚུལ་སྡོང་རྐང་38215ཡན་ཟིན་པ་དང་། གསར་དུ་བཏབ་པའི་མུའུ་ཁྲི་2.4ལེགས་གྲུབ་ཟིན་པ། རི་སྐྱེས་ཀྲུང་ཧྭ་དབང་རྩ་སྐྱུར་སྡོང་(སྒོག་རིལ་ཤིང་འབྲས་)ལོ་རེར་ཆ་སྙོམས་ཤིང་འབྲས་སོས་པའི་ཐོན་ཚད་ཏུན་80ལྷག་ཙམ་ཟིན་ཡོད། 2017ལོར་ཀོང་ནན་རྫོང་དེ་ཡུན་ནན་ཞིང་ཆེན་ནགས་ཚལ་ཅུས་ཀྱིས་ཞིང་ཆེན་རིམ་པའི་ཀྲུང་ཧྭ་དབང་རྩའི་སྐྱུར་སྡོང་(སྒོག་རིལ་འབྲས་བུ་)གི་ནགས་ཤིང་སོན་རྒྱུའི་ཐོན་ཁུངས་བང་མཛོད་དུ་བརྩིས་ཡོད་པ་དེ་ནི་ཞིང་ཆེན་ཡོངས་ཀྱི་ཀྲུང་ཧྭ་དབང་རྩའི་སྐྱུར་སྡོང་(སྒོག་རིལ་འབྲས་བུ)སོན་རྒྱུའི་ཐོན་ཁུངས་བང་མཛོད་ནང་གི་རྫོང་དང་ཆུས་འབའ་ཞིག་དེ་ཡིན་ལ། དེས་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་ཆེད་“ཀོང་ནན་གཅིག་པུའི་”ལེགས་སྐྱེས་ཕུལ་ཡོད།
ཀོང་ནན་རྫོང་གིས་རི་སྐྱེས་ཀྲུང་ཧྭའི་དབང་རྩའི་སྐྱུར་སྡོང་(སྒོག་རིལ་འབྲས་བུ)སྲུང་སྐྱོབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་ཆབས་ཅིག་ཚན་རྩལ་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཀྱང་ཆེ་རུ་ཧུར་ཐག་བཏང་ནས་རྒྱུན་ཆད་མེད་པར་འབད་བརྩོན་བྱས་པ་བརྒྱུད་ཀྲུང་ཧྭའི་དབང་རྩའི་སྐྱུར་སྡོང་(སྒོག་རིལ་འབྲས་བུ)མིའི་ཐབས་ཀྱིས་འདེབས་མི་ཐུབ་པའི་“ལྷ་སྒྲུང་”གཏོར་ནས་གཞི་ཁྱོན་ཅན་གྱི་མིའི་ཐབས་ཀྱིས་འདེབས་འཛུགས་ཐུབ་པ་བྱུང་བ་མ་ཟད། ཀྲུང་ཧྭའི་དབང་རྩའི་སྐྱུར་སྡོང་(སྒོག་རིལ་འབྲས་བུ)སྲུང་སྐྱོབ་དང་། ས་བོན་འཐུ་ལེན། ནགས་བཟོའི་ལག་རྩལ།ཐོན་རྫས་ཞིབ་འཇུག་གསར་སྤེལ་སོགས་ཀྱི་ཐད་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་རྩི་ཤིང་སྟེ་ཀྲུང་ཧྭ་དབང་རྩའི་སྐྱུར་སྡོང་(སྒོག་རིལ་འབྲས་བུ)ཀོང་ནན་གྱི་ལེགས་ཆ་ལྡན་པའི་ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་སུ་གྱུར་བ་དང་མི་དམངས་མང་ཚོགས་ཀྱི་“དངུལ་ལེན་ཤིང་སྡོང་”དུ་འགྱུར་བ་བྱས་པ་དང་། གྲོང་གསེབ་དར་རྒྱས་ལ་རོགས་རམ་བྱེད་པའི་རྫོགས་མཐའ་མེད་པའི་སྒུལ་ཤུགས་སུ་འགྱུར་བ་བྱས་ཡོད།
ཀྲུང་ཧྭའི་དབང་རྩའི་སྐྱུར་སྡོང་(སྒོག་རིལ་འབྲས་བུ)ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་རྩི་ཤིང་གྲལ་ཡིན་ཞིང་། དེར་སྨན་སྤྱོད་རིན་ཐང་དང་། སྐྱེ་ཁམས་རིན་ཐང་། དཔལ་འབྱོར་རིན་ཐང་བཅས་ཧ་ཅང་ཆེན་པོ་ལྡན་པ་མ་ཟད། དེར་ལྡན་པའི་དབང་རྩའི་སྐྱུར་ནི་མིའི་རིགས་ཀྱི་དབང་རྩའི་འཚོ་བཅུད་དང་སླར་གསོ་ལ་རམ་འདེགས་ཐུབ་ནུས་ལྡན་པ་ཞིག་ཡིན། ཀོང་ནན་ཀྲུང་ཧྭའི་དབང་རྩའི་སྐྱུར་སྡོང་(སྒོག་རིལ་འབྲས་བུ)ལ་དབང་རྩའི་སྐྱུར་འདུས་ཚད་62.27%ཟིན་པ་དེ་ནི་རྩི་ཤིང་གཞན་དག་གི་དབང་རྩའི་སྐྱུར་འདུས་ཚད་ཀྱི་ལྡབ་15ཡིན་པ་དང་རྩི་ཤིང་ཁྲོད་དབང་རྩའི་སྐྱུར་འདུས་ཚད་ཀྱི་ཨང་དང་པོ་ཡིན། རྒྱབ་ལྗོངས་དེ་འདྲའི་འོག་ཀྲུང་ཧྭ་དབང་རྩའི་སྐྱུར་སྡོང་(སྒོག་རིལ་འབྲས་བུ)ཡང་ཀོང་ནན་མང་ཚོགས་ཀྱི་“ཕྱུག་འགྱུར་ཤིང་སྡོང”ལྟ་བུར་གྱུར་ནས་རིན་གོང་ཡག་ཤོས་ཀྱི་སྐབས་སུ་ཤིང་འབྲས་གསར་བ་ཉོ་སྒྲུབ་བྱེད་པའི་རིན་གོང་རྒྱ་མ་རེར་སྒོར་25ཟིན་གྱི་ཡོད།